ད་ལྟ་གཟིགས་བཞིན་པ། > མདུན་ངོས། > གསར་འགྱུར། > རྒྱལ་སྤྱིའི་གསར་འགྱུར།

མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཧིན་རྡུ་ཉི་ཞི་ཡཱའི་འཇིགས་སྐུལ་འཇབ་རྒོལ་དོན་རྐྱེན་རབ་དང་རིམ་པར་རྒོལ་གཏམ་དྲག་པོ་བཏང་།

སྤེལ་དུས། 2018-05-16 08:00:13   ཡོང་ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ།   རྡེབ་ཚད།    ནང་དོན་འདི་སྤེལ་མཁན། བསོད་ནམས་ཚེ་རིང་།

མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཚེས་བཅུ་བཞིའི་ཉིན་གསལ་སྒྲོག་སྤེལ་ཏེ། ཉིན་གཉིས་ཀྱི་རིང་ཧིན་རྡུ་ཉི་ཞི་ཡཱ་ནས་བྱུང་བའི་འཇིགས་སྐུལ་འཇབ་རྒོལ་དོན་རྐྱེན་རབ་དང་རིམ་པར་རྒོལ་གཏམ་དྲག་པོ་བཏང་བ་དང་། ཉེས་མེད་འདས་པོའི་ཁྱིམ་མི་དང་ཧིན་རྡི་ཉི་ཞི་ཡཱའི་སྲིད་གཞུང་ལ་སེམས་གཏིང་ནས་འཚམས་འདྲི་བྱས།

བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་གསལ་སྒྲོག་ལས་ངེས་པར་དུ་རིགས་དེ་མཚུངས་ཀྱི་འཇིགས་སྐུལ་རིང་ལུགས་བྱ་སྤྱོད་ལག་བསྟར་མཁན་དང་རྩ་འཛུགས་མཁན། དེའི་རོགས་སྐྱོར་མཁན་དང་རྒྱབ་སྐྱོར་མཁན་སོགས་ཁྲིམས་ལ་སྦྱོར་དགོས་པ་ནན་བཤད་བྱས། ཞོར་དུ་རྒྱལ་ཁབ་ཚང་མས་རྒྱལ་སྤྱིའི་བཅའ་ཁྲིམས་དང་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་འབྲེལ་ཡོད་གྲོས་ཆོད་ལས་གཏན་འཁེལ་བྱས་པའི་འོས་འགན་གཞིར་བཟུང་ནས་ཧིན་རྡུ་ཉི་ཞི་ཡཱའི་སྲིད་གཞང་དང་གཞན་པའི་འབྲེལ་ཡོད་ཕྱོགས་བར་མཉམ་ལས་གང་ལེགས་བྱེད་དགོས་པའི་སྐུལ་མ་བཏང་། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་བསྐྱར་སྒྲོག་བྱས་དོན། རྣམ་པ་གང་རུང་གི་འཇིགས་སྐུལ་རིང་ལུགས་ནི་རྒྱལ་སྤྱིའི་ཞི་བདེ་དང་བདེ་འཇགས་ཐད་ཀྱི་ཆེས་ཚབས་ཆེ་བའི་འཇིགས་ཉེན་ཅིག་ཡིན་པས། རྒྱལ་ཁབ་ཚང་མས་ངེས་པར་དུ་ནུས་ཤུགས་ཡོད་དགུ་བཏོན་ནས་འཇིགས་སྐུལ་རིང་ལུགས་ཀྱི་བྱ་སྤྱོད་ལས་རྒྱལ་སྤྱིའི་ཞི་བདེ་དང་བདེ་འཇགས་ཐད་བཟོས་པའི་འཇིགས་ཉེན་ཚོད་འཛིན་བྱེད་དགོས་ཟེར།

ཚེས་བཅུ་གསུམ་ཉིན་དང་ཚེས་བཅུ་བཞིའི་ཉིན། ཧིན་རྡུ་ཉི་ཞི་ཡཱའི་གྲོང་ཁྱེར་ཆེན་པོ་གཉིས་པ་སི་ཧྲོས་གྲོང་ཁྱེ་ནས་འཇིགས་སྐུལ་འགས་གཏོར་དོན་རྐྱེན་ཐེངས་འགའ་བྱུང་བ་དང་། འཇིགས་སྐུལ་ལག་བསྟར་མཁན་ཚང་མ་ཁྱིམ་ཚང་གི་བཟའ་མི་ཡིན་པ་རེད།

 

མཉམ་སྤྱོད་བྱེད་གནས། 


ར་སྤྲོད་ཨང་།          མིང་མེད།    
མཛའ་འབྲེལ་ཨ་ལུང་།
ཀྲུང་གོ་བོད་ཀྱི་དྲ་བ།གུང་ཁྲན་ཏང་གི་དྲ་བ།བོད་ཀྱི་རིག་མཛོད།བོད་ཀྱི་སློབ་འབྲིང་།མཚོ་སྔོན་བོད་རིགས་དྲ་བ།ཁམས་པའི་དྲ་བ།ཞིང་ཆེན་མི་དམངས་སྲིད་གཞུང་།ཀྲུང་གོའི་བོད་སྐད་རླུང་འཕྲིན།བོད་ལྗོངས་འཕྲིན་དྲ།
ཁམས་པའི་བརྙན་འཕྲིན།ནོར་ནོར་བརྙན་འཕྲིན།ཡོངས་འཛིན་འཚོལ་བཤེར།