ད་ལྟ་གཟིགས་བཞིན་པ། > མདུན་ངོས། > གསར་འགྱུར། > གསར་འགྱུར་གལ་ཆེན།

མཚོ་སྔོན་ཞིང་ཆེན་གྱི་དྲ་རྒྱའི་བདེ་འཇགས་དང་ཆ་འཕྲིན་ཅན་བྱ་བའི་གྲོས་ཚོགས་ཟི་ལིང་ནས་ཚོགས།

སྤེལ་དུས། 2018-07-12 09:09:33   ཡོང་ཁུངས། མཚོ་སྔོན་གསར་འགྱུར་དྲ་བ།   རྡེབ་ཚད།    ནང་དོན་འདི་སྤེལ་མཁན། རིན་ཆེན་མཚོ།

མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་དྲ་རྒྱའི་བདེ་འཇགས་དང་ཆ་འཕྲིན་ཅན་གྱི་བྱ་བའི་གྲོས་ཚོགས་ཟླ་བདུན་པའི་ཚེས་བཅུ་གཅིག་ཉིན་ཟི་ལིང་ནས་ཚོགས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཧྲིན་ཀྲང་ཝང་ཅན་ཅོན་གྲོས་ཚོགས་ལ་ཞུགས་ནས་གཏམ་བཤད། ཁོས་ནན་གྱིས་བསྟན་དོན། ཞི་ཅིན་ཕིང་གི་དྲ་རྒྱར་བརྟེན་ནས་རྒྱལ་ཁབ་སྟོབས་ལྡན་དུ་བསྒྱུར་བའི་འཐབ་ཇུས་དགོངས་པ་ལག་ལེན་མཐར་ཕྱིན་བྱས་ཏེ། དྲ་རྒྱའི་ཆ་འཕྲིན་བྱ་བ་ནི་ཆབ་སྲིད་ཀྱི་བྱ་བ་ཡིན་པས། ཆབ་སྲིད་གླེང་བའི་མཐོ་ཚད་ནས་ལྟ་ཚུལ་འཛིན་པ་དང་། དྲ་རྒྱའི་ཆ་འཕྲིན་བྱ་བ་སྔོན་ཐོན་གྱི་ཐོན་སྐྱེད་ནུས་པ་བསྒྱུར་བཅོས་བྱེད་པའི་བྱ་བ་ཡིན་པས། ཚན་རིག་གི་རྣམ་པའི་སྟེང་ནས་ལྟ་སྟངས་འཛིན་དགོས་ལ། དྲ་རྒྱའི་ཆ་འཕྲིན་བྱ་བ་ནི་རྒྱལ་ཁབ་བཅོས་སྐྱོང་དེང་རབས་ཅན་དུ་བསྒྱུར་བའི་བྱ་བ་ཡིན་པས། འགན་འཁྲི་འདུ་ཤེས་དང་ལོ་རྒྱུས་ཀྱི་འགན་འཁྲི་འདུ་ཤེས་ལ་བརྟེན་ནས་འགན་ཁུར་དགོས་པ་དང་། དྲ་རྒྱའི་ཆ་འཕྲིན་བྱ་བ་ནི་མང་ཚོགས་ཀྱི་བྱ་བ་ཡིན་པས། ཚད་ཆེས་ཆེ་བའི་སྒོ་ནས་མི་སེམས་གཅིག་ཏུ་སྒྲིལ་བའི་བསམ་ཚུལ་ལ་བརྟེན་ནས་བསྒྲུབ་དགོས། ཆབ་སྲིད་ལངས་གནས་མཐོར་འདེགས་གཏོང་བ་དང་། འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ། ཆ་འཕྲིན་ཅན་འཕེལ་རྒྱས་སུ་གཏོང་བའི་ལོ་རྒྱུས་ཀྱི་གོ་སྐབས་དམ་འཛིན་བྱེད་པ། ལྔ་བཞིའི་འཐབ་ཇུས་ལག་བསྟར་ནན་མོ་བྱེད་པ། མཚོ་སྔོན་གྱི་དྲ་འཕྲིན་བྱ་བ་སྔར་ལས་ལྷག་པའི་སྒོ་ནས་རྒྱལ་ཁབ་འཐབ་ཇུས་ཁྲོད་འདྲེས་པར་སྐུལ་འདེད་གཏོང་བ། དྲ་རྒྱར་བརྟེན་ནས་སྟོབས་ལྡན་ཞིང་ཆེན་འཛུགས་སྐྲུན་བྱས་ཏེ། དུས་མཉམ་གཅིག་དང་སྔར་ལས་ལྷག་པ་བཞི་མངོན་འགྱུར་བྱེད་པའི་ཐད་འགན་སྲུང་དང་འདེགས་སྐྱོར་བརྟན་པོ་འདོན་སྤྲོད་བྱེད་དགོས་ཟེར།

ཝང་ཅན་ཅོན་གྱིས་དུས་རབས་གསར་བའི་མཚོ་སྔོན་ཞིང་ཆེན་གྱི་དྲ་འཕྲིན་བྱ་བའི་མདུན་དུ་ལྷགས་པའི་གནས་བབ་གསར་བ་དང་ལས་འགན་གསར་བར་དབྱེ་ཞིབ་གཏིང་ཟབ་བྱས་པ་དང་། མིག་སྔར་དང་རྗེས་ཕྱོགས་ཀྱི་དུས་སྐབས་ཤིག་གི་ཞིང་ཆེན་ཡོངས་ཀྱི་དྲ་འཕྲིན་བྱ་བར་བཀོད་སྒྲིག་བཟང་བོ་བྱས། ཁོས་བསྟན་དོན། གཅིག་ནས་ལངས་གནས་སྔར་ལས་མཐོན་པོར་བརྟེན་ནས་དྲ་འཕྲིན་བྱ་བ་བཟང་བོར་བསྒྲུབ་པའི་དོན་སྙིན་གལ་ཆེན་ལ་ངོས་འཛིན་གང་ལེགས་བྱེད་པ་སྟེ། དྲ་རྒྱའི་བདེ་འཇགས་མེད་ན་ཆབ་སྲིད་ཀྱི་བདེ་འཇགས་ཡོད་མི་སྲིད་པ་དང་། ཆ་འཕྲིན་ཅན་མེད་ན་དེང་རབས་ཅན་ཡོད་མི་སྲིད་ལ། མཉམ་འབྲེལ་དྲ་རྒྱ་མེད་ན་འཚོ་བ་གསར་བ་ཡོད་མི་སྲིད་པས། ང་ཚོས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དྲ་འཕྲིན་བྱ་བའི་སྐོར་གྱི་བླང་བྱ་གལ་ཆེན་ལག་ལེན་མཐར་ཕྱིན་བྱེད་པ་དང་། གནས་བབ་ལ་ངོས་འཛིན་སྔར་ལས་གསལ་བོ་བྱེད་པ། འཕེལ་ཕྱོགས་དང་བསྟུན་པ། དྲ་འཕྲིན་སློབ་སྦྱོང་དང་དྲ་འཕྲིན་ལ་རྒྱུས་ལོན་བྱེད་པ་དང་། དྲ་འཕྲིན་བཀོལ་སྤྱོད་བྱེད་པ། དྲ་འཕྲིན་ལ་དོ་དམ་བྱས་ཏེ། རིམ་པ་སོ་སོའི་ཏང་རྩ་འཛུགས་དང་ལས་བྱེད་པ་ཡོད་ཚད་དྲ་འཕྲིན་བྱ་བའི་ཐད་ཀྱི་བརྩོན་འགྲུས་ཅན་བྱེད་དགོས། གཉིས་ནས་བྱེད་ཐབས་དངོས་ལ་བརྟེན་ནས་དྲ་ཐོག་གི་དྲང་ཕྱོགས་ཀྱི་དྲིལ་སྒྲོག་ལ་ཤུགས་སྣོན་དགོས། གསུམ་ནས་ཤེད་ཤུགས་སྔར་ལས་ཆེན་པོས་ཆ་འཕྲིན་ཅན་འཛུགས་སྐྲུན་གྱི་གོམ་སྟབས་ཇེ་མགྱོགས་སུ་གཏོང་དགོས། བཞི་ནས་འགན་འཁྲི་སྔར་ལས་བརྟན་པོས་ཏང་གིས་དྲ་འཕྲིན་བྱ་བའི་ཐད་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་དགོས་ཟེར།

མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ལིག་ཉིང་གིས་སྤྱི་སྡོམ་གཏམ་བཤད་ནང་བསྟན་དོན། ཧྲུའུ་ཅི་ཝང་ཅན་ཅོན་གྱི་གཏམ་བཤད་ཀྱི་འགོ་མཇུག་བར་གསུམ་དུ་དྲ་རྒྱས་རྒྱལ་ཁབ་སྟོབས་ལྡན་དུ་བསྒྱུར་བའི་འཐབ་ཇུས་དགོངས་པའི་ཁྱབ་པར་བྱས་ཡོད་ལ། མིག་སྔར་དང་རྗེས་ཕྱོགས་ཀྱི་དུས་སྐབས་ཤིག་གི་ཞིང་ཆེན་ཡོངས་ཀྱི་དྲ་འཕྲིན་བྱ་བའི་ཐད་ནས་བཀོད་སྒྲིག་ཞིབ་མོ་བྱས་པ་དང་། ཆབ་སྲིད་ཀྱི་ལངས་གནས་མཐོན་པོ་དང་དུས་རབས་ཀྱི་སྙིང་སྟོབས་མངོན་གསལ། མི་དམངས་བསམ་པའི་བརྩེ་སེམས་སྟུག་པོ། ཉེན་ཁའི་འདུ་ཤེས་དྲག་པོ། བྱ་བའི་ཁ་ཕྱོགས་གསལ་བོ་མཚོན་པར་བྱས་ཡོད། ཐེངས་འདིའི་གྲོས་ཚོགས་ཀྱི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་ན། ཞིང་ཆེན་ཡོངས་ཀྱི་དྲ་འཕྲིན་བྱ་བའི་མདུན་དུ་ལྷགས་པའི་གནས་བབ་གསར་བ་ཁོར་དུ་ཆུད་པར་བྱེད་པ་དང་དྲ་ཐོག་གི་དྲང་ཕྱོགས་ཀྱི་དྲིལ་སྒྲོག་ལ་ཤུགས་སྣོན་པ། དྲ་རྒྱའི་བདེ་འཇགས་ལྕགས་རི་བརྟན་པོ་འཛུགས་པ། ཆ་འཕྲིན་ཅན་འཛུགས་སྐྲུན་གྱི་གོམ་སྟབས་ཇེ་མགྱོགས་སུ་གཏོང་བ། ཏང་གིས་དྲ་འཕྲིན་བྱ་བའི་ཐད་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་པ་སོགས་ལས་འགན་གཙོ་བོ་དང་བྱ་བའི་བླང་བྱར་རྒྱུས་ལོན་ཡང་དག་བྱས་ཏེ། ལག་བསྟར་ལ་སྐུལ་འདེད་གཏོང་བའི་ཁྲོད་ནས་འགུལ་གྱིས་འཆར་འགོད་བྱེད་པ་དང་གསར་གཏོད་ཐོད་བརྒལ་བྱེད་པར་སྔར་ལས་དོ་སྣང་བྱེད་པ་དང་། ཆོས་ཉིད་འཚོལ་ཞིབ་དང་གོ་རིམ་ལྡན་པའི་སྒོ་ནས་བཅོས་སྐྱོང་བྱེད་པར་སྔར་ལས་དོ་སྣང་བྱེད་པ། གཅིག་གྱུར་མཐུན་སྦྱོར་དང་མཉམ་དུ་བྱ་བ་སྤེལ་བར་སྔར་ལས་དོ་སྣང་བྱེད་དགོས་ཟེར།

ཀྲང་ཞི་མེན་གྱིས་ཐེངས་འདིའི་གྲོས་ཚོགས་ཀྱི་དགོངས་དོན་ལག་བསྟར་བཟང་བོ་བྱེད་པའི་ཐད་ནས་བཀོད་སྒྲིག་ཞིབ་མོ་བྱས།

ཚོགས་ཐོག་ཏུ། མཚོ་སྔོན་ཞིང་ཆེན་དྲ་འཕྲིན་གཞུང་སྒྲུབ་ཁང་དང་ཞིང་ཆེན་སྤྱི་བདེ་ཐིན། ཞིང་ཆེན་དཔལ་འབྱོར་དང་ཆ་འཕྲིན་ཅན་ཨུ་ཡོན་ལྷན་ཁང་། ཞིང་ཆེན་འཕྲིན་གཏོང་དོ་དམ་ཅུའུ་། ཟི་ལིང་གྲོང་ཁྱེར་དང་རྨ་ལྷོ་ཁུལ་གྱི་འགན་ཁུར་བློ་མཐུན་བཅས་ཀྱིས་བརྗེ་རེས་གཏམ་བཤད་སྤེལ།

ཚོགས་ཐོག་ནས་རྒྱལ་ཡོངས་དྲ་རྒྱའི་བདེ་འཇགས་དང་ཆ་འཕྲིན་ཅན་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་སྒྲོག་བྱས་པ་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི«དྲ་རྒྱའི་བདེ་འཇགས་དང་ཆ་འཕྲིན་ཅན་བྱ་བར་ཤུགས་སྣོན་པའི་སྐོར་གྱི་ལག་བསྟར་གྲོས་གཞིའི»(བསམ་འཆར་བསྡུ་ལེན་འཆར་ཟིན)དང་། ཞིང་ཆེན་ཏང་ཨུའི«དུས་རབས་གསར་བར་དྲ་ཐོག་གི་མང་ཚོགས་ལམ་ཕྱོགས་སུ་བཟང་བོར་བསྐྱོད་པའི་གྲོས་གཞིའི»(བསར་འཆར་བསྡུ་ལེན་འཆར་ཟིན)གཉིས་ལ་ཞིབ་སྡུར་བྱས།

མགོན་པོ་བཀྲ་ཤིས་དང་ཐིན་ཅཱ་ཚེ། ཝང་ཡུས་པའོ། ཡུས་ཚོང་ལི། མཱ་ཝེ། ཉི་མ་སྒྲོལ་མ། ཝང་ཀྲིན་ཧྲིན། མཱ་ཧེ་ཡིན། ཁྲིན་མེན་གའོ། ཡིན་པད། ཚོའ་ཅུན་ཀྲང་བཅས་གྲོས་ཚོགས་ལ་ཞུགས།
 

མཉམ་སྤྱོད་བྱེད་གནས། 


ར་སྤྲོད་ཨང་།          མིང་མེད།    
མཛའ་འབྲེལ་ཨ་ལུང་།
ཀྲུང་གོ་བོད་ཀྱི་དྲ་བ།གུང་ཁྲན་ཏང་གི་དྲ་བ།བོད་ཀྱི་རིག་མཛོད།བོད་ཀྱི་སློབ་འབྲིང་།མཚོ་སྔོན་བོད་རིགས་དྲ་བ།ཁམས་པའི་དྲ་བ།ཞིང་ཆེན་མི་དམངས་སྲིད་གཞུང་།ཀྲུང་གོའི་བོད་སྐད་རླུང་འཕྲིན།བོད་ལྗོངས་འཕྲིན་དྲ།
ཁམས་པའི་བརྙན་འཕྲིན།ནོར་ནོར་བརྙན་འཕྲིན།ཡོངས་འཛིན་འཚོལ་བཤེར།