ད་ལྟ་གཟིགས་བཞིན་པ། > མདུན་ངོས། > གསར་འགྱུར། > རྒྱལ་སྤྱིའི་གསར་འགྱུར།

ཀཱ་ནཱའི་རྦབ་ཆུའི་མཛེས་ལྗོངས་ས་ཁུལ་ཞིག་ནས་སྡོང་བོ་ལོག་པའི་དོན་རྐྱེན་བྱུང་སྟེ་ཉུང་མཐར་ཡང་མི་བཅུ་དྲུག་རྐྱེན་ལམ་དུ་ཤོར།

སྤེལ་དུས། 2017-03-20 09:47:24   ཡོང་ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ།   རྡེབ་ཚད།    ནང་དོན་འདི་སྤེལ་མཁན། བསོད་ནམས་ཚེ་རིང་།

ཀཱ་ནཱའི་པུའུ་ལིང་ཨ་ཧཱ་ཧྥུའུ་ཞིང་ཆེན་གྱི་ཅིན་ཐན་པའོ་ས་ཁུལ་གྱི་རྦབ་ཆུའི་མཛེས་ལྗོངས་ཤིག་ནས་ཚེས་བཅུ་དགུའི་ཉིན་སྡོང་བོ་ལོག་པའི་དོན་རྐྱེན་ཞིག་བྱུང་སྟེ། ཉུང་མཐར་ཡང་གནས་སྐོར་བ་བཅུ་དྲུག་རྐྱེན་ལམ་དུ་ཤོར་བ་དང་། གཞན་ཡང་མི་མང་བོར་རྨས་ཕོག་ཡོད་ཟེར།

ཀཱ་ནཱའི་ས་དེའི་ཉེན་རྟོག་དཔོན་པོ་ཞིག་གིས་བཤད་རྒྱུར། ཉིན་དེའི་ཕྱི་དྲོར་མི་མང་བོ་ཅིན་ཐན་པའོ་ས་ཁུལ་གྱི་རྦབ་ཆུའི་འོག་གི་རྫིང་བུའི་ནང་ཆུར་རྐྱལ་བཞིན་ཡོད། གློ་བུར་དུ་དྲག་རླུང་ཆེན་མོ་བྱུང་བ་དང་། ཐོགས་བརྒྱབ་སྟེ་སྡོང་བོ་ཆེན་པོ་ཞིག་ལོག་ནས་རྫིང་བུའི་ནང་ཆུ་རྐྱལ་བཞིན་པའི་གནས་སྐོར་བའི་དཀྱིལ་དུ་ལྷུང་བ་རེད། ཉུང་མཐར་ཡང་མི་བཅུ་དྲུག་རྐྱེན་ལམ་དུ་ཤོར་ཡོད། འདས་པོ་མང་ཆེ་བ་ནི་གནས་སྐོར་ལ་ཡོང་བའི་མཐོ་འབྲིང་གི་སློབ་མ་རེད་ཟེར།

དོན་རྐྱེན་བྱུང་རྗེས། ས་དེའི་རྒུད་སྐྱོབ་མི་སྣ་ཡུལ་དངོས་སུ་འབྱོར་ཏེ། རྨས་མ་མང་བོ་སྨན་ཁང་དུ་བསྐྱལ་ནས་གསོ་བཅོས་བྱེད་བཞིན་ཡོད།

མཉམ་སྤྱོད་བྱེད་གནས། 


ར་སྤྲོད་ཨང་།          མིང་མེད།    
མཛའ་འབྲེལ་ཨ་ལུང་།
ཀྲུང་གོ་བོད་ཀྱི་དྲ་བ།གུང་ཁྲན་ཏང་གི་དྲ་བ།བོད་ཀྱི་རིག་མཛོད།བོད་ཀྱི་སློབ་འབྲིང་།མཚོ་སྔོན་བོད་རིགས་དྲ་བ།ཁམས་པའི་དྲ་བ།ཞིང་ཆེན་མི་དམངས་སྲིད་གཞུང་།ཀྲུང་གོའི་བོད་སྐད་རླུང་འཕྲིན།བོད་ལྗོངས་འཕྲིན་དྲ།
ཁམས་པའི་བརྙན་འཕྲིན།ནོར་ནོར་བརྙན་འཕྲིན།