ད་ལྟ་གཟིགས་བཞིན་པ། > མདུན་ངོས། > གསར་འགྱུར། > རྒྱལ་སྤྱིའི་གསར་འགྱུར།

སོ་མཱ་ལིའི་རྒྱལ་ས་ནས་རླངས་འཁོར་འགས་གཏོར་འཇབ་རྒོལ་དོན་རྐྱེན་ཐེངས་གཉིས་བྱུང་སྟེ་ཉུང་མཐར་ཡང་མི་བཅུ་རྐྱེན་ལམ་དུ་ཤོར།

སྤེལ་དུས། 2017-03-14 09:43:15   ཡོང་ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ།   རྡེབ་ཚད།    ནང་དོན་འདི་སྤེལ་མཁན། བསོད་ནམས་ཚེ་རིང་།

这是3月13日在索马里首都摩加迪沙的爆炸现场拍摄的被毁汽车。.jpg

སོ་མཱ་ལིའི་རྒྱལ་ས་ནས་རླངས་འཁོར་འགས་གཏོར་འཇབ་རྒོལ་དོན་རྐྱེན་ཐེངས་གཉིས་བྱུང་སྟེ་ཉུང་མཐར་ཡང་མི་བཅུ་རྐྱེན་ལམ་དུ་ཤོར།

སོ་མཱ་ལིའི་རྒྱལ་ས་མའོ་ཅཱ་ཏིས་ཧྲ་ནས་ཚེས་བཅུ་གསུམ་ཉིན་གྱི་སྔ་དྲོར་རླངས་འཁོར་འགས་གཏོར་འཇབ་རྒོལ་དོན་རྐྱེན་ཐེངས་གཉིས་བྱུང་སྟེ། ཉུང་མཐར་ཡང་མི་བཅུ་རྐྱེན་ལམ་དུ་ཤོར་བ་དང་། མི་བཅུ་གསུམ་ལ་རྨས་ཕོག

སོ་མཱ་ལིའི་ཉེན་རྟོག་ཕྱོགས་ཀྱིས་གསར་འགྱུར་ལས་རིགས་ལ་བཤད་རྒྱུར། འགད་རྫས་དྲུད་ཡོད་པའི་རླངས་འཁོར་ཞིག་འདུ་འཛི་ཆེ་བའི་སྲང་ལམ་གྱི་མགྲོན་ཁང་ཞིག་གི་ཉེ་འདབས་ནས་འགས་གཏོར་བྱུང་བ་དང་། ཉུང་མཐར་ཡང་མི་སེར་དཀྱུས་མ་བདུན་རྐྱེན་ལམ་དུ་ཤོར་བ་དང་། མི་བཅུ་ལ་རྨས་ཕོག་ཡོད་ཟེར།

ཉེན་རྟོག་ཕྱོགས་ཀྱིས་བཤད་རྒྱུར། འགས་གཏོར་དོན་རྐྱེན་བྱུང་སྐབས། མི་མང་བོས་མགྲོན་ཁང་དེའི་ཟ་ཁང་དུ་ཟ་མ་ཟ་བཞིན་ཡོད། འགད་རྫས་ལ་གཏོར་ཤུགས་ཧ་ཅང་ཆེ་བའི་དབང་གིས་འདས་པོའི་ཁ་གྲངས་སྔར་ལས་ཇེ་མང་དུ་འགྲོ་སྲིད་ཟེར། མིག་སྔར་ཉེན་རྟོག་ཕྱོགས་ཀྱིས་རྒུད་སྐྱོབ་བྱ་བ་སྤེལ་བཞིན་ཡོད་པ་དང་། འགས་གཏོར་དོན་རྐྱེན་དེའི་འབྱུང་རྐྱེན་ལ་རྟོག་ཞིབ་བྱེད་བཞིན་ཡོད་ཟེར།

ཉིན་དེའི་སྔ་དྲོར་འགད་རྫས་དྲུད་པའི་རླངས་འཁོར་ཞིག་མའོ་ཅཱ་ཏིས་ཧྲ་ཡི་ཝ་ཏཱ་ཅི་ས་ཁུལ་གྱི་དམག་དོན་སྦྱོང་བརྡར་སྒར་ས་ཞིག་གི་ཉེ་འདབས་ནས་འགས་གཏོར་བཏང་སྟེ། རང་སྲོག་གཅོད་པའི་འཇབ་རྒོལ་མཁན་དང་བཅས་པའི་མི་གསུམ་རྐྱེན་ལམ་དུ་ཤོར་བ་དང་། གཞན་ཡང་མི་གསུམ་ལ་རྨས་ཕོག

མིག་སྔར་རྩ་འཛུགས་གང་རུང་གིས་ཐེངས་འདིའི་འཇབ་རྒོལ་དོན་རྐྱེན་དེ་གཉིས་བཟོས་པ་ཁས་ལེན་བྱས་མེད།

 

མཉམ་སྤྱོད་བྱེད་གནས། 


ར་སྤྲོད་ཨང་།          མིང་མེད།    
མཛའ་འབྲེལ་ཨ་ལུང་།
ཀྲུང་གོ་བོད་ཀྱི་དྲ་བ།གུང་ཁྲན་ཏང་གི་དྲ་བ།བོད་ཀྱི་རིག་མཛོད།བོད་ཀྱི་སློབ་འབྲིང་།མཚོ་སྔོན་བོད་རིགས་དྲ་བ།ཁམས་པའི་དྲ་བ།ཞིང་ཆེན་མི་དམངས་སྲིད་གཞུང་།ཀྲུང་གོའི་བོད་སྐད་རླུང་འཕྲིན།བོད་ལྗོངས་འཕྲིན་དྲ།
ཁམས་པའི་བརྙན་འཕྲིན།ནོར་ནོར་བརྙན་འཕྲིན།