ཞིང་ཆེན་ཡོངས་ཀྱི་འགྲིམ་འགྲུལ་སྐྱེལ་འདྲེན་བྱ་བའི་གྲོས་ཚོགས་ཟི་ལིང་ནས་ཚོགས།
2021.01.15 ཁུངས། མཚོ་སྔོན་་གསར་འགྱུར་དྲ་བ། ཀློག་གྲངས། 33

ཟླ་དང་པོའི་ཚེས་བཅུ་བཞི་ཉིན། ཞིང་ཆེན་ཡོངས་ཀྱི་འགྲིམ་འགྲུལ་སྐྱེལ་འདྲེན་བྱ་བའི་གྲོས་ཚོགས་ཟི་ལིང་ནས་ཚོགས། ཚོགས་ཐོག་ནས་ཞིང་ཆེན་ཡོངས་ཀྱི་ལོ་ལྔའི་འཆར་འགོད་བཅུ་གསུམ་པ་དང་ཉིས་སྟོང་ཉི་ཤུ་ལོའི་འགྲིམ་འགྲུལ་སྐྱེལ་འདྲེན་བྱ་བར་སྤྱི་སྡོམ་བྱས་ཤིང་། ད་ལོའི་བྱ་བ་གཙོ་བོའི་ལས་འགན་བཀོད་སྒྲིག་བྱས་པ་དང་། ལོ་ལྔའི་འཆར་འགོད་བཅུ་བཞི་བའི་འཕེལ་རྒྱས་དམིགས་འབེན་དང་འཕེལ་རྒྱས་གནད་སར་ཇུས་འགོད་དང་བཀོད་སྒྲིག་བྱས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝང་ཅན་ཅུན་དང་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཞིན་ཁྲང་ཞིང་གཉིས་ཀྱིས་བྱ་བའི་རེ་བ་བཏོན་པ་དང་། ཧྲིན་ཀྲང་གཞོན་པ་ཁོང་ཡུང་གྲོས་ཚོགས་ལ་ཞུགས་པར་མ་ཟད་གཏམ་བཤད།

ཝང་ཅན་ཅུན་གྱིས་བསྟན་དོན། འགྲིམ་འགྲུལ་སྐྱེལ་འདྲེན་ནི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཐབས་ལམ་གཙོ་བོ་ཞིག་ཡིན་པ་དང་། འགྲིམ་འགྲུལ་སྐྱེལ་འདྲེན་ས་ཆ་གང་དུ་རྒྱ་བསྐྱེད་ན་ས་དེའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་ལ་གསོན་ཤུགས་གསར་བ་རྒྱས་ངེས་རེད། ལོ་ལྔའི་འཆར་འགོད་བཅུ་གསུམ་པའི་སྐབས་སུ། མཚོ་སྔོན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་སུ་སོང་བ་དེ་འགྲིམ་འགྲུལ་སྐྱེལ་འདྲེན་གྱིས་ནུས་པ་བཏོན་པ་དང་འབྲལ་ཐབས་མེད། ད་ལོ་ནི་ལོ་ལྔའི་འཆར་འགོད་བཅུ་བཞི་བ་མགོ་ཚུགས་པའི་ལོ་ཡིན་པས། མགོ་བཟང་བོ་ཞིག་ཚུགས་རྒྱུ་དེ་འགྲིམ་འགྲུལ་ལ་རག་ལས་བ་དང་སྐྱེལ་འདྲེན་ལའང་རག་ལས་པ་ཡིན་ལ། འགྲིམ་འགྲུལ་མཁན་གྱི་སྤོབས་སེམས་དེ་མཚོ་སྔོན་པ་ཡི་སྤོབས་སེམས་ཡིན། འགྲིམ་འགྲུལ་སྐྱེལ་འདྲེན་འཐབ་ཕྱོགས་ཀྱི་བློ་མཐུན་ཡོངས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་ལག་ལེན་བྱས་ཏེ། མཚོ་སྔོན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་ལ་བྱས་རྗེས་གསར་བ་འཇོག་དགོས་དགོས་པ་དང་། གཡུར་དུ་ཟ་བའི་གྲུབ་འབྲས་བླངས་ཏེ་ཏང་བཙུགས་ནས་ལོ་བརྒྱ་ལོན་པར་བསུ་མ་བྱེད་དགོས།

ཞིན་ཁྲང་ཞིང་གིས་བསྟན་དོན། འདས་པའི་ལོ་གཅིག་གི་ནང་། ཞིང་ཆེན་ཡོངས་ཀྱི་འགྲིམ་འགྲུལ་སྐྱེལ་འདྲེན་ཁོངས་གཏོགས་ཀྱིས་བློ་ཐག་རྦད་ཆོད་སྒོས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་ཆོད་བཀོད་སྒྲིག་དང་དེ་མིན་ཞིང་ཆེན་ཏང་ཨུ་དང་སྲིད་གཞུང་གི་བྱ་བའི་རེ་བ་ལག་བསྟར་དང་དངོས་འབེབས་བྱས་ཏེ། སྟོབས་ཤུགས་ཡོད་རྒུ་བཏོན་ནས་རིམས་ནད་འགོག་བཅོས་བྱ་བ་བཟང་བོར་བསྒྲུབས་པ་དང་། ལས་ཐོན་སླར་གསོར་སྐུལ་འདེད་གཏོང་བའི་ལག་བསྟར་མཁན་བཟང་བོ་ཞིག་བྱས་ནས། མི་དམངས་ཡིད་ཚིམས་པའི་འགྲིམ་འགྲུལ་རྒྱུན་མཐུད་སྒོས་རྒྱ་སྐྱེད་པ་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཞབས་ཞུ་སྒྲུབ་པ་དང་རོགས་འདེགས་བྱེད་པའི་ཁྲོད་དུ་ནུས་པ་གལ་ཆེན་བཏོན། ལོ་གསར་བའི་ནང་ཞིང་ཆེན་ཡོངས་ཀྱི་འགྲིམ་འགྲུལ་སྐྱེལ་འདྲེན་ཁོངས་གཏོགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འགྲིམ་འགྲུལ་སྐྱེལ་འདྲེན་བྱ་བའི་ཐད་གནང་བའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དང་གོ་བ་ཟབ་མོ་ལེན་པ་དང་། འཕེལ་རྒྱས་ཀྱི་དུས་སྐབས་གསར་བར་རྐང་འཛུགས་པ་དང་འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་ལག་བསྟར་བྱེད་པ། འཕེལ་རྒྱས་ཀྱི་རྣམ་པ་གསར་བར་མཉམ་བསྲེས་བྱེད་པར་རྐང་བཙུགས་ཏེ། འདོན་སྤྲོད་ཕྱོགས་ཀྱི་གྲུབ་ཚུལ་རང་བཞིན་གྱི་བཅོས་སྒྱུར་ཟབ་སྤེལ་བྱེད་པ་དང་། ཕྱོགས་བསྡུས་འགྲིམ་འགྲུལ་དྲ་རྒྱ་ལེགས་སྒྱུར་བྱེད་དགོས་པར་མ་ཟད། ཞབས་ཕྱིའི་མཁོ་འདོན་སྤུས་ཚད་མཐོར་འདེགས་སུ་གཏོང་བ་དང་ལས་རིགས་སྣ་ཚོགས་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་སུ་བཏང་ནས། མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པར་བྱས་རྗེས་གསར་བ་འཇོག་དགོས།

ཁོང་ཡུང་གིས་ཞིང་ཆེན་ཡོངས་ཀྱི་འགྲིམ་འགྲུལ་སྐྱེལ་འདྲེན་བྱ་བའི་ཐད་ནས་བླངས་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱས་པར་མ་ཟད། ད་ལོའི་བྱ་བ་གཙོ་བོ་བཟང་བོར་བསྒྲུབ་པར་བཀོད་སྒྲིག་བྱས།

                                                                                                               ལོ་ཙཱ་བ། བཀྲ་ཤིས་འབུམ།