མགོན་པོ་བཀྲ་ཤིས་ཀྱིས་མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་དྲ་རྒྱའི་མི་སྣ་ཡི་འཐབ་ཕྱོགས་གཅིག་གྱུར་ལས་དོན་ཚོགས་འདུའི་ཐོག་གཏམ་བཤད།
2020.07.15 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 52

ཟླ་བདུན་པའི་ཚེས་བཅུ་གསུམ་ཉིན། ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་དང་ཞིང་ཆེན་ཏང་ཨུའི་དྲ་འཕྲིན་གཞུང་ལས་ཁང་གིས་མཉམ་དུ་ཞིང་ཆེན་ཡོངས་ཀྱི་དྲ་རྒྱའི་མི་སྣ་ཡི་འཐབ་ཕྱོགས་གཅིག་གྱུར་བྱ་བའི་གྲོས་ཚོགས་བསྡུས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་། ཞིང་ཆེན་སྲིད་གྲོས་ཏང་ཙུའུ་ཡི་ཧྲུའུ་ཅི་གཞོན་པ་མགོན་པོ་བཀྲ་ཤིས་ཚོགས་འདུར་ཞུགས་ནས་གཏམ་བཤད།

མགོན་པོ་བཀྲ་ཤིས་ཀྱིས་བསྟན་དོན། དྲ་རྒྱའི་མི་སྣ་དྲ་རྒྱ་དང་བསྟུན་ནས་ཡར་ལངས་པ་དང་དྲ་བ་དང་མཉམ་དུ་འཕེལ་རྒྱས་གཏོང་རྒྱུ་དེ་རང་རེའི་ཏང་གིས་ཚད་མཐོའི་དོ་ཁུར་བྱེད་པའི་ཚོགས་སྤྱི་གལ་ཆེན་གྱི་གྲས་ཤིག་ཏུ་གྱུར་ཡོད། དྲ་རྒྱའི་མི་སྣའི་འཐབ་ཕྱོགས་གཅིག་གྱུར་ལས་དོན་ནི་གནས་བབ་གསར་པའི་འོག་གི་འཐབ་ཕྱོགས་གཅིག་གྱུར་ལས་དོན་གྱི་འགྱུར་ལྡོག་གསར་པ་དང་ནང་དོན་གསར་པ་ཡིན་ལ། རྒྱལ་ཁབ་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བའི་ཕྱོགས་གལ་ཆེན་ཞིག་ཀྱང་ཡིན། ཞིང་ཆེན་ཏང་ཨུས་དྲ་རྒྱའི་མི་སྣའི་འཐབ་ཕྱོགས་གཅིག་གྱུར་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ཏེ། དྲ་རྒྱའི་མི་སྣར་མཐུན་སྒྲིལ་དང་ཁྲིད་སྟོན་བྱ་རྒྱུ་དེ་མཚོ་སྔོན་གསར་པའི་འཕེལ་རྒྱས་དང་བཅོས་སྒྱུར་ལ་ཞབས་འདེགས་ཞུ་བའི་བྱེད་ཐབས་གལ་ཆེན་ཞིག་ཏུ་བརྩིས་ཡོད་ཟེར། ཁོས་ནན་གྱིས་བསྟན་དོན། མཚོ་སྔོན་གྱི་དྲ་རྒྱའི་མི་སྣའི་འཐབ་ཕྱོགས་གཅིག་གྱུར་ལས་དོན་ཡག་པོ་སྒྲུབ་པར་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་དང་། ལྷག་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འཐབ་ཕྱོགས་གཅིག་གྱུར་ལས་དོན་ལ་ཤུགས་སྣོན་དང་ལེགས་བཅོས་བྱེད་པའི་སྐོར་གྱི་དགོངས་པ་གལ་ཆེན་མཛུབ་སྟོན་དུ་བྱས་ཏེ། རྒྱ་ཆེའི་དྲ་རྒྱའི་མི་སྣ་གོང་བུ་གཅིག་ཏུ་སྒྲིལ་རྒྱུར་ཤུགས་སྣོན་དགོས། དྲ་ཐོག་དང་དྲ་འོག་གི་སེམས་ཤུགས་གཅིག་མཐུན་བྱེད་དགོས། ཁྲིད་སྟོན་ལ་མཐོང་ཆེན་དང་ནུས་པ་འདོན་སྤེལ་ལ་སྐུལ་ལྕག་བྱ་རྒྱུར་ཤུགས་བསྣན་ནས། རང་ཞིང་གི་དྲ་རྒྱའི་མི་སྣའི་འཐབ་ཕྱོགས་གཅིག་གྱུར་ལས་དོན་གསར་གཏོད་འཕེལ་རྒྱས་ལ་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་དགོས།

མགོན་པོ་བཀྲ་ཤིས་ཀྱིས་ནན་གྱིས་བསྟན་དོན། ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་གཏོང་དགོས། དྲ་རྒྱའི་མི་སྣ་འཚར་ལོངས་ཡོང་བར་སེམས་ཁུར་དང་། ཞབས་ཞུ་དང་ཁྲིད་སྟོན་ལ་རོགས་རམ་བྱེད་ཤུགས་ཆེ་རུ་གཏོང་བ། དྲ་རྒྱའི་མི་སྣའི་འཐབ་ཕྱོགས་གཅིག་གྱུར་ལས་དོན་དེ་དྲ་རྒྱའི་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་འདུ་ཤེས་འཛིན་སྟངས་ཀྱི་བདེ་འཇགས་སྲུང་སྐྱོང་བྱེད་པ། ཏང་གི་སྲིད་སྐྱོང་རྨང་གཞི་སྲ་བརྟན་དུ་གཏོང་བ་བཅས་ལ་ཚད་མཐོའི་མཐོང་ཆེན་དང་དོན་འཁྱོལ་བྱེད་པ། ཏང་ཨུས་གཅིག་གྱུར་གྱིས་འགོ་ཁྲིད་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། གཙོ་སྐྱོང་སྡེ་ཁག་དང་འགན་ནུས་སྡེ་ཁག རྩ་འཛུགས་བྱ་བའི་འགྲིལ་ཤུགས་སྣ་ཚོགས་ཆགས་པར་བྱ་དགོས། ཆབ་སྲིད་ཀྱི་ཁྲིད་སྟོན་མངོན་གསལ་དོད་པོ་ཡོང་བར་བྱས་ནས་རྒྱུན་གཏན་གྱི་ཁྲིད་སྟོན་དང་མཚམས་ཚིགས་གལ་ཆེན་གྱི་ཁྲིད་སྟོན་ཟུང་འབྲེལ་བྱ་རྒྱུར་མཐོང་ཆེན་བྱེད་དགོས། བསམ་བློའི་གནད་དོན་ཐག་གཅོད་བྱ་རྒྱུ་དང་གནད་དོན་དངོས་ཐག་གཅོད་བྱ་རྒྱུ་ཟུང་འབྲེལ་དང་། བསམ་བློའི་ཁྲིད་སྟོན་དང་ལས་སྒོ་དོ་དམ་བྱ་རྒྱུ་ཟུང་འབྲེལ་བྱེད་དགོས། ཚོགས་སྤྱིའི་ཁྱད་ཆོས་དང་དངོས་ཡོད་དགོས་མཁོ་ཁོང་དུ་གང་ལེགས་སྒོས་ཆུད་པར་བྱས་ནས། “དོ་ཁུར་མང་ཙམ་དང་གསོ་སྐྱོང་མང་ཙམ། རོགས་རམ་མང་ཙམ། བེད་སྤྱོད་མང་ཙམ”བཅས་བྱེད་པ་དང“མང་པོ་བཞིའི”འདུ་ཤེས་གཞིར་བཟུང་ནས་འཐུས་ཚབ་མི་སྣ་གསོ་སྐྱོང་དང་བེད་སྤྱོད་བྱ་རྒྱུར་སྐུལ་འདེད་ཧུར་ཐག་གིས་གཏོང་དགོས།

མགོན་པོ་བཀྲ་ཤིས་ཀྱིས་བླང་བྱ་བཏོན་དོན། རིམ་པ་ཁག་གིས་ལམ་སྲོལ་དང་ལམ་ལུགས་སྔར་ལས་འཐུས་ཚང་དུ་གཏོང་དགོས། འཐབ་ཕྱོགས་གཅིག་གྱུར་དང་དྲ་འཕྲིན་སྡེ་ཁག་གིས་སྣེ་ཁྲིད་པའི་རོགས་ལས་དོ་དམ་ཚོད་འཛིན་དང་མཛའ་འབྲེལ་གྲོགས་སྒྲིག གནས་ཚུལ་ཤེས་རྟོགས་དང་སྲིད་དོན་གསལ་རྟོགས། འབྲེལ་གཏུག་འབྲེལ་ལམ་བཅས་ཀྱི་ལམ་སྲོལ་འཛུགས་པར་འཚོལ་ཞིབ་བྱས་ཏེ། ནུས་ཤུགས་གཅིག་སྒྲིལ་གྱིས་དྲ་རྒྱའི་མི་སྣའི་འཐབ་ཕྱོགས་གཅིག་གྱུར་བྱ་བའི་ཚད་ལྡན་ཅན་གྱི་ཆུ་ཚད་ཇེ་མཐོར་གཏོང་དགོས་ཟེར།

མཚོ་སྔོན་ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་རྒྱུན་ལས་པུའུ་ཀྲང་གཞོན་པ་ལིས་གོ་ཀྲུང་དང་། ཞིང་ཆེན་ཏང་ཨུའི་དྲ་འཕྲིན་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་ཀྲའོ་ཞུའེ་ཀྲང་གཉིས་ཀྱིས་ཟུར་མི་འདྲ་བ་ནས་རང་ཞིང་གི་དྲ་རྒྱའི་མི་སྣའི་འཐབ་ཕྱོགས་གཅིག་གྱུར་ལས་དོན་ལ་ཤུགས་སྣོན་པའི་ཐད་ཞིབ་ཕྲའི་ལས་འགན་ཁ་གསལ་བཟོས་པ་དང་དམིགས་ཚད་བླང་བྱ་བཏོན།

ལོ་ཙཱ་བ། བན་དེ་སྐྱབས།