ད་ལྟ་གཟིགས་བཞིན་པ། > མདུན་ངོས། > གསར་འགྱུར། > རྒྱལ་སྤྱིའི་གསར་འགྱུར།

ཨ་ཧྥུའུ་ཧན་གྱི་དམག་མིས་ཨ་ཧྥུའུ་ཧན་དུ་སྡོད་པའི་ཨ་མེ་རི་ཁའི་དམག་མིར་མེ་མདས་བརྒྱབ་སྟེ་མི་གསུམ་རྨས།

སྤེལ་དུས། 2017-03-20 09:46:37   ཡོང་ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ།   རྡེབ་ཚད།    ནང་དོན་འདི་སྤེལ་མཁན། བསོད་ནམས་ཚེ་རིང་།

ཨ་ཧྥུའུ་ཧན་དུ་སྡོད་པའི་བྱང་ཆིངས་རྩ་འཛུགས་ཀྱི་དམག་དཔུང་གིས་ཚེས་བཅུ་དགུའི་ཉིན་བདེན་དཔང་བྱས་དོན། ཨ་ཧྥུའུ་ཧན་གྱི་དམག་མི་ཞིག་གིས་ཉིན་དེར་ལྷོ་ཕྱོགས་ཀྱི་ཧི་ཨར་མན་ཏི་ཞིང་ཆེན་གྱི་དམག་དོན་རྟེན་གཞི་ཞིག་ནས་མེ་མདས་བརྒྱབ་སྟེ་ཨ་མེ་རི་ཁའི་དམག་མི་གསུམ་ལ་རྨས་ཕོག་ཟེར།

ཨ་ཧྥུའུ་ཧན་དུ་སྡོད་པའི་བྱང་ཆིངས་རྩ་འཛུགས་ཀྱི་དམག་དཔུང་གིས་བཤད་རྒྱུར། ཨ་མེ་རི་ཁའི་དམག་མི་དེ་གསུམ་ནི་ཨ་ཧྥུའུ་ཧན་གྱི་དམག་མིས་རྨས་པ་བདེན་དཔང་བྱས་པ་དང་། མི་དེ་གསུམ་ལ་གསོ་བཅོས་བྱེད་བཞིན་ཡོད་ཟེར།

ཨ་ཧྥུའུ་ཧན་གྱི་ས་དེའི་དཔོན་རིགས་ཀྱིས་གསར་འགོད་པར་བཤད་རྒྱུར། དོན་རྐྱེན་བྱུང་ས་ནི་ཧི་ཨར་མན་ཏི་ཞིང་ཆེན་གྱི་ཝ་ཞི་ཨར་ས་ཁུལ་ཡིན་པ་དང་། ཨ་ཧྥུའུ་ཧན་གྱི་དམག་མི་དེ་རྗེས་ཀྱི་འཁྲུག་རྩོད་ཁྲོད་ནས་བསད་པ་རེད་ཟེར།

ཧི་ཨར་མན་ཏི་ཞིང་ཆེན་དེ་ཨ་ཧྥུའུ་ཧན་ལྷོ་ཕྱོགས་ས་ཁུལ་དུ་གནས་པ་དང་། ཉལ་ཐའི་རྒྱུ་ཆ་འདེབས་འཛུགས་བྱེད་པའི་ས་ཁུལ་གྲགས་ཅན་ཞིག་ཡིན་ལ། ནམ་རྒྱུན་ཐཱ་ལེ་པན་དྲག་ཆས་པ་འགུལ་སྐྱོད་བྱེད་པའི་ས་ཁུལ་ཞིག་ཡིན་པ་རེད།

ཨ་མེ་རི་ཁ་གཙོ་བྱས་པའི་ཨ་ཧྥུའུ་ཧན་དུ་སྡོད་པའི་བྱང་ཆིངས་རྩ་འཛུགས་ཀྱི་དམག་དཔུང་གིས་ཉིས་སྟོང་བཅུ་བཞི་ལོའི་ལོ་མཇུག་ཨ་ཧྥུའུ་ཧན་གྱི་འཐབ་འཁྲུག་ལས་འགན་ཡོངས་འགྲུབ་བྱས་པ་དང་། དེའི་རྗེས་སུ་ནམ་རྒྱུན་ཨ་ཧྥུའུ་ཧན་བདེ་འཇགས་དམག་དཔུང་ལ་བློ་འདྲི་དང་སྦྱོང་བརྡར་སོགས་ཀྱི་ཐད་ནས་རྒྱབ་སྐྱོར་བྱེད་བཞིན་ཡོད།

 

མཉམ་སྤྱོད་བྱེད་གནས། 


ར་སྤྲོད་ཨང་།          མིང་མེད།    
མཛའ་འབྲེལ་ཨ་ལུང་།
ཀྲུང་གོ་བོད་ཀྱི་དྲ་བ།གུང་ཁྲན་ཏང་གི་དྲ་བ།བོད་ཀྱི་རིག་མཛོད།བོད་ཀྱི་སློབ་འབྲིང་།མཚོ་སྔོན་བོད་རིགས་དྲ་བ།ཁམས་པའི་དྲ་བ།ཞིང་ཆེན་མི་དམངས་སྲིད་གཞུང་།ཀྲུང་གོའི་བོད་སྐད་རླུང་འཕྲིན།བོད་ལྗོངས་འཕྲིན་དྲ།
ཁམས་པའི་བརྙན་འཕྲིན།ནོར་ནོར་བརྙན་འཕྲིན།