ཞི་ཅིན་ཕིང་གིས་ཕ་ཁི་སི་ཐན་གྱི་ཙུང་ལི་དབྱི་མུའུ་ལན་ཧན་ལ་མཇལ་འཕྲད་གནང་།
2019.10.10 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 5

ཟླ་བཅུ་བའི་ཚེས་དགུ་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཏའོ་ཡུས་ཐེ་རྒྱལ་མགྲོན་ཁང་དུ་ཕ་ཁི་སི་ཐན་གྱི་ཙུང་ལི་དབྱི་མུའུ་ལན་ཧན་ལ་མཇལ་འཕྲད་གནང་།

ཟླ་བཅུ་བའི་ཚེས་དགུ་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཏའོ་ཡུས་ཐེ་རྒྱལ་མགྲོན་ཁང་དུ་ཕ་ཁི་སི་ཐན་གྱི་ཙུང་ལི་དབྱི་མུའུ་ལན་ཧན་ལ་མཇལ་འཕྲད་གནང་།

ཞི་ཅིན་ཕིང་གིས་བསྟན་དོན། ད་ལོ་ནི་ཀྲུང་གོ་གསར་བ་དབུ་བརྙེས་ནས་ལོ་འཁོར་བདུན་ཅུ་ལོན་པའི་ལོ་ཡིན་པས། ང་ཚོས་རྟེན་འབྲེལ་ཞུ་བའི་བྱ་འགུལ་རབ་དང་རིམ་པ་སྤེལ་བ་ནི་རྒྱལ་གཅེས་རིང་ལུགས་ཀྱི་གཅིག་བསྡུས་སློབ་གསོ་ཐེངས་ཤིག་ཡིན། ཕ་ཁི་སི་ཐན་གྱི་གྲོགས་པོས་སྔོན་ཆད་ཀྲུང་གོ་དཀའ་ཁག་ཆེ་བའི་སྐབས་སུ་སྒེར་སེམས་མེད་པའི་རོགས་རམ་འདོན་སྤྲོད་བྱས་ཤིང་། ད་ལྟ་ཀྲུང་གོ་འཕེལ་རྒྱས་བྱུང་ཡོད་པས་ཕ་ཁི་སི་ཐན་སྔར་ལས་འཕེལ་རྒྱས་སུ་འགྲོ་བར་རོགས་རམ་བྱེད་ངེས་ཡིན། ཕྱོགས་གཉིས་ཀྱིས་མཐོ་རིམ་འགོ་ཁྲིད་པའི་བར་གྱི་འབྲེལ་འདྲིས་འགྲོ་འོང་དང་སྔར་ལས་དམ་པོའི་འཐབ་ཇུས་འབྲེལ་འདྲིས་སྲུང་འཛིན་བྱེད་དགོས་པ་དང་དུས་ཐོག་ཏུ་གནད་དོན་གལ་ཆེན་ཐད་ནས་མཐུན་སྦྱོར་དང་རོགས་འདེགས་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་ཕ་ཁི་སི་ཐན་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ཏེ། འཐབ་ཇུས་རོགས་ལས་དང་དངོས་གཉེར་མཉམ་ལས་ལ་ཤུགས་བསྣན་ནས། དུས་རབས་གསར་བར་སྔར་ལས་དམ་པོའི་ཀྲུང་གོ་དང་ཕ་ཁི་སི་ཐན་གྱི་ལས་སྐལ་ཕུང་བོ་གཅིག་དྲིལ་ཅན་གསར་སྐྲུན་བྱེད་དགོས་ཟེར།

དབྱི་མུའུ་ལན་ཧན་གྱིས་བཤད་རྒྱུར། ཀྲུང་གོས་འཕེལ་རྒྱས་གྲུབ་འབྲས་ཆེན་པོ་བླངས་པར་ཕ་ཁི་སི་ཐན་ཕྱོགས་ཧ་ཅང་དགའ་སྤྲོ་སྐྱེ་བཞིན་ཡོད། ཕ་ཁི་སི་ཐན་ཕྱོགས་ཀྱིས་ཀྲུང་གོས་སྒེར་སེམས་མེད་པར་ཕ་ཁི་སི་ཐན་ལ་རོགས་རམ་དང་རྒྱབ་སྐྱོར་བྱས་པར་བཀའ་དྲིན་ཆེ་ཞུ་བ་ཡིན། ཕ་ཁི་སི་ཐན་ཕྱོགས་ཀྱིས་མུ་མཐུད་དུ་ཀྲུང་གོ་ཕྱོགས་དང་མཉམ་དུ་འབྲེལ་འདྲིས་དང་མཐུན་སྦྱོར། མཉམ་ལས་བཅས་ལ་ཤུགས་སྣོན་པ་དང་། བློ་ཐག་རྦད་ཆོད་སྒོས་ཀྲུང་གོ་དང་ཕ་ཁི་སི་ཐན་གྱི་དཔལ་འབྱོར་བར་ཁྱམས་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ནས། རྒྱུད་གཅིག་ལམ་གཅིག་ལེགས་འགྲུབ་འབྱུང་བའི་དཔེ་སྟོན་མཉམ་དུ་གསར་སྐྲུན་བྱེད་འདོད་ཡོད་ཟེར།