སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་བཙུགས་ནས་ལོ་བདུན་ཅུ་འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་སྟེང་གསུང་བཤད་གལ་ཆེན་གནང་བར་ཚུར་སྣང་དྲག་པོ་བྱུང་།
2024.09.18 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 11

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་བཙུགས་ནས་ལོ་བདུན་ཅུ་འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་སྟེང་གསུང་བཤད་གལ་ཆེན་གནང་ནས་ནན་གྱིས་བསྟན་དོན། བགྲོད་ལམ་གྱི་ཡིད་རྟོན་དང་། གཞུང་ལུགས་ཀྱི་ཡིད་རྟོན། ལམ་ལུགས་ཀྱི་ཡིད་རྟོན། རིག་གནས་ཀྱི་ཡིད་རྟོན་བཅས་སྔར་ལས་བརྟན་པོར་གཏོང་བ་དང་། བརྒྱུད་རིམ་ཧྲིལ་བོའི་མི་དམངས་དམངས་གཙོ་འཕེལ་རྒྱས་བཏང་ནས། མི་དམངས་འཐུས་མི་ཚོགས་ཆེན་ལམ་ལུགས་རྒྱུན་འཁྱོངས་ལེགས་པོ་དང་འཐུས་ཚང་ཡག་པོ། འཁོར་སྐྱོད་ཡག་པོ་བྱེད་པ་དང་། དུས་རབས་གསར་བ་དང་སྐྱོད་ལམ་གསར་བའི་སྟེང་གི་ཏང་དང་མི་དམངས་ཀྱི་འབད་འཐབ་དམིགས་འབེན་མངོན་འགྱུར་འབྱུང་བར་ལམ་ལུགས་ཀྱི་འགན་སྲུང་བརྟན་པོ་འདོན་སྤྲོད་བྱེད་དགོས། སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་ལ་རྒྱལ་ཡོངས་དམངས་ཆེན་འཐུས་མི་དང་སྤྱི་ཚོགས་ཀྱི་ལས་རིགས་སོ་སོར་ཚུར་སྣང་དྲག་པོ་བྱུང་།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྟན་དོན། མི་དམངས་འཐུས་མི་ཚོགས་ཆེན་ལམ་ལུགས་ནི་ཀྲུང་གོ་གུང་ཁྲན་ཏང་གིས་ཀྲུང་གོའི་མི་དམངས་ལ་འགོ་ཁྲིད་དེ་དཀའ་ཁག་བརྒྱུད་ནས་འཚོལ་ཞིབ་བྱས་ཤིང་ཡུན་རིང་འབད་འཐབ་བྱས་པའི་གྲུབ་འབྲས་ཡིན་ལ། ཀྲུང་གོ་རང་གིས་བཏོད་པའི་ཆབ་སྲིད་ཀྱི་ལམ་ལུགས་གསར་བ་ཡིན་པ་དང་། མིའི་རིགས་ཀྱི་ཆབ་སྲིད་ལམ་ལུགས་ལོ་རྒྱུས་སྟེང་གི་གསར་སྐྲུན་རླབས་ཆེན་ཞིག་ཀྱང་ཡིན། ལག་ལེན་ལས་མི་དམངས་འཐུས་མི་ཚོགས་ཆེན་ལམ་ལུགས་ནི་རང་རྒྱལ་གྱི་གནས་ཚུལ་དང་དངོས་ཡོད་ལ་འཚམ་པ་དང་། སྤྱི་ཚོགས་རིང་ལུགས་རྒྱལ་ཁབ་ཀྱི་ངོ་བོ་མཚོན་པའི་ལམ་ལུགས་ལེགས་པོ་ཡིན་ཞིང་། མི་དམངས་ཡོངས་ཀྱི་སྟོབས་ཤུགས་གཅིག་སྡུད་བྱས་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་ལམ་ལུགས་ལེགས་པོ་བཅས་ཡིན་པ་ར་སྤྲོད་བྱས་ཡོད། ཚང་མས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་ཀྱི་ནང་དོན་ཟབ་ཅིང་། མི་དམངས་རྣམས་སྤོབས་པས་མདུན་སྐྱོད་བྱེད་པར་སྐུལ་མ་བཏང་ཡོད་ཟེར།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ངེས་པར་དུ་རྒྱུན་འཁྱོངས་བྱེད་དགོས་པ་བརྒྱད་ལ་བརྟེན་ནས་དུས་རབས་གསར་བའི་མི་དམངས་འཐུས་མི་ཚོགས་ཆེན་ལམ་ལུགས་ཀྱི་གཞུང་ལུགས་དང་ལག་ལེན་གསར་གཏོད་ཀྱི་གྲུབ་འབྲས་གལ་ཆེན་མ་ལག་ལྡན་པའི་སྒོ་ནས་ཕྱོགས་བསྡོམས་བྱས། ཚང་མས་བསྟན་དོན། འདུ་ཤེས་གསར་བ་དང་དགོངས་པ་གསར་བ། བླང་བྱ་གསར་བ་མང་པོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་དམངས་འཐུས་མི་ཚོགས་ཆེན་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་བའི་སྐོར་གྱི་དགོངས་པ་གལ་ཆེན་སྔར་ལས་ཕུན་སུམ་ཇེ་ཚོགས་དང་འཕེལ་རྒྱས་སུ་བཏང་ཡོད་ཟེར།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྟན་དོན། དམངས་ཆེན་གྱིས་མི་དམངས་མང་ཚོགས་དང་འབྲེལ་བ་དམ་ཟབ་བྱེད་པའི་སྣེ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས། རྒྱལ་ཁབ་ཀྱི་ལས་ཁུངས་དང་རྒྱལ་ཁབ་ཀྱི་ལས་བྱེད་མི་སྣས་ངེས་པར་དུ་མི་དམངས་སྤྱི་ལ་ཞབས་འདེགས་ཞུ་བའི་འདུ་ཤེས་བརྟན་པོ་འཛུགས་པ་དང་། མི་དམངས་གཙོ་བོར་བཟུང་ནས། མི་དམངས་མང་ཚོགས་དང་འབྲེལ་འདྲིས་དམ་ཟབ་རྒྱུན་འཁྱོངས་བྱེད་དགོས། རྒྱལ་ཡོངས་དམངས་ཆེན་འཐུས་མིས་བསྟན་དོན། ལས་འགན་ཡིད་ལ་དམ་པོར་འཛིན་པ་དང་། མི་དམངས་ཀྱིས་གནང་བའི་གཟི་བརྗིད་ལས་འགན་ཕྲག་ཏུ་ཁུར་ནས། མི་དམངས་ཀྱི་ཁེ་ཕན་དང་འདོན་བློ་མཚོན་པ་དང་། ཏང་དང་རྒྱལ་ཁབ་ཀྱིས་མི་དམངས་མང་ཚོགས་དང་འབྲེལ་བ་བྱེད་པའི་སྦྲེལ་ཐག་ལྟ་བུ་བྱེད་དགོས་ཟེར།

ལྷ་མོ་འཚོས་བསྒྱུར།