ད་ལྟ་གཟིགས་བཞིན་པ། > མདུན་ངོས། > གསར་འགྱུར། > རྒྱལ་སྤྱིའི་གསར་འགྱུར།

ཨེ་ཅིབ་ཞིབ་དཔྱོད་ཁང་གིས་སྔོན་ཆད་ཀྱི་ཙུང་ཐུང་མུའུ་པཱ་ལཱ་ཁི་ཕྱིར་གཏོང་བར་ཆོག་མཆན་བཀོད།

སྤེལ་དུས། 2017-03-14 09:41:13   ཡོང་ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ།   རྡེབ་ཚད།    ནང་དོན་འདི་སྤེལ་མཁན། བསོད་ནམས་ཚེ་རིང་།

埃及检察院批准释放前总统穆巴拉克.jpg


ཟླ་གསུམ་པའི་ཚེས་བཅུ་གསུམ་ཉིན། ཨེ་ཅིབ་ཀྱི་སྤྱི་ཁྱབ་ཞིབ་དཔྱོད་དཔོན་པོས་སྔོན་ཆད་ཀྱི་ཙུང་ཐུང་མུའུ་པཱ་ལཱ་ཁི་ཕྱིར་གཏོང་བའི་རེ་འདོད་ལ་གྲོས་འཆམ་བྱུང་།

ཟླ་འདིའི་ཚེས་གཉིས་ཉིན་ཨེ་ཅིབ་ཀྱི་ཆེས་མཐོའི་ཞུ་གཏུག་ཁྲིམས་ཁང་གིས་རྔམ་སྟོན་ཁྲོམ་སྐོར་མཁན་དམར་གསོད་བཏང་བར་འབྲེལ་བའི་གྱོད་དོན་དེར་ཁྲིམས་གཅོད་བྱེད་སྐབས་མུའུ་པཱ་ལཱ་ཁི་ལ་ཉེས་པ་མེད་པར་ཐག་བཅད། དེ་ནི་མུའུ་པཱ་ལཱ་ཁི་ལ་དམིགས་པའི་ཆེས་མཇུག་མཐའི་སྐྱོན་འཛུགས་ཤིག་ཡིན་པ་རེད། མུའུ་པཱ་ལཱ་ཁི་ཡིས་གཞུང་དངུལ་སྒེར་སྤྱོད་བྱས་པས་ལོ་གསུམ་རིང་བཀག་སྐྱིལ་བཙོན་འཇུག་བྱས། དག་འབུད་ཁྲིམས་རྩོད་པས་མུའུ་པཱ་ལཱ་ཁི་ཕྱིར་གཏོང་བའི་རེ་ཞུ་བཏོན་པས། ཨེ་ཅིབ་ཞིབ་དཔྱོད་ཁང་གིས་ཞིབ་འཇུག་བྱས་པ་བརྒྱུད་དེ་མིག་སྔར་མུའུ་པཱ་ལཱ་ཁི་ཕྱིར་གཏོང་བར་དངོས་སུ་ཆོག་མཆན་བཀོད་པ་རེད།

མིག་སྔར་མུའུ་པཱ་ལཱ་ཁི་སྔར་བཞིན་མཱ་ཨ་ཏིས་དམག་དོན་སྨན་ཁང་དུ་བསྡད་ཡོད་པ་དང་། ཉེ་སྔོན་ཁེ་རོ་ཤར་ཕྱོགས་ས་ཁུལ་དུ་ཡོད་པའི་རང་ཁྱིམ་ལ་འགྲོ་སྲིད་ཟེར། དེ་ནི་ཁོས་ཙུང་ཐུང་གི་ལས་འགན་ཁུར་རྗེས་ནམ་རྒྱུན་སྡོད་སའི་གནས་རེད།

 

མཉམ་སྤྱོད་བྱེད་གནས། 


ར་སྤྲོད་ཨང་།          མིང་མེད།    
མཛའ་འབྲེལ་ཨ་ལུང་།
ཀྲུང་གོ་བོད་ཀྱི་དྲ་བ།གུང་ཁྲན་ཏང་གི་དྲ་བ།བོད་ཀྱི་རིག་མཛོད།བོད་ཀྱི་སློབ་འབྲིང་།མཚོ་སྔོན་བོད་རིགས་དྲ་བ།ཁམས་པའི་དྲ་བ།ཞིང་ཆེན་མི་དམངས་སྲིད་གཞུང་།ཀྲུང་གོའི་བོད་སྐད་རླུང་འཕྲིན།བོད་ལྗོངས་འཕྲིན་དྲ།
ཁམས་པའི་བརྙན་འཕྲིན།ནོར་ནོར་བརྙན་འཕྲིན།