ད་ལྟ་གཟིགས་བཞིན་པ། > མདུན་ངོས། > གསར་འགྱུར། > རྒྱལ་སྤྱིའི་གསར་འགྱུར།

ཨ་མེ་རི་ཁས་ཨུ་རུ་སི་དང་འབྲེལ་བའི་ཁེ་ལས་ལྔ་དང་མི་གསུམ་ལ་བཀག་སྡོམ་བྱེད་རྒྱུ་ཡིན་ཞེས་བསྒྲགས།

སྤེལ་དུས། 2018-06-12 06:48:58   ཡོང་ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ།   རྡེབ་ཚད།    ནང་དོན་འདི་སྤེལ་མཁན། ཕྱུག་ལོ།

 ཞིན་ཧྭ་གསར་འགྱུར་ཁང་གིས་ཝ་ཧྲིན་ཏོན་ནས་བསྒྲགས་པའི་གསར་འགྱུར། ཨ་མེ་རི་ཁའི་ནོར་སྲིད་པུའུ་ཡིས་ཚེས་བཅུ་གཅིག་ཉིན་དྲ་རྒྱའི་བྱ་འགུལ་ངན་པ་སྤེལ་བར་དོགས་པ་ཟ་བ་རྒྱུ་མཚན་དུ་བྱས་ནས། ཨུ་རུ་སི་དང་འབྲེལ་བའི་ཁེ་ལས་ལྔ་དང་མི་གསུམ་ལ་བཀག་སྡོམ་བྱེད་རྒྱུ་ཡིན་ཞེས་བསྒྲགས།

ཨ་མེ་རི་ཁའི་ནོར་སྲིད་པུའུ་ཡིས་ཉིན་དེར་གསལ་བསྒྲགས་ཤིག་གི་ནང་དུ་བཤད་རྒྱུར། བཀག་སྡོམ་བྱེད་རྒྱུ་ཡིན་པའི་ཁེ་ལས་གསུམ་གྱིས་ཨུ་རུ་སིའི་རྒྱལ་ཕྲན་མཉམ་འབྲེལ་བདེ་འཇགས་སྡེ་ཁག་ལ་དངོས་རྫས་དང་ལག་རྩལ་གྱི་རྒྱབ་སྐྱོར་འདོན་སྤྲོད་བྱས་པར་དོགས་པ་ཟ་ལ། བཀག་སྡོམ་བྱེད་རྒྱུ་ཡིན་པའི་ཁེ་ལས་དག་ཨུ་རུ་སིའི་དྲ་རྒྱའི་ནུས་པ་ཇེ་ཆེར་གཏོང་བར་ཐད་ཀར་དུ་ཟབ་ཞུགས་བྱས་ཏེ། ཨ་མེ་རི་ཁ་དང་མནའ་གྲོགས་རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་བསྐྱལ་ཡོད་ཟེར།

ཨ་མེ་རི་ཁའི་ནོར་སྲིད་དཔོན་པོ་མུའུ་ནུའུ་ཆིན་གྱིས་གསལ་བསྒྲགས་ནང་དུ་བཤད་རྒྱུར། ཨ་མེ་རི་ཁས་ཨུ་རུ་སིའི་སྲིད་གཞུང་དང་དམག་དཔུང་། གསང་འཕྲིན་སྡེ་ཁག་བཅས་ཀྱི་བཀའ་ལྟར་དྲ་རྒྱའི་བྱ་འགུལ་ངན་པར་ཞུགས་པའི་ཁེ་ལས་དང་མི་སྣར་རྒོལ་ལན་སྤྲོད་བཞིན་ཡོད་ལ། ཨ་མེ་རི་ཁས་མུ་མཐུད་དུ་བཀག་སྡོམ་གྱི་བྱེད་ཐབས་སྤྱད་ནས་ཨུ་རུ་སིས་བསྟུད་མར་འཇིགས་སྣང་བསླངས་པར་རྒོལ་ལན་སྤྲོད་རྒྱུ་ཡིན་ཟེར།
འབྲེལ་ཡོད་ཐག་གཅོད་ལྟར་ན། བཀག་སྡོམ་ཐེབས་པའི་མི་སྣ་དང་ཁེ་ལས་ཀྱི་ཨ་མེ་རི་ཁའི་མངའ་ཁོངས་སུ་ཡོད་པའི་རྒྱུ་ནོར་བཀག་སྡོམ་བྱེད་རྒྱུ་ཡིན་པ་དང་། ཨ་མེ་རི་ཁའི་སྤྱི་དམངས་ཀྱིས་དེ་དག་བར་དུ་ཉོ་འཚོང་གི་འབྲེལ་བ་བཙུགས་མི་ཆོག

ཨ་མེ་རི་ཁའི་ཙུང་ཐུང་ཐི་ལང་ཕུའུ་ཡིས་ན་ནིང་གི་ཟླ་བརྒྱད་པའི་ཚེས་གཉིས་ཉིན་ཨུ་རུ་སི་དང་དབྱི་ལང་། ཁྲའོ་ཞན་བཅས་རྒྱལ་ཁབ་གསུམ་ལ་དམིགས་པའི་བཀག་སྡོམ་ཁྲིམས་གཞི་ཞིག་བཀོད་ཡོད། ཁྲིམས་གཞི་དེ་ལྟར་ན། ཨ་མེ་རི་ཁས་ཨུ་རུ་སིས་ཨ་མེ་རི་ཁའི་ཉིས་སྟོང་བཅུ་དྲུག་ལོའི་ཙུང་ཐུང་འདེམ་བསྐོ་དང་ཝུའུ་ཁི་ལན་གྱི་གནད་དོན་ལ་ཐེ་གཏོགས་བྱས་པ་སོགས་ལ་དོགས་པ་ཟ་བ་རྒྱུ་མཚན་དུ་བྱས་ནས། ཨུ་རུ་སིའི་འབྲེལ་ཡོད་མི་སྣ་དང་ཁེ་ལས་ལ་བཀག་སྡོམ་བྱེད་དགོས། ད་ལོར་ཨ་མེ་རི་ཁའི་ནོར་སྲིད་པུའུ་ཡིས་ཐེངས་མང་པོར་ཨུ་རུ་སི་ལ་བཀག་སྡོམ་བྱས་མྱོང་།

ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་ད་ལོའི་ཟླ་དྲུག་པའི་ཚེས་བཞི་ཉིན་བཅའ་ཁྲིམས་ཡིག་ཆ་བཀོད་དེ། ཨ་མེ་རི་ཁ་སོགས་རྒྱལ་ཁབ་ཀྱིས་ཨུ་རུ་སི་ལ་བཀག་སྡོམ་བྱེད་པར་ཁ་གཏད་འཇལ། བཅའ་ཁྲིམས་དེ་ལྟར་ན། ཨུ་རུ་སིའི་སྲིད་གཞུང་གིས་རྒོལ་ལན་སྤྲོད་པའི་བྱེད་ཐབས་སྣ་ཚོགས་གཏན་ཁེལ་བྱས་ཆོག

མཉམ་སྤྱོད་བྱེད་གནས། 


ར་སྤྲོད་ཨང་།          མིང་མེད།    
མཛའ་འབྲེལ་ཨ་ལུང་།
ཀྲུང་གོ་བོད་ཀྱི་དྲ་བ།གུང་ཁྲན་ཏང་གི་དྲ་བ།བོད་ཀྱི་རིག་མཛོད།བོད་ཀྱི་སློབ་འབྲིང་།མཚོ་སྔོན་བོད་རིགས་དྲ་བ།ཁམས་པའི་དྲ་བ།ཞིང་ཆེན་མི་དམངས་སྲིད་གཞུང་།ཀྲུང་གོའི་བོད་སྐད་རླུང་འཕྲིན།བོད་ལྗོངས་འཕྲིན་དྲ།
ཁམས་པའི་བརྙན་འཕྲིན།ནོར་ནོར་བརྙན་འཕྲིན།ཡོངས་འཛིན་འཚོལ་བཤེར།