མཚོ་སྔོན་ཞིང་ཆེན་སྲིད་གཞུང་ཏང་ཙུའུ་ཡིས་གྲོས་ཚོགས་བསྡུས།
2020.10.16 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 55

ཟླ་བཅུ་པའི་ཚེས་བཅོ་ལྔ་ཉིན། མཚོ་སྔོན་ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་ཧྲུའུ་ཅི། ཧྲིན་ཀྲང་ཞིན་ཁྲང་ཞིང་གིས་འགོ་མཛིན་བྱས་ནས་ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་གྲོས་ཚོགས་བསྡུས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་པ་དང་། ཀྲུང་དབྱང་སྐོར་ཞིབ་ཚན་ཆུང་བཅོ་ལྔ་བས་མཚོ་སྔོན་ཞིང་ཆེན་ལ་སྐོར་ཞིབ་བྱེད་པའི་བྱ་བའི་སྐུལ་སློང་གྲོས་ཚོགས་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་ཀྱི་དགོངས་དོན་སོགས་ལག་བསྟར་བྱེད་པའི་བྱ་བར་ཞིབ་འཇུག་དང་བཀོད་སྒྲིག་བྱས།

གྲོས་ཚོགས་སྟེང་ཀྲུང་དབྱང་སྐོར་ཞིབ་ཚན་ཆུང་བཅོ་ལྔ་བས་མཚོ་སྔོན་ཞིང་ཆེན་ལ་སྐོར་ཞིབ་བྱེད་པའི་བྱ་བའི་སྐུལ་སློང་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས། ཚོགས་ཐོག་ནས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྐོར་ཞིབ་བྱ་བའི་སྐོར་གྱི་མཆན་བཀོད་མཛུབ་སྟོན་གྱི་དགོངས་དོན་སློབ་སྦྱོང་དང་རྒྱུས་ལོན་གཏིང་ཟབ་བྱེད་པ་དང་། འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ་དང་རང་རྟོན་བཞི་ཇེ་བརྟན་དུ་གཏོང་བ། སྲུང་སྐྱོབ་གཉིས་ལག་བསྟར་བྱེད་པ། ཀྲུང་དབྱང་སྐོར་ཞིབ་ཚན་ཆུང་བཅོ་ལྔ་བའི་བྱ་བའི་རེ་བར་དམིགས་པ། ཞིང་ཆེན་ཏང་ཨུའི་བཀོད་སྒྲིག་ལྟར། སྐོར་ཞིབ་བྱ་བར་གཞོགས་འདེགས་ནན་མོ་བྱེད་པ། རྩ་འཛུགས་ལ་འགན་ཁུར་བ་དང་ལས་དོན་ལ་འགན་ཁུར་བ། བློ་མཐུན་ལ་འགན་ཁུར་བ། རང་ཉིད་ལ་འགན་ཁུར་བའི་རྣམ་འགྱུར་གྱིས་རང་འགུལ་སྒོས་སྐོར་ཞིབ་ལྟ་སྐུལ་དང་ལེན་བྱེད་པ་དང་། གནད་དོན་དག་ཐེར་ལེགས་བཅོས་བྱེད་པ། སྐོར་ཞིབ་སྒུལ་ཤུགས་སུ་བྱས་ནས་མཚོ་སྔོན་གྱི་བྱ་བ་སྣ་ཚོགས་སྔར་ལས་བཟང་བོར་བསྒྲུབ་དགོས་ཟེར།

ཚོགས་ཐོག་ནས་ཀྲུང་གོ་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་ཏང་ཙུའུ་ཡིས་ཏང་ཁྱོན་ཡོངས་ནས་བཅོས་སྐྱོང་ནན་མོ་བྱེད་པའི་གཙོ་གཞི་འགན་འཁྲིའི་གསལ་ཁྲར་གྲོས་ཞིབ་བྱས་པར་མ་ཟད་རྩ་དོན་སྟེང་གྲོས་འཆམ་བྱུང་། གྲོས་ཚོགས་སྟེང་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་གཏིང་ཟབ་བྱེད་པ་དང་། ཏང་ཁྱོན་ཡོངས་ནས་བཅོས་སྐྱོང་ནན་མོ་བྱེད་པའི་གཙོ་གཞིའི་འགན་འཁྲི་ལ་རྒྱུས་ལོན་གཏིང་ཟབ་བྱེད་རྒྱུ་ནི་ཞིང་ཆེན་སྲིད་གཞུང་ཏང་ཙུའུ་ཡི་ཆབ་སྲིད་འགན་འཁྲི་གཙོ་བོ་དང་འགན་བབ་འགན་འཁྲི། སྤྱི་ཡོངས་ལ་ཁྱབ་པའི་ཁྱོན་ཡོངས་འགན་འཁྲི་བཅས་ཡིན་པར་རྒྱུས་ལོན་ཟབ་མོ་བྱེད་པ་དང་། འགན་འཁྲིའི་གསལ་ཁྲ་ལ་དམིགས་པ། ལག་བསྟར་དམ་འཛིན་བྱེད་པའི་བྱེད་ཐབས་ཇེ་བཟང་དུ་གཏོང་བ། རང་འགུལ་གྱིས་འགན་སྒྲུབ་བྱེད་པ་དང་འགན་ཁུར་ནས། ཏང་ཁྱོན་ཡོངས་ནས་བཅོས་སྐྱོང་ནན་མོ་བྱེད་པའི་ཆབ་སྲིད་འགན་འཁྲི་ཕྲག་ཏུ་ལེན་པ་དང་ལག་བསྟར་བཟང་བོ་བྱེད་པ་དང་། འགན་ཁུར་བ་དང་འགན་སྲུང། འགན་གཙང་ཁུར་བྱེད་པ་སོགས་ལས་རྐང་གི་སྟེང་དང་བྱ་བ་དངོས་ཀྱི་ཁྲོད་མངོན་པར་བྱེད་དགོས་ཟེར།

ཚོགས་ཐོག་ནས་ཞིང་ཆེན་སྲིད་གཞུང་ཏང་ཙུའུ་ཡིས་འདུ་ཤེས་འཛིན་སྟངས་ཀྱི་འགན་འཁྲིའི་ལམ་ལུགས་ལག་བསྟར་བྱེད་པར་ཞིབ་འཇུག་དང་བཀོད་སྒྲིག་བྱས། ཚོགས་ཐོག་ནས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འདུ་ཤེས་འཛིན་སྟངས་ཀྱི་བྱ་བའི་སྐོར་གྱི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་རྒྱུས་ལོན་བྱེད་པ་དང་། ཀྲུང་དབྱང་གི་བཀོད་སྒྲིག་དང་ཞིང་ཆེན་ཏང་ཨུའི་རེ་བ་ལྟར། ཞིང་ཆེན་སྲིད་གཞུང་ཏང་ཙུའུ་ཡིས་འདུ་ཤེས་འཛིན་སྟངས་ཀྱི་བྱ་བ་དམ་འཛིན་བྱེད་པའི་གནད་འགག་གི་གནས་དང་ཤུགས་འདོན་ས་འཚོལ་བ། འདུ་ཤེས་འཛིན་སྟངས་བྱ་བའི་འགན་འཁྲི་ལམ་ལུགས་ལག་བསྟར་བྱེད་པའི་ཕྱོགས་ཀྱི་བར་ཁྱད་དང་མི་འདང་ས་འཚོལ་བ། གནད་དོན་དག་ཐེར་ལེགས་བཅོས་བྱེད་པ་དམ་འཛིན་བྱེད་པ། འགན་སྒྲུབ་ནན་མོ་བྱེད་པའི་གྲུབ་འབྲས་མཐོར་འདེགས་བྱས་ཏེ། སྲིད་གཞུང་ཏང་ཙུའུ་ཡི་འདུ་ཤེས་འཛིན་སྟངས་བྱ་བའི་འགན་འཁྲི་ཕྲག་ཏུ་ལེན་དགོས་ཟེར།

ཚོགས་ཐོག་ནས་ཟླ་བཅུ་བའི་ཚེས་དགུ་ཉིན་གྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས། ཚོགས་ཐོག་ནས་ནན་གྱིས་བསྟན་དོན། ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་མཐའ་གཅིག་ཏུ་ལག་བསྟར་བྱེད་པ་དང་། མཚོ་སྔོན་ཞིང་ཆེན་གྱི་གནས་ཚུལ་དངོས་ལ་རྐང་འཛུགས་པ། སྲིད་ཇུས་ལག་བསྟར་བྱེད་པར་རྗེས་འདེད་པ། ཚོང་རའི་གཙོ་གཞི་འགན་སྲུང་དང་ལས་ཞུགས་ལས་རྐང་གཏན་འཇགས་སུ་གཏོང་བའི་འབྲེལ་ཡོད་བྱ་བ་བཟང་བོར་བསྒྲུབ་པ། མཐོ་རིམ་མཐར་ཕྱིན་སློབ་མ་དང་དམག་ཁུངས་ལས་ཕྱིར་བུད་པའི་དམག་མི། དབང་བོ་སྐྱོན་ཅན་སོགས་མི་ཚོགས་གཙོ་བོའི་ལས་ཞུགས་དམ་འཛིན་བྱེད་པ་འབུར་དུ་ཐོན་པར་བྱེད་པ། ལྷག་པར་དུ་སློབ་མཐར་ཕྱིན་ཡང་ལས་ཞུགས་མ་བྱས་པའི་མཐར་ཕྱིན་སློབ་མར་རྒྱུན་མི་ཆད་པའི་ཞབས་ཞུ་འདོན་སྤྲོད་བྱེད་དགོས། ནུས་ཁུངས་གསར་བའི་རླངས་འཁོར་ཐོན་ལས་འཕེལ་རྒྱས་སུ་གཏོང་བའི་འཆར་གཞིར་སློབ་སྦྱོང་གཏིང་ཟབ་དང་ལག་བསྟར་ནན་མོ་བྱེད་པ་དང་། ཐོན་ལས་གྲུབ་ཚུལ་དང་གནད་འགག་ལག་རྩལ་འགག་གཏོར། རྨང་གཞི་སྒྲིག་ཆས་འཛུགས་སྐྲུན་སོགས་ཕྱོགས་ནས་སྔ་མོ་ནས་འཆར་འགོད་བྱས་ཏེ། སྲིད་ཇུས་ཀྱི་གོ་སྐབས་དེ་འཕེལ་རྒྱས་ཀྱི་གོ་སྐབས་སུ་བསྒྱུར་བར་སྐུལ་འདེད་གཏོང་དགོས་ཟེར།

ཚོགས་ཐོག་ནས་ད་དུང་བྱ་བ་གཞན་པར་ཞིབ་འཇུག་བྱས།

ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་ཁོངས་མི་ཝང་ལིས་མེན་དང་ཝང་ཀྲིན་ཧྲིན། ལིའུ་ཐོ། དབྱང་ཀྲི་ཝུན། ཀྲང་ཧོང་ཡོན་བཅས་གྲོས་ཚོགས་ལ་ཞུགས། ཧྲིན་ཀྲང་གཞོན་པ་ཁོང་ཡུང་གྲོས་ཚོགས་ལ་ཟུར་ཞུགས་བྱས།

ལོ་ཙཱ་བ། རིན་ཆེན་མཚོ།