
ཟླ་གཉིས་པའི་ཚེས་ཉེར་གཉིས་ཉིན། རྒུད་སྐྱོབ་མི་སྣས་ཨ་ཀིན་ཐིན་གྱི་རྒྱལ་ས་པུའུ་དབྱེ་ནོའུ་སི་ཨེ་ལེ་སི་ཡི་མེ་འཁོར་ལྕགས་ལམ་ལས་བརྒལ་བའི་དོན་རྐྱེན་བྱུང་སར་རྨས་མ་སྐྱོབ་བཞིན་པ།
ཨ་ཀིན་ཐིན་གྱི་རྒྱལ་ས་པུའུ་དབྱེ་ནོའུ་སི་ཨེ་ལེ་སི་ནས་ཚེས་ཉེར་གཉིས་ཉིན་མེ་འཁོར་ལྕགས་ལམ་ལས་བརྒལ་བའི་དོན་རྐྱེན་ཞིག་བྱུང་བ་དང་། མིག་སྔར་ཉུང་མཐར་ཡང་མི་བཞི་བཅུ་རྐྱེན་ལམ་དུ་ཤོར་བ་དང་། མི་ལྔ་བརྒྱ་དང་ལྔ་བཅུ་ལ་རྨས་ཕོག་ཡོད་ལ། དེ་ནི་ཉེ་བའི་ལོ་འགའི་རིང་ཨ་ཀིན་ཐིན་ནས་བྱུང་བའི་ཆེས་ཚབས་ཆེ་བའི་ལྕགས་ལམ་འགྲིམ་འགྲུལ་དོན་རྐྱེན་ཞིག་རེད། གསར་འགོད་པས་རྒྱུས་ལོན་བྱུང་བའི་གནས་ཚུལ་ལྟར་ན། ས་དེའི་ཕྱི་སྡོད་ཀྲུང་གོ་བར་ཡང་དོན་རྐྱེན་ཁྲོད་རྨས་ཕོག་ཡོད་ཟེར།
ཐེངས་འདིའི་དོན་རྐྱེན་དེ་ཚེས་ཉེར་གཉིས་ཉིན་གྱི་སྔ་དྲོའི་དུས་ཚོད་བརྒྱད་དང་སྐར་མ་སུམ་ཅུའི་ཡས་མས་སུ་བྱུང་བ་དང་། པུའུ་ཧྲི་མཁར་གྲོང་གི་མེ་འཁོར་ཞིག་ས་ཚིགས་བཅུ་གཅིག་པར་སླེབས་སྐབས་ཚོད་འཛིན་བྱེད་ཐབས་བྲལ་ནས་སྟེགས་བུ་གཉིས་པར་ཐོ་བརྒྱབ་སྟེ་མེ་འཁོར་ལྕགས་ལམ་ལས་བརྒལ་བ་རེད།
དོན་རྐྱེན་བྱུང་རྗེས། ཨ་ཀིན་ཐིན་བྲེལ་མྱུར་སྡེ་ཁག་གིས་མྱུར་དུ་རྒུད་སྐྱོབ་མི་སྣ་དོན་རྐྱེན་བྱུང་སར་མངགས་ནས་རྒུད་སྐྱོབ་བྱས་པ་དང་། དབྱིབས་འགྱུར་བའི་འཁོར་སྒམ་ཚལ་བར་གཤགས་ནས་རྨས་མ་རྣམས་ཉེ་འདབས་ཀྱི་སྨན་ཁང་དུ་བསྐྱལ་བ་རེད། པུའུ་དབྱེ་ནོའུ་སི་ཨེ་ལེ་སིའི་བྲེལ་མྱུར་རྒུད་སྐྱོབ་སྡེ་ཁག་གི་འགན་ཁུར་བ་ཀི་ལོས་སིན་ཏིས་ཀྱིས་བཤད་རྒྱུར། རྨས་མ་མང་ཤས་ཀྱི་རྨས་སྐྱོན་ལྗིད་པའི་དབང་གིས་ཤི་བོའི་ཁ་གྲངས་སྔར་ལས་ཇེ་མང་དུ་འགྲོ་སྲིད་ཟེར།
ལོ་ཙཱ་བ། བསོད་ནམས་ཚེ་རིང་།
- ཨ་ཀིན་ཐིན་ནས་མེ་འཁོར་ལྕགས་ལམ་ལས་བརྒལ་བའི་དོན་རྐྱེན་བྱུང་སྟེ་མི་དྲུག་བརྒྱ་ཙམ་ལ་ཤི་རྨས་བཟོས་པ།
- ཨེ་ཅིབ་ཁྲིམས་ཁང་གིས་ཟླ་དྲུག་པའི་ཚེས་གཉིས་ཉིན་སྔོན་ཆད་ཀྱི་ཙུང་ཐུང་མུའུ་པཱ་ལཱ་ཁི་ལ་ཁྲིམས་ཐག་གཅོད་རྒྱུ་ཡིན་པ།
- ཕུའུ་ཅིན་གྱིས་ཨ་མེ་རི་ཁའི་ཏའོ་ཏན་འགོག་སྲུང་མ་ལག་ལ་ངོ་རྒོལ་བྱེད་ཐབས་སྤྱོད་རྒྱུ་ཡིན་པར་བཤད་པ།
- ཧང་ག་རི་ཡིས་ཡོ་རོབ་གླིང་མནའ་འབྲེལ་གྱིས་རོགས་སྐྱོར་མ་དངུལ་སྟེར་མཚམས་འཇོག་རྒྱུའི་གྲོས་གཞི་བཏོན་པར་དང་ལེན་བྱེད་ཐབས་མེད་པའི་བསམ་ཚུལ་བསྟན་པ།
- ཨུ་རུ་སིའི་ཙུང་ཐུང་གིས་མུ་མཐུད་དུ་ཨུ་རུ་སི་དང་ཨ་མེ་རི་ཁའི་མཉམ་ལས་ཇེ་ཟབ་ཏུ་གཏོང་རྒྱུའི་བསམ་ཚུལ་བསྟན་པ།
- མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཨ་ཧྥེ་རི་ཁ་མནའ་འབྲེལ་གྱིས་སོ་མཱ་ལི་རུ་སྡོད་པའི་ཆེད་མངག་ཚོགས་པའི་དམག་ཤུགས་ཇེ་ཆེར་གཏོང་བའི་དབང་ཆ་བྱིན་པ།
- བདེ་འཇགས་ལས་འཛིན་ལྷན་ཚོགས་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོས་ཡེ་མིན་གྱིས་ཙུང་ཐུང་འདེམ་བསྐོའི་བྱ་འགུལ་སྤེལ་བར་རྟེན་འབྲེལ་ཞུས་པ།
- དབྱི་ལིང་དང་རྒྱལ་སྤྱིའི་རྡུལ་ཕྲན་ནུས་པའི་ལས་ཁུངས་ཀྱི་འཐུས་ཚབ་ཚོགས་པས་མུ་མཐུད་དུ་གྲོས་མོལ་བྱེད་རྒྱུ་ཐག་བཅད་པ།
- ཨོ་པཱ་མཱ་ཡིས་རྒྱལ་ཚོགས་ཀྱིས་མུ་མཐུད་དུ་དཔལ་འབྱོར་སླར་གསོ་འབྱུང་བར་རོགས་འདེགས་བྱེད་དགོས་པའི་འབོད་སྐུལ་བཏང་བ།
- རྒྱ་གྲམ་དམར་པོའི་རྒྱལ་སྤྱིའི་ཨུ་ཡོན་ལྷན་ཁང་གིས་སི་རི་ཡཱའི་འཁྲུག་རྩོད་ཕྱོགས་ཁག་སོ་སོས་འཁྲུག་རྩོད་མཚམས་འཇོག་དགོས་པའི་འབོད་སྐུལ་བཏང་བ།
- ལི་པུ་ཡཱའི་དབང་འཛིན་ལས་ཁུངས་ཀྱིས་ཁཱ་ཀྲ་ཧྥེ་ཤི་བ་ཁྱབ་སྒྲོག་བྱས་པ།
- ཨ་མེ་རི་ཁའི་རྒྱལ་ཚོགས་ཀྱིས་རྒྱལ་ཕྲན་མཉམ་འབྲེལ་སྲིད་གཞུང་གི་དངུལ་གཏོང་གྲོས་གཞི་ལ་ཆོག་མཆན་བཀོད།
- ཁ་མེ་ལུན་གྱིས་བྱེད་ཐབས་སྔར་ལས་དྲག་པོ་སྤྱད་དེ་ཟིང་འཁྲུག་ལ་ཁ་གཏད་འཇལ་རྒྱུ་ཡིན་ཞེས་བཤད་པ། (པར)
- བྱང་ཆིངས་རྩ་འཛུགས་ཀྱིས་ལི་པུ་ཡཱའི་རྒྱལ་ཁབ་བརྙན་འཕྲིན་ཁང་ལ་འགས་གཏོར་བཏང་བ།
- ལི་པི་ཡའི་རྒྱལ་ས་རུ་ཟིང་འཁྲུག་བྱུང་བ།
- རྒྱལ་སྤྱིའི་ཉེས་དོན་ཉེན་རྟོག་རྩ་འཛུགས་ཀྱིས་ཁཱ་ཀྲ་ཧྥེ་ཡི་བུ་གསུམ་པ་སཱ་ཨ་ཏིས་འཛིན་བཟུང་བྱེད་པའི་བཀའ་རྒྱ་བཏང་བ།
- ཨ་མེ་རི་ཁའི་དཔོན་རིགས་ཀྱིས་རྟེན་གཞི་རྩ་འཛུགས་ཀྱི་མགོ་བ་གཙོ་བོ་གཉིས་པ་ལཱ་ཧི་མན་བསད་པར་བཤད་པ།
- རྟེན་གཞི་རྩ་འཛུགས་ཡེ་མིན་ཡན་ལག་རུ་ཁག་གིས་ཨོ་ལཱ་ཅི་ཤི་བ་ཁས་ལེན་བྱས་པ།
- ཨོ་པཱ་མཱ་ཡིས་ནོར་སྲིད་ཀྱི་འགྲོ་སོང་ཇེ་ཉུང་དུ་གཏོང་བའི་ཇུས་གཞི་གསར་བ་བཏོན་པ།
- ཨེ་ཅིབ་ཀྱི་མང་ཚོགས་སྟོང་ཕྲག་མང་བོ་རྔམ་སྟོན་ཁྲོམ་སྐོར་མཁན་ཞིག་གི་དུར་འཇུག་ལ་ཞུགས་ཏེ་དམག་ཕྱོགས་ཀྱིས་དབང་ཆ་སྤྲོད་དགོས་པའི་རེ་བ་བཏོན་པ།







"