ད་ལྟ་གཟིགས་བཞིན་པ། > མདུན་ངོས། > གསར་འགྱུར། > རྒྱལ་སྤྱིའི་གསར་འགྱུར།

ཧྲུའུ་ཨར་ཚི་འཇར་མན་སྤྱི་ཚོགས་དམངས་གཙོ་ཏང་གི་ཀྲུའུ་ཞིར་བདམས་པ་དང་ཏང་ཁག་དེའི་ཙུང་ལིའི་འདེམ་སྒུག་མི་སྣར་གཏན་འཁེལ་བྱས།

སྤེལ་དུས། 2017-03-20 09:43:33   ཡོང་ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ།   རྡེབ་ཚད།    ནང་དོན་འདི་སྤེལ་མཁན། བསོད་ནམས་ཚེ་རིང་།

འཇར་མན་སྤྱི་ཚོགས་དམངས་གཙོ་ཏང་གིས་ཚེས་བཅུ་དགུའི་ཉིན་རྒྱལ་ཡོངས་ཏང་གི་འཐུས་མིའི་ཚོགས་ཆེན་བསྡུས་ཏེ། ཡོ་རོབ་གླིང་གྲོས་ཁང་གི་གྲོས་དཔོན་ཧྲུའུ་ཨར་ཚི་ཏང་ཁག་དེའི་ཀྲུའུ་ཞིར་བདམས་པ་དང་། ཧྲུའུ་ཨར་ཚི་ཏང་ཁག་དེའི་ཙུང་ལིའི་འདེམ་སྒུག་མི་སྣར་དངོས་སུ་གཏན་འཁེལ་བྱས་ཡོད་ལ། ད་ལོའི་ཟླ་དགུ་བར་སྤེལ་རྒྱུ་ཡིན་པའི་འཇར་མན་གྱི་འདེམ་བསྐོའི་བྱ་འགུལ་ལ་ཞུགས་རྒྱུ་རེད།

འཇར་མན་གྱི་ཙུང་ལི་གཞོན་པ་ཅཱ་པུའུ་ལི་ཨར་གྱིས་ཟླ་དང་པོའི་ཚེས་ཉེར་བཞིའི་ཉིན་འདེམ་བསྐོའི་བྱ་འགུལ་ལ་ཞུགས་པའི་དབང་ཆ་བསྐྱུར་ནས་སྤྱི་ཚོགས་དམངས་གཙོ་ཏང་གི་ཀྲུའུ་ཞིའི་ལས་འགན་བསྐྱུར་རྒྱུ་ཐག་བཅད་པ་དང་། ཞོར་དུ་ཧྲུའུ་ཨར་ཚི་ཡིས་ཏང་ཁག་དེའི་ཀྲུའུ་ཞིའི་འགན་ཁུར་དགོས་པའི་གྲོས་གཞི་བཏོན། སྤྱི་ཚོགས་དམངས་གཙོ་ཏང་གི་མགོ་ཁྲིད་པས་ཟླ་དང་པོའི་ཚེས་ཉེར་དགུའི་ཉིན་གྱི་ནང་ཁུལ་གྱི་གྲོས་ཚོགས་ཤིག་གི་སྟེང་ཧྲུའུ་ཨར་ཚི་ཏང་ཁག་དེའི་ཙུང་ལིའི་འདེམ་སྒུག་མི་སྣར་མིང་འདོན་རྒྱུ་ཐག་བཅད། སྤྱི་ཚོགས་དམངས་གཙོ་ཏང་གིས་ཟླ་གསུམ་པའི་ཚེས་བཅུ་དགུའི་ཉིན་ཏང་ཁག་དེའི་འཐུས་མིའི་གྲོས་ཚོགས་བསྡུས་ཏེ་ཧྲུའུ་ཨར་ཚི་ཏང་གི་ཀྲུའུ་ཞིར་བདམས་པ་དང་། ཁོ་རང་ཏང་ཁག་དེའི་ཙུང་ལིའི་འདེམ་སྒུག་མི་སྣར་དངོས་སུ་གཏན་འཁེལ་བྱེད་པར་ཐག་བཅད།

ཉེ་བའི་དམངས་ཀྱི་འདོད་བློར་རྟོག་ཞིབ་བྱས་པའི་མཇུག་འབྲས་ལྟར་ན། སྤྱི་ཚོགས་དམངས་གཙོ་ཏང་དང་འཇར་མན་གྱི་ཙུང་ལི་མའོ་ཁི་ཨར་གྱིས་མགོ་ཁྲིད་པའི་ཡེ་ཤུའི་ཆོས་ལུགས་དམངས་གཙོ་མནའ་འབྲེལ་ལ་མཆོག་དམན་གྱི་ཁྱད་པར་མེད། འཇར་མན་གྱི་གླེང་ཕྱོགས་ལས་ཡོངས་ཁྱབ་ཏུ་བལྟས་ན། ཧྲུའུ་ཨར་ཚི་ནི་མའོ་ཁི་ཨར་གྱིས་བསྟུད་འགན་ཁུར་བའི་འགྲན་ཡ་ཆེས་སྟོབས་ལྡན་དུ་གྱུར་ཡོད་པར་འདོད།

 

མཉམ་སྤྱོད་བྱེད་གནས། 


ར་སྤྲོད་ཨང་།          མིང་མེད།    
མཛའ་འབྲེལ་ཨ་ལུང་།
ཀྲུང་གོ་བོད་ཀྱི་དྲ་བ།གུང་ཁྲན་ཏང་གི་དྲ་བ།བོད་ཀྱི་རིག་མཛོད།བོད་ཀྱི་སློབ་འབྲིང་།མཚོ་སྔོན་བོད་རིགས་དྲ་བ།ཁམས་པའི་དྲ་བ།ཞིང་ཆེན་མི་དམངས་སྲིད་གཞུང་།ཀྲུང་གོའི་བོད་སྐད་རླུང་འཕྲིན།བོད་ལྗོངས་འཕྲིན་དྲ།
ཁམས་པའི་བརྙན་འཕྲིན།ནོར་ནོར་བརྙན་འཕྲིན།