ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཁབ་ཀྱི་བྱས་རྗེས་གཟེངས་རྟགས་དང་རྒྱལ་ཁབ་ཀྱི་གཟི་བརྗིད་མཚན་སྙན་གནང་བའི་མཛད་སྒོ་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་གསེར་ལྡན་ཚོམས་ཆེན་ནས་གཟབ་རྒྱས་ངང་བསྡུས།
2019.09.30 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 2051

ཟླ་དགུ་བའི་ཚེས་ཉེར་དགུའི་ཉིན་གྱི་སྔ་དྲོར། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཁབ་ཀྱི་བྱས་རྗེས་གཟེངས་རྟགས་དང་རྒྱལ་ཁབ་ཀྱི་གཟི་བརྗིད་མཚན་སྙན་གནང་བའི་མཛད་སྒོ་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་གསེར་ལྡན་ཚོམས་ཆེན་ནས་གཟབ་རྒྱས་ངང་བསྡུས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྒྱལ་ཁབ་ཀྱི་བྱས་རྗེས་གཟེངས་རྟགས་དང་རྒྱལ་ཁབ་ཀྱི་གཟི་བརྗིད་མཚན་སྙན་ཐོབ་མཁན་ལ་གཟེངས་རྟགས་གནང་བར་མ་ཟད་གསུང་བཤད་གལ་ཆེན་གནང་། 

ཟླ་དགུ་བའི་ཚེས་ཉེར་དགུའི་ཉིན་གྱི་སྔ་དྲོར། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཁབ་ཀྱི་བྱས་རྗེས་གཟེངས་རྟགས་དང་རྒྱལ་ཁབ་ཀྱི་གཟི་བརྗིད་མཚན་སྙན་གནང་བའི་མཛད་སྒོ་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་གསེར་ལྡན་ཚོམས་ཆེན་ནས་གཟབ་རྒྱས་ངང་བསྡུས། ཀྲུང་གུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་རྒྱལ་ཁབ་ཀྱི་བྱས་རྗེས་གཟེངས་རྟགས་དང་རྒྱལ་ཁབ་ཀྱི་གཟི་བརྗིད་མཚན་སྙན་ཐོབ་མཁན་རྣམས་དང་མཉམ་དུ་ཚོགས་རར་ཕེབས། 

ཟླ་དགུ་བའི་ཚེས་ཉེར་དགུའི་ཉིན་གྱི་སྔ་དྲོར། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཁབ་ཀྱི་བྱས་རྗེས་གཟེངས་རྟགས་དང་རྒྱལ་ཁབ་ཀྱི་གཟི་བརྗིད་མཚན་སྙན་གནང་བའི་མཛད་སྒོ་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་གསེར་ལྡན་ཚོམས་ཆེན་ནས་གཟབ་རྒྱས་ངང་བསྡུས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྒྱལ་ཁབ་ཀྱི་བྱས་རྗེས་གཟེངས་རྟགས་དང་རྒྱལ་ཁབ་ཀྱི་གཟི་བརྗིད་མཚན་སྙན་ཐོབ་མཁན་ལ་གཟེངས་རྟགས་གནང་བར་མ་ཟད་གསུང་བཤད་གལ་ཆེན་གནང་། 

ཟླ་དགུ་བའི་ཚེས་ཉེར་དགུའི་ཉིན་གྱི་སྔ་དྲོར། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཁབ་ཀྱི་བྱས་རྗེས་གཟེངས་རྟགས་དང་རྒྱལ་ཁབ་ཀྱི་གཟི་བརྗིད་མཚན་སྙན་གནང་བའི་མཛད་སྒོ་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་གསེར་ལྡན་ཚོམས་ཆེན་ནས་གཟབ་རྒྱས་ངང་བསྡུས། ཞི་ཅིན་ཕིང་སོགས་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་པས་རྒྱལ་ཁབ་ཀྱི་བྱས་རྗེས་གཟེངས་རྟགས་དང་རྒྱལ་ཁབ་ཀྱི་གཟི་བརྗིད་མཚན་སྙན་ཐོབ་མཁན་རྣམས་དང་ལྷན་དུ་མཉམ་པར་བསྐྱོན།


ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཁབ་ཀྱི་བྱས་རྗེས་གཟེངས་རྟགས་དང་རྒྱལ་ཁབ་ཀྱི་གཟི་བརྗིད་མཚན་སྙན་གནང་བའི་མཛད་སྒོ་ཚེས་ཉེར་དགུ་ཉིན་གྱི་སྔ་དྲོར་མི་དམངས་ཚོགས་ཁང་ཆེན་མོའི་གསེར་ལྡན་ཚོམས་ཆེན་ནས་གཟབ་རྒྱས་ངང་བསྡུས།

ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྒྱལ་ཁབ་ཀྱི་བྱས་རྗེས་གཟེངས་རྟགས་དང་རྒྱལ་ཁབ་ཀྱི་གཟི་བརྗིད་མཚན་སྙན་ཐོབ་མཁན་ལ་གཟེངས་རྟགས་གནང་བར་མ་ཟད་གསུང་བཤད་གལ་ཆེན་གནང་། 

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། དཔའ་བོར་གུས་བཀུར་བྱས་ན་ད་གཟོད་དཔའ་བོ་འབྱུང་བ་དང་། དཔའ་བོ་བརྩོན་ལེན་བྱས་ན་ད་གཟོད་དཔའ་བོ་རིམ་པར་འབྱོན་ངེས། དཔའ་བོ་དཔེ་ལེགས་ཅན་རྣམས་ཀྱིས་རང་གི་སྦྱོར་བར་བརྟེན་ནས་རླབས་ཆེན་ནི་ཕལ་བ་ལས་བྱུང་བ་དང་། ཕལ་བ་ལས་རླབས་ཆེན་བསྐྲུན་པར་ཡང་བསྐྱར་བདེན་དཔང་བྱས་པ་རེད། ཉམས་པ་མེད་པའི་ཕུགས་བསམ་ཡིད་རྟོན་དང་ཞུམ་པ་མེད་པའི་འབད་འཐབ་སྙིང་སྟོབས་ཡོད་དེ་ཏན་ཏན་ཏིག་ཏིག་གིས་ཕལ་བའི་དོན་དག་རེ་རེ་བཟང་པོར་བསྒྲུབ་ཚེ། མི་ཕལ་བ་ཚང་མར་ཕལ་བ་མིན་མི་ཚེ་ཞིག་ཡོད་སྲིད་ལ། ཕལ་བའི་བྱ་བ་ཚང་མས་ཕལ་བ་མིན་པའི་གྲུབ་འབྲས་བསྐྲུན་སྲིད་ཟེར། 

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། རླབས་ཆེ་བའི་གྲུབ་འབྲས་ཡོད་ཚད་བསྟུད་མར་འབད་འཐབ་བྱས་པའི་འབྲས་བུ་ཡིན་ལ། རླབས་ཆེ་བའི་ལས་དོན་ཡོད་ཚད་མུ་མཐུད་སྔ་འཛིན་ཕྱི་གཏོད་ཀྱིས་སྤེལ་དགོས། དུས་རབས་གསར་པ་ནི་གྲུབ་འབྲས་ཆེན་པོ་བླངས་ཆོག་པའི་དུས་རབས་ཤིག་ཡིན་ངེས་པས། ཏང་ཡོངས་དང་རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ཀྱིས་དཔའ་བོ་དཔེ་ལེགས་ཅན་བཞིན་དུ་བརྟན་སྲུང་དང་འབད་འཐབ་བྱས་ཏེ། དུས་རབས་གསར་པའི་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བརྗིད་ཉམས་ཆེ་བའི་རྒྱལ་ཁའི་གླུ་དབྱངས་རྩོམ་དགོས་ཟེར། 

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན་ལིས་ཁི་ཆང་དང་ལིས་ཀྲན་ཧྲུའུ། ཝང་དབྱང་། ཀྲའོ་ལི་ཅི། ཧན་ཀྲིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཆི་ཧྲན་བཅས་བྱ་དགའ་གནང་བའི་མཛད་སྒོར་ཞུགས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན་ཝང་ཧུའུ་ཉིང་གིས་མཛད་སྒོར་འགོ་འཛིན་མཛད། 

 སྔ་དྲོའི་དུས་ཚོད་དགུ་ཡས་མས་སུ་རྒྱལ་ཁབ་ཀྱི་བྱས་རྗེས་གཟེངས་རྟགས་དང་རྒྱལ་ཁབ་ཀྱི་གཟི་བརྗིད་མཚན་སྙན་ཐོབ་མཁན་དག་མཉམ་དུ་མགྲོན་བསུ་རླངས་འཁོར་ལ་བསྡད་ནས། རྒྱལ་མགྲོན་སྐུ་སྲུང་རུ་དཔུང་གི་སྐྱེལ་མའི་ཁྲོད་དུ་མི་དམངས་ཚོགས་ཁང་ཆེན་མོར་ཐོན། ཏང་དང་རྒྱལ་ཁབ་ཀྱི་བྱས་རྗེས་མཚན་སྙན་གཟེངས་བསྟོད་ལས་དོན་ཨུ་ཡོན་ལྷན་ཁང་གི་བློ་མཐུན་རྣམས་ཀྱིས་མཉམ་དུ་ཁོང་ཚོ་ཕེབས་པར་བསུ་མ་བྱས། མི་དམངས་ཚོགས་ཁང་ཆེན་མོའི་གསེར་ལྡན་ཚོམས་ཆེན་དུ་རྔམ་བརྗིད་དང་དགའ་སྤྲོའི་རྣམ་པས་ཁེངས་ཡོད་ལ། རྒྱབ་རས་དམར་པོའི་ངོས་སུ་སྤྱི་མཐུན་རྒྱལ་ཁབ་ཀྱི་བྱས་རྗེས་གཟེངས་རྟགས་དང་མཛའ་བརྩེའི་གཟེངས་རྟགས། རྒྱལ་ཁབ་ཀྱི་གཟི་བརྗིད་མཚན་སྙན་གཟེངས་རྟགས་བཅས་ཀྱི་རི་མོར་བཀྲགས་མདངས་འཚེར་བཞིན་ཡོད།

དུས་ཚོད་དགུ་དང་སྐར་མ་ང་བརྒྱད་ཀྱི་སྟེང་དགའ་སྤྲོའི་རོལ་དབྱངས་དང་མཉམ་དུ་ཞི་ཅིན་ཕིང་རྒྱལ་ཁབ་ཀྱི་བྱས་རྗེས་གཟེངས་རྟགས་དང་རྒྱལ་ཁབ་ཀྱི་གཟི་བརྗིད་མཚན་སྙན་ཐོབ་རྣམས་དང་མཉམ་དུ་ཚོགས་རར་ཐོན་པ་དང་། ཚོགས་ར་ཡོངས་ཀྱི་ཚོགས་ཞུགས་མི་སྣ་རྣམས་ཡར་ལངས་ནས་དགའ་སྤྲོའི་ཐལ་མོ་བརྡེབས། 

དུས་ཚོད་བཅུའི་སྟེང་མཛད་སྒོ་དངོས་སུ་མགོ་བརྩམས། བཅིངས་འགྲོལ་དམག་གི་རོལ་དབྱངས་ཚོགས་པས་བློས་བླངས་དམག་གི་མདུན་སྐྱོད་གླུ་གཞས་དཀྲོལ་བ་དང་། ཚོགས་རའི་མི་ཡོངས་ཀྱིས་སྐད་གསང་མཐོན་པོས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་གླུ་བླངས། 

ཝང་ཧུའུ་ཉིང་གིས་ཞི་ཅིན་ཕིང་གིས་མཚན་བཀོད་པའི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞིའི་བཀའ་ཁྱབ་སྒྲོག་འདོན་བྱས། ཀྲུའུ་ཞིའི་བཀའ་ཁྱབ་ནང་བསྟན་དོན། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་འཁོར་བདུན་ཅུ་ལོན་པར་རྟེན་འབྲེལ་ཞུ་བ་དང་། ཀྲུང་གོ་གསར་བའི་འཛུགས་སྐྲུན་དང་འཕེལ་རྒྱས་ཐད་ལ་བྱས་རྗེས་ཕུལ་བྱུང་བཞག་པའི་བྱས་རྗེས་དཔེ་ལེགས་མི་སྣར་གཟེངས་བསྟོད་གཟབ་རྒྱས་བྱེད་པ། མི་རིགས་ཀྱི་སྙིང་སྟོབས་དང་དུས་རབས་ཀྱི་སྙིང་སྟོབས་དར་སྤེལ་བྱེད་བཅས་ཀྱི་ཆེད་དུ། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་གསུམ་པའི་གཏན་འཁེལ་གཞིར་བཟུང་ནས། ཡུས་མེན་སོགས་མི་བརྒྱད་ལ་སྤྱི་མཐུན་རྒྱལ་ཁབ་ཀྱི་བྱས་རྗེས་གཟེངས་རྟགས་གནང་རྒྱུ་དང་། ལའོ་ཨར-ཁ་སི་ཐི་ལའོ-ལུའུ་སི་སོགས་མི་དྲུག་ལ་མཛའ་བརྩེའི་རྟགས་མ་གནང་རྒྱུ། ཡེ་ཕེ་ཅན་སོགས་མི་ཉེར་བརྒྱད་ལ་རྒྱལ་ཁབ་ཀྱི་གཟི་བརྗིད་མཚན་སྙན་གནང་རྒྱུ་ཡིན་ཟེར།

མེས་རྒྱལ་ལ་བསྟོད་པ་ཞེས་པའི་རྔམ་བརྗིད་ལྡན་པའི་དགའ་སྤྲོའི་རོལ་དབྱངས་ཁྲོད་དུ་ཞི་ཅིན་ཕིང་གིས་རྒྱལ་ཁབ་ཀྱི་བྱས་རྗེས་གཟེངས་རྟགས་དང་རྒྱལ་ཁབ་ཀྱི་གཟི་བརྗིད་མཚན་སྙན་ཐོབ་མཁན་ལ་རེ་རེ་བཞིན་བྱ་དགའི་གཟེངས་རྟགས་གནང་།

སྤྲོ་སེམས་འཁོལ་བའི་ཐལ་མོ་རྡེབ་སྒྲའི་ཁྲོད་དུ་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་། ཁོང་གིས་ཐོག་མར་ཏང་ཀྲུང་དབྱང་དང་རྒྱལ་ཡོངས་དམངས་ཆེན། རྒྱལ་སྲིད་སྤྱི་ཁྱབ་ཁང་དང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་བཅས་ཀྱི་ཚབ་མཛད་ནས། སྤྱི་མཐུན་རྒྱལ་ཁབ་ཀྱི་བྱས་རྗེས་གཟེངས་རྟགས་དང་རྒྱལ་ཁབ་ཀྱི་གཟི་བརྗིད་མཚན་སྙན་ཐོབ་མཁན་གྱི་དཔའ་བོ་དཔེ་ལེགས་ཅནདང་། མཛའ་བརྩེའི་རྟགས་མ་ཐོབ་མཁན་གྱི་རྒྱལ་སྤྱིའི་གྲོགས་པོ་བཅས་ལ་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་དང་བླ་ན་མེད་པའི་གུས་འདུད་ཞུས།

ཞི་ཅིན་ཕིང་གིས་བསྟན་དོན། དེ་རིང་གི་རྒྱལ་ཁབ་ཀྱི་བྱས་རྗེས་གཟེངས་རྟགས་དང་རྒྱལ་ཁབ་ཀྱི་གཟི་བརྗིད་མཚན་སྙན་ཐོབ་མཁན་དག་ནི་ཏང་དང་མི་དམངས་ཀྱི་ལས་དོན་ཐད་ལ་བྱས་རྗེས་བཞག་པའི་ཕུལ་བྱུང་མི་སྣ་ཁྲི་མ་འབུམ་གྱི་འཐུས་ཚབ་པ་ཡིན། ཁོང་ཚོའི་ལུས་སྟེང་དུ་ཀྲུང་ཧྭ་མི་རིགས་ཀྱི་སྙིང་སྟོབས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་ལྟ་བ་མངོན་ཡོད་པས། ཁོ་ཚོའི་ལོ་རྒྱུས་དང་བྱས་རྗེས་ནམ་ཡང་སྤྱི་མཐུན་རྒྱལ་ཁབ་ཀྱི་ལོ་རྒྱུས་དེབ་ཐེར་དུ་འགོད་ངེས་ཟེར།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཏང་དང་རྒྱལ་ཁབ་ཀྱིས་ནམ་ཡིན་ཡང་དཔའ་བོ་དཔེ་ལེགས་ཅན་ལ་གཟེངས་བསྟོད་བྱེད་པར་ཧ་ཅང་མཐོང་ཆེན་བྱེད་བཞིན་ཡོད། དེ་རིང་ང་ཚོས་ཚད་གཞི་ཆེས་མཐོན་པོས་དཔའ་བོ་དཔེ་ལེགས་ཅན་ལ་གཟེངས་བསྟོད་བྱས་པ་ནི། ཁོང་ཚོའི་ལུས་སྟེང་དུ་མངོན་པའི་རྣམ་དག་དང་ཡར་བརྩོན། བབ་ཆགས་བཅས་ཀྱི་རང་གཤིས་མངོན་གསལ་དོད་པོ་དར་སྤེལ་བྱེད་པའི་ཆེད་དུ་ཡིན། དཔའ་བོ་དཔེ་ལེགས་ཅན་རྣམས་ཀྱིས་ཏང་དང་མི་དམངས་ཀྱི་ལས་དོན་ཆེད་དུ་འགྱུར་བ་མེད་པའི་དམ་བཅའ་དང་ཞུམ་པ་མེད་པའི་བརྩོན་སེམས་རྒྱུན་འཁྱོངས་བྱས་ལ། ཚང་མས་བྱ་བའི་ལས་གནས་ཕལ་བའི་སྟེང་ནས་ཧུར་བརྩོན་ཆེན་པོས་བྱས་རྗེས་བཞག་ཡོད། དེའི་ཁྲོད་དུ་བློ་མཐུན་མང་པོ་ནི་རང་གི་མིང་ངོ་མ་གསང་ནས་གནམ་ས་སྒུལ་བའི་དོན་དག་བསྒྲུབས་པའི་མིག་དཔེ་ཡིན་པ་དང་། རླབས་ཆེ་བའི་བདག་མེད་ཀྱི་བསམ་པ་མཚོན་ཡོད། གཟེངས་བསྟོད་ཐོབ་པའི་བློ་མཐུན་ཚོས་མཚན་སྙན་ལ་གཅེས་སྤྲས་དང་ཡང་འབད་བསྐྱར་འབད་བྱས་ཏེ། འགྱུར་བ་མེད་པའི་དད་མོས་དང་ཡིད་རྟོན། ཡིད་ཆེས་བཅས་ཀྱིས་མི་སྔར་ལས་མང་པོར་ཤན་ཤུགས་ཐེབས་སུ་འཇུག་རྒྱུ་ནི་རེ་བ་ཡིན། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་དཔའ་བོ་དཔེ་ལེགས་ཅན་ལ་སེམས་ཁུར་དང་གཅེས་སྐྱོང་བྱས་ཏེ། སྤྱི་ཚོགས་ཡོངས་ཀྱིས་དཔའ་བོར་གུས་བཀུར་དང་དཔའ་བོར་སློབ་སྦྱོང་བྱས་ནས། སྦྱོར་བ་དངོས་ལས་བརྒྱ་ལོ་གཉིས་ཀྱི་འབད་འཐབ་དམིགས་འབེན་མངོན་འགྱུར་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པར་བྱས་རྗེས་དང་སྟོབས་ཤུགས་འབུལ་བར་སྐུལ་འདེད་གཏོང་དགོས་ཟེར། 

ཞི་ཅིན་ཕིང་གིས་བསྟན་དོན། དེ་རིང་གཟེངས་བསྟོད་ཐོབ་མཁན་ལ་ད་རུང་དུས་ཡུན་རིང་བོར་ང་ཚོར་རྒྱབ་སྐྱོར་དང་རོགས་རམ་བྱས་པའི་ཀྲུང་གོ་མི་དམངས་ཀྱི་གྲོགས་པོ་རྙིང་བ་དང་གྲོགས་པོ་བཟང་བོ་ཡོད་པས། ང་ཚོ་ཚང་མས་ཁོང་ཚོས་ཀྲུང་གོའི་འཕེལ་རྒྱས་ཐད་ལ་བྱས་རྗེས་བཞག་པར་སྙིང་ཐག་པ་ནས་བཀའ་དྲིན་ཞུས་པ་ཡིན། ཀྲུང་གོ་མི་དམངས་ཀྱིས་འཛམ་གླིང་གི་རྒྱལ་ཁབ་སོ་སོའི་མི་དམངས་དང་མཉམ་དུ་མིའི་རིགས་ཀྱི་ལས་སྐལ་གཞི་གཅིག་ཅན་མཉམ་བསྐྲུན་བྱས་ཏེ། ང་ཚོ་གནས་སའི་འཇིག་རྟེན་འདི་སྔར་ལས་མཛེས་སྡུག་ལྡན་པ་ཞིག་ཏུ་བསྐྲུན་འདོད་ཡོད་ཟེར།

པེ་ཅིན་དུ་ཡོད་པའི་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན་དང་། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་ཁ་ཤས། རྒྱལ་སྲིད་ཨུ་ཡོན། ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་དང་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན་པོ། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཁ་ཤས། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་བཅས་བྱ་དགའ་གནང་བའི་མཛད་སྒོར་ཞུགས།