ད་ལྟ་གཟིགས་བཞིན་པ། > མདུན་ངོས། > གསར་འགྱུར། > རྒྱལ་སྤྱིའི་གསར་འགྱུར།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཨེ་ཤ་ཡཱ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་དཔལ་འབྱོར་སྤྱི་ཚོགས་ཨུ་ཡོན་ལྷན་ཁང་གི་ལོ་ཚོགས་སྐབས་དོན་བཞི་བ་མན་ཀུའུ་ནས་སྤེལ།

སྤེལ་དུས། 2018-05-16 07:58:03   ཡོང་ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ།   རྡེབ་ཚད།    ནང་དོན་འདི་སྤེལ་མཁན། བསོད་ནམས་ཚེ་རིང་།

ཟླ་ལྔ་བའི་ཚེས་བཅུ་བཞི་ཉིན་ནས་ཚེས་བཅུ་དྲུག་ཉིན་བར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཨེ་ཤ་ཡཱ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་དཔལ་འབྱོར་སྤྱི་ཚོགས་ཨུ་ཡོན་ལྷན་ཁང་གི་ལོ་ཚོགས་སྐབས་དོན་བཞི་བ་མན་ཀུའུ་ནས་སྤེལ། མཉམ་འབྲེལ་རྒྱལ་ཚོགས་སྐབས་དོན་གཉིས་པའི་ཀྲུའུ་ཞི་ལེ་ཆཱ་ཁི་དང་། ཨེ་ཤ་ཡཱ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་དཔལ་འབྱོར་སྤྱི་ཚོགས་ཨུ་ཡོན་ལྷན་ཁང་གི་ལག་བསྟར་དྲུང་ཡིག་ཨ་ཧི་ཐཱ་ཨར། གཙོ་སྒྲུབ་རྒྱལ་ཁབ་ཐེ་གོའི་ཕྱི་འབྲེལ་བློན་ཆེན་ཏོན། དེ་མིན་ཁོངས་མིའི་འཐུས་མི་སོགས་མི་ལྔ་བརྒྱ་ཙམ་གྲོས་ཚོགས་ལ་ཞུགས། ཀྲུང་གོའི་ཕྱི་འབྲེལ་པུའུ་ཡི་པུའུ་ཀྲང་ལས་རོགས་པ་ཀྲང་ཅོན་གྱིས་འཐུས་ཚབ་ཚོགས་པ་ཁྲིད་དེ་གྲོས་ཚོགས་ལ་ཞུགས།

གྲོས་ཚོགས་ནས་ཉིས་སྟོང་སུམ་ཅུ་ལོའི་རྒྱུན་མཐུད་འཕེལ་རྒྱས་གྲོས་རིམ་གྱི་རྒྱབ་ལྗོངས་འོག་གི་འདྲ་མཉམ་མིན་པའི་གནད་དོན་སོགས་གྲོས་གཞིར་དཔྱད་གླེང་བྱས་པར་མ་ཟད། ཕྱོགས་མང་རིང་ལུགས་དང་མདུན་གྲལ་ཚན་རྩལ་སོགས་གྲོས་གཞིར་ཆེད་དོན་གྲོས་བསྡུར་བྱས།

གྲོས་ཚོགས་ཀྱི་སྐབས་སུ། ཀྲང་ཅོན་གྱིས་ཨེ་ཤ་ཡཱ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་དཔལ་འབྱོར་སྤྱི་ཚོགས་ཨུ་ཡོན་ལྷན་ཁང་གི་ལག་བསྟར་དྲུང་ཡིག་ཨ་ཧི་ཐཱ་ཨར་ལ་ཐུག་འཕྲད་བྱས་ཏེ། ཀྲུང་གོ་དང་ཨེ་ཤ་ཡཱ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་དཔལ་འབྱོར་སྤྱི་ཚོགས་ཨུ་ཡོན་ལྷན་ཁང་གི་མཉམ་ལས་དང་། ཉིས་སྟོང་སུམ་ཅུ་ལོའི་རྒྱུན་མཐུད་འཕེལ་རྒྱས་ཀྱི་གྲོས་རིམ་དངོས་འབེབ་བྱེད་པའི་ཐད་ནས་བསམ་འཆར་བརྗེ་རེས་བྱས།

མཉམ་སྤྱོད་བྱེད་གནས། 


ར་སྤྲོད་ཨང་།          མིང་མེད།    
མཛའ་འབྲེལ་ཨ་ལུང་།
ཀྲུང་གོ་བོད་ཀྱི་དྲ་བ།གུང་ཁྲན་ཏང་གི་དྲ་བ།བོད་ཀྱི་རིག་མཛོད།བོད་ཀྱི་སློབ་འབྲིང་།མཚོ་སྔོན་བོད་རིགས་དྲ་བ།ཁམས་པའི་དྲ་བ།ཞིང་ཆེན་མི་དམངས་སྲིད་གཞུང་།ཀྲུང་གོའི་བོད་སྐད་རླུང་འཕྲིན།བོད་ལྗོངས་འཕྲིན་དྲ།
ཁམས་པའི་བརྙན་འཕྲིན།ནོར་ནོར་བརྙན་འཕྲིན།ཡོངས་འཛིན་འཚོལ་བཤེར།