ད་ལྟ་གཟིགས་བཞིན་པ། > མདུན་ངོས། > གསར་འགྱུར། > རྒྱལ་སྤྱིའི་གསར་འགྱུར།

ཁྲའོ་ཞན་གྱིས་ཚེས་བཅུ་དྲུག་ཉིན་གྱི་ལྷོ་བྱང་མཐོ་རིམ་གྲོས་མོལ་མཚམས་འཇོག་རྒྱུ་ཡིན་པར་བཤད།

སྤེལ་དུས། 2018-05-16 07:56:41   ཡོང་ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ།   རྡེབ་ཚད།    ནང་དོན་འདི་སྤེལ་མཁན། བསོད་ནམས་ཚེ་རིང་།

ཁྲའོ་ཞན་ཀྲུང་དབྱང་འཕྲིན་གཏོང་ཁང་གིས་ཚེས་བཅུ་དྲུག་ཉིན་གྱི་ཞོགས་པར་བསྒྲགས་པ་ལྟར་ན། ཧན་གོ་དང་ཨ་མེ་རི་ཁས་ཉེ་སྔོན་ཁྲའོ་ཞན་ལ་དམིགས་པའི་གཞི་རྒྱ་ཆེ་བའི་མཉམ་འབྲེལ་དམག་དོན་སྦྱོང་བརྡར་སོགས་དཀྲུག་འཕེན་དང་ངོ་རྒོལ་བྱ་སྤྱོད་དབང་གིས་ཁྲའོ་ཞན་གྱིས་ཚེས་བཅུ་དྲུག་ཉིན་སྤེལ་རྩིས་ཡོད་པའི་ལྷོ་བྱང་མཐོ་རི་གྲོས་མོལ་དེ་མཚམས་མི་འཇོག་ཐབས་མེད་བྱུང་། ཧན་གོ་དང་མཉམ་དུ་མིག་སྔའི་གནས་བབ་བཟོས་པའི་ཨ་མེ་རི་ཁས་ཀྱང་ཉིན་ཐོའི་གྲོས་རིམ་ནང་བཏོན་ཡོད་པའི་ཁྲའོ་ཞན་དང་ཨ་མེ་རི་ཁའི་མགོ་ཁྲིད་པའི་གྲོས་མོལ་དེ་ཅི་འདྲ་ཡིན་པར་ཡང་བསམ་བློ་གཏོང་དགོས་ཟེར།

བསྒྲགས་པ་ལྟར་ན། ཧན་གོ་དང་ཨ་མེ་རི་ཁས་ཚེས་བཅུ་གཅིག་ཉིན་ནས་བཟུང་ཧན་གོའི་མངའ་ཁོངས་སུ་ཁྲའོ་ཞན་ལ་དམིགས་པའི་གཞི་རྒྱ་ཆེ་བའི་མཉམ་འབྲེལ་དམག་དོན་སྦྱོང་བརྡར་སྤེལ་ནས། པན་མིན་མགྲོན་ཁང་གི་བསྒྲགས་གཏམ་ལ་བསམ་བཞིན་དུ་འགྲན་བསླངས་པ་ཡིན་ལ། དེ་ནི་བཟང་བའི་ཕྱོགས་སུ་འཕེལ་རྒྱས་སུ་འགྲོ་བའི་ཁྲའོ་ཞན་ཕྱེད་གླིང་གི་གནས་བབ་དང་རྒྱབ་འགལ་དུ་གྱུར་བའི་དམིགས་ཡུལ་ཡོད་པའི་དམག་དོན་དཀྲུག་འཕེན་བྱ་་སྤྱོད་ཅིག་རེད་ཟེར།

མཉམ་སྤྱོད་བྱེད་གནས། 


ར་སྤྲོད་ཨང་།          མིང་མེད།    
མཛའ་འབྲེལ་ཨ་ལུང་།
ཀྲུང་གོ་བོད་ཀྱི་དྲ་བ།གུང་ཁྲན་ཏང་གི་དྲ་བ།བོད་ཀྱི་རིག་མཛོད།བོད་ཀྱི་སློབ་འབྲིང་།མཚོ་སྔོན་བོད་རིགས་དྲ་བ།ཁམས་པའི་དྲ་བ།ཞིང་ཆེན་མི་དམངས་སྲིད་གཞུང་།ཀྲུང་གོའི་བོད་སྐད་རླུང་འཕྲིན།བོད་ལྗོངས་འཕྲིན་དྲ།
ཁམས་པའི་བརྙན་འཕྲིན།ནོར་ནོར་བརྙན་འཕྲིན།ཡོངས་འཛིན་འཚོལ་བཤེར།