ད་ལྟ་གཟིགས་བཞིན་པ། > མདུན་ངོས། > གསར་འགྱུར། > རྒྱལ་སྤྱིའི་གསར་འགྱུར།

ཨར་ཅི་རི་ཡཱ་ཡིས་ལི་པུ་ཡཱ་དང་ཉེ་བའི་མཐའ་མཚམས་ས་ཁུལ་ནས་དམག་དོན་སྦྱོང་བརྡར་བྱ་འགུལ་སྤེལ།

སྤེལ་དུས། 2018-05-15 07:52:30   ཡོང་ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ།   རྡེབ་ཚད།    ནང་དོན་འདི་སྤེལ་མཁན། བསོད་ནམས་ཚེ་རིང་།

ཨར་ཅི་རི་ཡཱའི་རྒྱལ་སྲུང་པུའུ་ཡིས་ཚེས་བཅུ་གསུམ་ཉིན་གསལ་སྒྲོག་སྤེལ་ཏེ། ཨར་ཅི་རི་ཡཱའི་དམག་དཔུང་གིས་ཉིན་དེར་ལི་པུ་ཡཱ་དང་ཉེ་བའི་མཐའ་མཚམས་ས་ཁུལ་ནས་ས་ངོས་དང་བར་སྣང་དམག་དཔུང་རྩ་འཛུགས་བྱས་ཏེ་མདེལ་དངོས་ཀྱི་དམག་དོན་སྦྱོང་བརྡར་བྱ་འགུལ་སྤེལ་ཟེར།

ཨར་ཅི་རི་ཡཱའི་རྒྱལ་སྲུང་པུའུ་ཡིས་བསྒྲགས་པ་ལྟར་ན། ཨར་ཅི་རི་ཡཱའི་རྒྱལ་སྲུང་པུའུ་ཡི་པུའུ་ཀྲང་གཞོན་པ་དང་རྒྱལ་ཁབ་མི་དམངས་དམག་དཔུང་གི་ཇུས་འདོན་པ་སཱ་ལཱ་ཧི་ཡིས་ཉིན་དེར་དམག་དོན་སྦྱོང་བརྡར་ལ་ལྟ་སྦྱོང་བྱས། མདེལ་དངོས་ཀྱི་དམག་དོན་སྦྱོང་བརྡར་དེ་རྒྱལ་ཁབ་དེའི་ཤར་ལྷོའི་ཕྱོགས་ཀྱི་ལི་པུ་ཡཱ་དང་ཉེ་བའི་མཐའ་མཚམས་ཀྱི་ཅཱ་ནེ་ཐི་ས་ཁུལ་ནས་སྤེལ་བ་དང་། དམིགས་ཡུལ་ནི་རྒྱུན་སྲོལ་མ་ཡིན་པའི་དཔུང་འཇུག་ལ་དམིགས་པའི་འཐབ་རྩལ་སྦྱོང་བརྡར་བྱེད་ཆེད་ཡིན། གསལ་སྒྲོག་ལས་བཤད་རྒྱུར། ཐེངས་འདིའི་དམག་དོན་སྦྱོང་བརྡར་ནི་ད་ལོའི་དམག་གྲབས་སྦྱོང་བརྡར་གྱི་ཁག་ཅིག་ཡིན་ཟེར།

སཱ་ལཱ་ཧི་ཡིས་དམག་དོན་སྦྱོང་བརྡར་མཇུག་སྒྲིལ་རྗེས་བཤད་རྒྱུར། ཨར་ཅི་རི་ཡཱ་ཡིས་མཐའ་མཚམས་ས་ཁུལ་གྱི་གཏན་འཇགས་སྲུང་བའི་ནུས་པ་ཡོད་པ་དང་། འགྲན་རྩོད་དང་འཇིགས་ཉེན་གང་རུང་ཐག་གཅོད་བྱེད་པར་ཡིད་ཆེས་ཡོད་ཟེར། ཁོས་ནན་གྱིས་བསྟན་དོན། ས་ཁུལ་དེར་གཏན་འཇགས་མིན་པའི་རྒྱུ་རྐྱེན་མང་བོ་གནས་པས། ཨར་ཅི་རི་ཡཱའི་དམག་དཔུང་གིས་ངེས་པར་དུ་དོགས་ཟོན་མཐོར་འདེགས་བྱས་ཏེ་ཉེན་ཁ་སྣ་ཚོགས་ཐག་གཅོད་བྱེད་དགོས་ཟེར།

ཨར་ཅི་རི་ཡཱ་དང་མཱ་ལི། ལི་པུ་ཡཱ་བཅས་ཀྱི་འབྲེལ་མཚམས་ས་ཁུལ་དུ་དུས་རྒྱུན་འཇིགས་སྐུལ་རྩ་འཛུགས་འགུལ་སྐྱོད་བྱེད་བཞིན་ཡོད། ཨར་ཅི་རི་ཡཱའི་ལྷོ་ཕྱོགས་དང་ཤར་ཕྱོགས་མཐའ་མཚམས་ས་ཁུལ་དུ་དམག་མི་ཁྲི་ཕྲག་འགའ་བཀོད་སྒྲིག་བྱས་ཡོད་པ་དང་། འཇིགས་སྐུལ་ཉེས་ཅན་དག་ཨར་ཅི་རི་ཡཱའི་མངའ་ཁོངས་སུ་ཡོང་བར་སྔོན་འགོག་བྱས།

 

མཉམ་སྤྱོད་བྱེད་གནས། 


ར་སྤྲོད་ཨང་།          མིང་མེད།    
མཛའ་འབྲེལ་ཨ་ལུང་།
ཀྲུང་གོ་བོད་ཀྱི་དྲ་བ།གུང་ཁྲན་ཏང་གི་དྲ་བ།བོད་ཀྱི་རིག་མཛོད།བོད་ཀྱི་སློབ་འབྲིང་།མཚོ་སྔོན་བོད་རིགས་དྲ་བ།ཁམས་པའི་དྲ་བ།ཞིང་ཆེན་མི་དམངས་སྲིད་གཞུང་།ཀྲུང་གོའི་བོད་སྐད་རླུང་འཕྲིན།བོད་ལྗོངས་འཕྲིན་དྲ།
ཁམས་པའི་བརྙན་འཕྲིན།ནོར་ནོར་བརྙན་འཕྲིན།ཡོངས་འཛིན་འཚོལ་བཤེར།