ད་ལྟ་གཟིགས་བཞིན་པ། > མདུན་ངོས། > གསར་འགྱུར། > རྒྱལ་སྤྱིའི་གསར་འགྱུར།

ཁྲའོ་ཞན་དང་ཨ་མེ་རི་ཁའི་འགོ་ཁྲིད་པས་མཉམ་འབྲེལ་གསལ་བསྒྲགས་སྤེལ་ནས་ཕྱེད་གླིང་དུ་ཉིང་རྡུལ་མཚོན་ཆ་མེད་པར་གཏོང་བའི་ཞི་བདེའི་དམིགས་འབེན་གཏན་ཁེལ་བྱས།

སྤེལ་དུས། 2018-06-13 08:53:39   ཡོང་ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ།   རྡེབ་ཚད།    ནང་དོན་འདི་སྤེལ་མཁན། ཕྱུག་ལོ།

4.bmp

 ཟླ་དྲུག་པའི་ཚེས་བཅུ་གཉིས་ཉིན། ཁྲའོ་ཞན་གྱི་ཆེས་མཐོའི་འགོ་ཁྲིད་པ་ཅིན་ཀྲིན་ཨིན་དང་ཨ་མེ་རི་ཁའི་ཙུང་ཐུང་ཐི་ལང་ཕུའུ་གཉིས་ཀྱིས་སིང་ག་ཕོར་ནས་མཉམ་འབྲེལ་གསལ་བསྒྲགས་བཀོད།
5.bmp

ཟླ་དྲུག་པའི་ཚེས་བཅུ་གཉིས་ཉིན། ཁྲའོ་ཞན་གྱི་ཆེས་མཐོའི་འགོ་ཁྲིད་པ་ཅིན་ཀྲིན་ཨིན་དང་ཨ་མེ་རི་ཁའི་ཙུང་ཐུང་ཐི་ལང་ཕུའུ་གཉིས་ཀྱིས་སིང་ག་ཕོར་ནས་མཉམ་འབྲེལ་གསལ་བསྒྲགས་བཀོད།

ཚེས་བཅུ་གཉིས་ཉིན་གྱི་ཕྱི་དྲོར། སིང་ག་ཕོར་རྒྱལ་ཁབ་ཀྱི་ཧྲིན་ཐའོ་ཧྲ་གླིང་ཕྲན་སྟེང་གི་ཅ་ཕེ་ལི་མགྲོན་ཁང་ནས། ཁྲའོ་ཞན་རྒྱལ་སྲིད་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཅིན་ཀྲིན་ཨིན་དང་ཨ་མེ་རི་ཁའི་ཙུང་ཐུང་ཐི་ལང་ཕུའུ་གཉིས་ཀྱིས་གདོང་ལ་འཛུམ་གྱིས་ཁེངས་བཞིན་རང་གིས་མིང་བཀོད་པའི་ཡིག་ཆ་བརྗེ་རེས་བྱས་པ་དང་། ཡང་བསྐྱར་ཕན་ཚུན་ལ་ལག་འཇུ་བྱས།

ཅིན་ཀྲིན་ཨིན་དང་ཐི་ལང་ཕུའུ་ཡིས་ཉིན་དེར་ས་དེ་ནས་ཁྲའོ་ཞན་དང་ཨ་མེ་རི་ཁའི་ལས་ཁུར་འགོ་ཁྲིད་པའི་ལོ་རྒྱུས་སྟེང་གི་ཐུག་འཕྲད་ཐོག་མ་དེ་སྤེལ་བར་མ་ཟད། མཉམ་འབྲེལ་གསལ་བསྒྲགས་ཤིག་བཀོད།

ཐི་ལང་ཕུའུ་ཡིས་གསལ་བསྒྲགས་སྟེང་མིང་འགོད་པའི་ཡུལ་དངོས་ནས་སྨྱན་ལམ་ཁག་ལ་བསྟན་པའི་མཉམ་འབྲེལ་གསལ་བསྒྲགས་ཀྱི་ཡིག་ཆ་ལྟར་ན། ཁྲའོ་ཞན་དང་ཨ་མེ་རི་ཁས་འབད་བརྩོན་ཆེན་པོས་ཁྲའོ་ཞན་དང་ཨ་མེ་རི་ཁའི་འབྲེལ་བ་གསར་བ་འཛུགས་རྒྱུ་ཡིན་པ་དང་། ཁྲའོ་ཞན་ཕྱེད་གླིང་གི་དུས་གཏན་གྱི་གཏན་འཇགས་ཞི་བདེའི་རྐྱེན་སྲོལ་འཛུགས་རྒྱུ་རེད། ཐི་ལང་ཕུའུ་ཡིས་ཁྲའོ་ཞན་ལ་བདེ་འཇགས་འགན་སྲུང་འདོན་སྤྲོད་བྱེད་རྒྱུའི་དམ་བཅས་པ་དང་། ཅིན་ཀྲིན་ཨིན་གྱིས་ཁྲའོ་ཞན་ཕྱེད་གླིང་དུ་ཉིང་རྡུལ་མཚོན་ཆ་གཏན་ནས་མེད་པར་བྱེད་པའི་དམ་བཅའ་བསྐྱར་བསྒྲགས་བྱས། ཐུག་འཕྲད་ཀྱི་གྲུབ་འབྲས་དོན་ཐོག་ཏུ་འཁྱོལ་བར་བྱེད་ཆེད། ཁྲའོ་ཞན་དང་ཨ་མེ་རི་ཁས་རིམ་པ་མཐོ་བའི་སྲིད་གཞུང་གི་འཐུས་ཚབ་ཚོགས་པའི་གྲོས་མོལ་སྤེལ་རྒྱུ་རེད།

ཅིན་ཀྲིན་ཨིན་གྱིས་གསལ་བསྒྲགས་སྟེང་མིང་འགོད་པའི་མཛད་སྒོའི་སྟེང་བཤད་རྒྱུར། ཐེངས་འདིའི་ཐུག་འཕྲད་བརྒྱུད་དེ་ཕྱོགས་གཉིས་ཀྱིས་འདས་པའི་འགལ་བ་རིང་དུ་དོར་ནས་འགོ་རྩོམ་ས་གསར་པ་ཞིག་བསུ་རྒྱུ་ཡིན་ཟེར། ཐི་ལང་ཕུའུ་ཡིས་མཉམ་འབྲེལ་གསལ་བསྒྲགས་ཀྱི་ནང་དོན་ཧ་ཅང་རྒྱ་ཆེ་ལ། ཨ་མེ་རི་ཁ་དང་ཁྲའོ་ཞན་གྱི་འབྲེལ་བ་དེ་སྔོན་ཆད་དང་གཏན་ནས་མི་འདྲ་བར་འགྱུར་ངེས་ཞེས་བཤད།

ཐི་ལང་ཕུའུ་ཡིས་ཉིན་དེར་བསྡུས་པའི་གསར་འགོད་པའི་ཚོགས་འདུའི་སྟེང་བཤད་རྒྱུར། ཕྱེད་གླིང་དུ་ཉིང་རྡུལ་མཚོན་ཆ་མེད་པར་གཏོང་བའི་འཕེལ་རིམ་མྱུར་དུ་འབྱེད་རྒྱུ་ཡིན་མོད། ཡིན་ནའང་ཉིང་རྡུལ་མཚོན་ཆ་མེད་པར་གཏོང་བ་ནི་ཡུན་རིང་གི་བརྒྱུད་རིམ་ཞིག་ཡིན་ལ། ཨ་མེ་རི་ཁས་ཕྱེད་གླིང་གི་ཉིང་རྡུལ་གནད་དོན་ཐག་མ་བཅད་པའི་སྔོན་ལ་མུ་མཐུད་དུ་ཁྲའོ་ཞན་ལ་བཀག་སྡོམ་བྱེད་རྒྱུ་ཡིན་ཟེར། ཁོས་ད་དུང་ཨ་མེ་རི་ཁ་དང་ཁྲའོ་ཞན་བར་དུ་འབྲེལ་བ་འཛུགས་པར་རེ་སྒུག་བྱས་ཡོད་ནའང་། མིག་སྔར་ད་དུང་གནས་ཚུལ་བཤད་དཀའ་ཞེས་བཤད།

ཀྲུང་གོའི་རྒྱལ་སྲིད་ཨུ་ཡོན་གྱི་ཞོར་དུ་ཕྱི་འབྲེལ་པུའུ་ཀྲང་གི་འགན་ཁུར་མཁན་ཝང་དབྱི་ཡིས་ཚེས་བཅུ་གཉིས་ཉིན་བསྟན་དོན། ཁྲའོ་ཞན་དང་ཨ་མེ་རི་ཁ་གཉིས་ཕན་ཚུན་ཁ་གཏད་དུ་ལངས་པ་དང་ཐ་ན་ཕན་ཚུན་དགྲ་རུ་བཟུང་ནས་དུས་རབས་ཕྱེད་ཀ་ལྷག་འགོར་ཡོད། རྒྱལ་ཁབ་གཉིས་ཀྱི་འགོ་ཁྲིད་པ་མཉམ་དུ་ཐུག་ནས་འདྲ་མཉམ་གྱི་གྲོས་མོལ་བྱས་པ་དེར་མ་གཞི་ནས་གལ་ཆེ་ཞིང་དགེ་མཚན་ལྡན་པའི་དོན་སྙིང་ལྡན། ཕྱོགས་གཉིས་ཀྱི་འགོ་ཁྲིད་པས་ཕྱེད་གླིང་དུ་ཉིང་རྡུལ་མཚོན་ཆ་མེད་པར་གཏོང་བ་དང་། ཕྱེད་གླིང་གི་ཞི་བདེའི་རྐྱེན་སྲོལ་འཛུགས་པའི་ཐད་ནས་ཐུན་མོང་གི་ལྟ་བ་བྱུང་སྟེ་ངོ་བོ་རང་བཞིན་གྱི་གོམ་སྟབས་སྤོ་རྒྱུ་ནི་ང་ཚོའི་རེ་བ་ཡིན་ཟེར།

མཉམ་སྤྱོད་བྱེད་གནས། 


ར་སྤྲོད་ཨང་།          མིང་མེད།    
མཛའ་འབྲེལ་ཨ་ལུང་།
ཀྲུང་གོ་བོད་ཀྱི་དྲ་བ།གུང་ཁྲན་ཏང་གི་དྲ་བ།བོད་ཀྱི་རིག་མཛོད།བོད་ཀྱི་སློབ་འབྲིང་།མཚོ་སྔོན་བོད་རིགས་དྲ་བ།ཁམས་པའི་དྲ་བ།ཞིང་ཆེན་མི་དམངས་སྲིད་གཞུང་།ཀྲུང་གོའི་བོད་སྐད་རླུང་འཕྲིན།བོད་ལྗོངས་འཕྲིན་དྲ།
ཁམས་པའི་བརྙན་འཕྲིན།ནོར་ནོར་བརྙན་འཕྲིན།ཡོངས་འཛིན་འཚོལ་བཤེར།