ཟླ་དགུ་བའི་ཚེས་དྲུག་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཞིན་ཁྲང་ཞིང་གིས་འགོ་འཛིན་བྱས་ཏེ་ཞིང་ཆེན་ཏང་ཨུའི་རིགས་གཞུང་སློབ་སྦྱོང་ལྟེ་གནས་ཚན་ཁག་གི་སློབ་སྦྱོང་ཚོགས་འདུ་དང་ཞི་ཅིན་ཕིང་གི་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ་ཞེས་པའི་པོད་བཞི་པའི་རིགས་གཞུང་བགྲོ་གླེང་ཚོགས་འདུ་བསྡུས། ཁོས་བསྟན་དོན། ཞི་ཅིན་ཕིང་གི་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ་ཞེས་པའི་པོད་བཞི་པར་སློབ་སྦྱོང་ནན་མོ་བྱས་ཏེ། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པར་བརྟེན་ནས་བསམ་བློར་དྲག་ཆས་སྤྲས་པ་དང་ལག་ལེན་ལ་མཛུབ་སྟོན་བྱེད་པ། བྱ་བར་སྐུལ་འདེད་གཏོང་བའི་ཆབ་སྲིད་རང་རྟོགས་དང་བསམ་བློའི་རང་རྟོགས། འགུལ་སྐྱོད་རང་རྟོགས་སྔར་ལས་ཇེ་དྲག་ཏུ་གཏོང་བ་དང། བློ་བརྟན་འགྱུར་མེད་སྒོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཛུབ་ཁྲིད་བྱས་པའི་ཁ་ཕྱོགས་སུ་མདུན་སྐྱོད་བྱེད་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྒྱལ་སྲིད་སྐྱོང་ལུགས་ཀྱི་འདུ་ཤེས་གསར་བ་དང་བསམ་ཕྱོགས་གསར་བ། འཐབ་ཇུས་གསར་བ་དེ་མཚོ་སྔོན་ནས་དངོས་འབེབས་བྱས་ཏེ་ཕན་འབྲས་ཐོབ་པར་སྐུལ་འདེད་གཏོང་དགོས།
ཚོགས་འདུའི་སྔོན་ལ། ཞིང་ཆེན་ཏང་ཨུའི་རིགས་གཞུང་སློབ་སྦྱོང་ལྟེ་གནས་ཚན་ཁག་གི་ཁོངས་མིས་ཞི་ཅིན་ཕིང་གི་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ་ཞེས་པའི་པོད་བཞི་པ་ནན་ཏན་སྒོས་ཞིབ་ཀློག་བྱས། ཚོགས་ཐོག་ཏུ་ཞིན་ཁྲང་ཞིང་དང་ཝུའུ་ཞའོ་ཅུན། ཝུའུ་ལ་ཙི་པེ་ཁི་རེ་སུའུ་ལེ་ཧན། ཡུས་ཚོང་ལི། མཱ་ཅི་ཞའོ་བཅས་ཀྱིས་གཏམ་བཤད་པ་དང་། ལྟེ་གནས་ཚན་ཆུང་གི་བློ་མཐུན་གཞན་པས་ཡིག་ཐོག་གི་གཏམ་བཤད་སྤེལ། ཀྲུང་དབྱང་ཏང་གི་ལོ་རྒྱུས་དང་ཚད་ལྡན་ཡིག་ཆ་ཞིབ་འཇུག་གླིང་གི་ཞིབ་འཇུག་པུའུ་དང་པོའི་ཀྲུའུ་རིན་གཞོན་པ། ཞིང་འཇུག་པ་ཀྲང་ཧི་ཧྥུའུ་ཡིས་བརྙན་རིས་ཀྱི་ལམ་ནས་ཟུར་ཁྲིད་སྙན་ཞུ་ཕུལ།
ཞིན་ཁྲང་ཞིང་གིས་བསྟན་དོན། ཞི་ཅིན་ཕིང་གི་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ་ཞེས་པའི་པོད་དང་པོ་ནས་པོད་བཞི་པ་ནི་གཞི་གཅིག་ཡིན་པའི་ཆ་ནས། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་གྲུབ་འབྲས་གལ་ཆེན་ཞིག་ཡིན་ལ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་གྱི་རླབས་ཆེན་ལག་ལེན་ལ་ཡོངས་ཁྱབ་ཀྱིས་བདེན་དཔང་བྱས་པ་དང་། དུས་རབས་གསར་བར་ལོ་རྒྱུས་ཀྱི་ཁྱད་ཆོས་གསར་བ་གང་མང་ལྡན་པའི་རླབས་ཆེན་འཐབ་རྩོད་ཀྱི་གཞི་རྩའི་བསྲུང་བྱ་ཡིན་པར་མ་ཟད། ང་ཚོས་བློ་ཐག་རྦད་ཆོད་སྒོས་གཏན་ཕབ་གཉིས་ལ་སྲུང་སྐྱོབ་བྱེད་པ་དང་སྲུང་སྐྱོབ་གཉིས་ལེགས་པོར་སྒྲུབ་པར་ཞིབ་བཤེར་ཚད་ལེན་བྱེད་པའི་ཚད་གཞི་གཙོ་བོ་ཞིག་ཡིན། ཞི་ཅིན་ཕིང་གི་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ་ཞེས་པའི་པོད་བཞི་པའི་ནང་གསར་རྩོམ་རང་བཞིན་གྱི་འདུ་ཤེས་གསར་བ་དང་བསམ་ཕྱོགས་གསར་བ། འཐབ་ཇུས་གསར་བ་རབ་དང་རིམ་པ་བཏོན་ནས། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སྔར་ལས་ཕུན་སུམ་ཚོགས་པར་བཏང་བ་དང་། མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་གྱི་ཆེས་གསར་བའི་གྲུབ་འབྲས་ཀྱི་བདེན་དོན་སྟོབས་ཤུགས་དང་ལག་ལེན་སྟོབས་ཤུགས་མངོན་པར་བྱས་ཡོད།
ཞིན་ཁྲང་ཞིང་གིས་བསྟན་དོན། ཏང་གི་གསར་སྐྲུན་རིགས་གཞུང་གི་དོན་སྙིང་གལ་ཆེན་གསལ་བོར་ཤེས་པར་བྱེད་པ་དང་། ཆ་ཚང་ཞིང་ཡང་དག་པ་དང་ཁྱོན་ཡོངས་ནས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པར་གོ་བ་ཟབ་མོ་བླངས་ཏེ། དད་གུས་དང་དད་སེམས། ཆོད་སེམས་སྔར་ལས་ཇེ་བརྟན་དུ་གཏོང་བ་དང་། གཏན་ཕབ་གཉིས་ཀྱི་ཐག་ཆོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་ལེན་དགོས་ལ། འདུ་ཤེས་བཞི་སྔར་ལས་ཇེ་དྲག་ཏུ་གཏོང་བ་དང་། རང་རྟོན་བཞི་སྔར་ལས་ཇེ་བརྟན་དུ་གཏོང་བ། སྲུང་སྐྱོབ་གཉིས་ལེགས་པོར་བསྒྲུབ་དགོས། དེའི་ནང་དུ་ཡོངས་སུ་བརྒྱུས་པའི་མར་ཁེ་སི་རིང་ལུགས་ཀྱི་ལངས་ཕྱོགས་ལྟ་བ་དང་བྱེད་ཐབས་བཀོལ་སྤྱོད་བཟང་བོ་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། སློབ་སྦྱོང་ནན་མོ་བྱས་ཏེ་གོ་བ་ཟབ་མོ་ལེན་པ་དང་བཀོལ་སྤྱོད་གང་ལེགས་བྱེད་པའི་ཐད་ལ་ཤུགས་བསྐྱེད་དགོས་པ་དང་། རིགས་གཞུང་དོན་དངོས་དང་ཟུང་འབྲེལ་བྱེད་པ་དང་བཀོལ་སྤྱོད་བྱེད་ཆེད་སློབ་སྦྱོང་ནན་མོ་བྱེད་པ། སློབ་སྦྱོང་དང་བཀོལ་སྤྱོད་ཟུང་འབྲེལ་བྱེད་པར་ཤུགས་བསྐྱེད་པ། མར་ཁེ་སི་རིང་ལུགས་ཀྱི་ལངས་ཕྱོགས་ལྟ་བ་དང་བྱེད་ཐབས་ལ་བརྟེན་ནས་དོན་དངོས་ཀྱི་གནད་དོན་ལ་ལྟ་ཞིབ་དང་དབྱེ་ཞིབ། ཐག་གཅོད་བཅས་བྱེད་པའི་ནུས་པ་མཐོར་འདེགས་སུ་གཏོང་བར་ཤུགས་བསྐྱེད་དགོས་པར་མ་ཟད། སློབ་སྦྱོང་གྲུབ་འབྲས་དེ་དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་དོན་དངོས་ཕན་འབྲས་སུ་བསྒྱུར་དགོས། ཏང་གི་ཚོགས་ཆེན་ཉི་ཤུ་པར་བསུ་མ་དང་དྲིལ་སྒྲོག ལག་བསྟར་བཅས་བྱེད་པ་གཙོ་སྙིང་དུ་བཟུང་ནས་སློབ་སྦྱོང་གྲུབ་འབྲས་ལ་ཞིབ་བཤེར་ཚད་ལེན་བྱས་ཏེ། རིམས་ནད་གཏན་འགོག་བྱེད་པ་དང་དཔལ་འབྱོར་བརྟན་འཇགས་སུ་གཏོང་བ། འཕེལ་རྒྱས་བདེ་འཇགས་ཡིན་པའི་བླང་བྱ་གལ་ཆེན་དངོས་འབེབས་བཟང་བོ་བྱེད་པ་དང་། དོན་དངོས་འགུལ་སྐྱོད་ལ་བརྟེན་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་བསྡུ་བར་བསུ་མ་བྱེད་དགོས།
ཟི་ལིང་དུ་ཡོད་པའི་ཞིང་ཆེན་ཏང་ཨུའི་རིགས་གཞུང་སློབ་སྦྱོང་ལྟེ་གནས་ཚན་ཁག་གི་ཁོངས་མི་དང་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་སྲིད་གཞུང་། ཞིང་ཆེན་སྲིད་གྲོས་ཀྱི་དྲུང་ཡིག་ཆེན་མོ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་འབྲེལ་ཡོད་དྲུང་ཡིག་ཆེན་མོ་གཞོན་པ་བཅས་ཚོགས་འདུར་ཞུགས།
བཀྲ་ཤིས་འབུམ་གྱིས་བསྒྱུར།