ད་ལྟ་གཟིགས་བཞིན་པ། > མདུན་ངོས། > གསར་འགྱུར། > རྒྱལ་སྤྱིའི་གསར་འགྱུར།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོས་ཨེ་ཙི་ནད་འགོག་བཅོས་བྱེད་པར་ལྷོད་གཡེང་བྱེད་མི་རུང་བའི་འབོད་སྐུལ་བཏང་།

སྤེལ་དུས། 2018-06-13 08:58:29   ཡོང་ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ།   རྡེབ་ཚད།    ནང་དོན་འདི་སྤེལ་མཁན། ཕྱུག་ལོ།

 མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལེ་སི་ཡིས་ཚེས་བཅུ་གཉིས་ཉིན་བཤད་རྒྱུར། འཛམ་གླིང་ཡོངས་ཀྱི་ཁྱབ་ཁོངས་སུ་ཨེ་ཙི་ནད་འགོག་བཅོས་བྱེད་པར་གྲུབ་འབྲས་ཐོབ་ཡོད་ན་ཡང་། འབྲེལ་ཡོད་འབད་བརྩོན་གྱི་རྒྱུན་ད་དུང་ལྷོད་མི་རུང་ཟེར།

ཀུའུ་ཐི་ལེ་སི་ཡིས་ཉིན་དེར་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱི་ཨེ་ཙི་ནད་འགོག་བཅོས་དཔྱད་གླེང་ཚོགས་འདུའིི་སྟེང་གཏམ་བཤད་སྤེལ་སྐབས། ཨེ་ཙི་ནད་འགོག་བཅོས་བྱ་བ་དེ་འཛམ་གླིང་ཡོངས་ཀྱི་ཁྱབ་ཁོངས་སུ་བརྟན་བརླིང་ངང་གོང་འཕེལ་བྱུང་བ་དང་། མི་སྔར་ལས་མང་པོར་ཨེ་ཙི་ནད་དུག་གི་ཞིབ་བཤེར་དང་སྨན་བཅོས་ཐོབ་ཐུབ་ཡོད་ལ། མ་བུའི་བར་དུ་ནད་དུག་འགོས་ཚད་ཇེ་ཉུང་དུ་སོང་བ་དང་བསྟུན་ནས། བྱིས་པར་ཨེ་ཙི་ནད་དུག་ཕོག་ཚད་བསྟུད་མར་ཇེ་ཉུང་དུ་སོང་ཡོད་ཅེས་བཤད།

ཡིན་ན་ཡང་ཀུའུ་ཐི་ལེ་སི་ཡིས་ད་དུང་བསྟན་དོན། འཛམ་གླིང་ཡོངས་ཀྱི་ཨེ་ཙི་ནད་འགོག་བཅོས་ཀྱི་འཕེལ་རིམ་དོ་མཉམ་མིན། གཞོན་ནུ་མ་རྣམས་ལ་ཨེ་ཙི་ནད་དུག་ཕོག་ཚད་མཐོ་བ་དང་གནོད་འཚེ་འབྱུང་ཚད་གཞན་ལས་སླ་ཟེར། ཁོས་བྱེད་ཐབས་སྤྱད་དེ་ན་གཞོན་རྣམས་ལ་རང་སྲུང་གི་ནུས་པ་ཡོད་པར་བྱེད་དགོས་པ་དང་། དེའི་ནང་དུ་ལུས་ཁམས་དང་སྐྱེ་འཕེལ་བདེ་ཐང་གི་ཞབས་ཞུ་འདོན་སྤྲོད་བྱེད་པ་དང་། ཨེ་ཙི་ནད་དུག་ཕོག་པའི་ན་གཞོན་རྣམས་ལ་ནད་དུག་གི་སྨན་བཅོས་བྱེད་པ་སོགས་འདུ་ཞེས་བཤད།

ཀུའུ་ཐི་ལེ་སི་ཡིས་བཤད་རྒྱུར། སྔོན་འགོག་ནི་ཨེ་ཙི་ནད་འགོས་མཆེད་ཀྱི་རྒྱུ་ལམ་འགོག་པའི་གནད་འགག་ཡིན་ལ། ཨེ་ཙི་ནད་ནི་རྩ་བ་ནས་མེད་པར་བཏང་ཆོག་པ་ཞིག་ཡིན་པས། འཛམ་གླིང་ཡོངས་ཀྱིས་དེའི་ཐད་ནས་མཉམ་དུ་འབད་བརྩོན་བྱེད་དགོས་ཟེར།

མཉམ་སྤྱོད་བྱེད་གནས། 


ར་སྤྲོད་ཨང་།          མིང་མེད།    
མཛའ་འབྲེལ་ཨ་ལུང་།
ཀྲུང་གོ་བོད་ཀྱི་དྲ་བ།གུང་ཁྲན་ཏང་གི་དྲ་བ།བོད་ཀྱི་རིག་མཛོད།བོད་ཀྱི་སློབ་འབྲིང་།མཚོ་སྔོན་བོད་རིགས་དྲ་བ།ཁམས་པའི་དྲ་བ།ཞིང་ཆེན་མི་དམངས་སྲིད་གཞུང་།ཀྲུང་གོའི་བོད་སྐད་རླུང་འཕྲིན།བོད་ལྗོངས་འཕྲིན་དྲ།
ཁམས་པའི་བརྙན་འཕྲིན།ནོར་ནོར་བརྙན་འཕྲིན།ཡོངས་འཛིན་འཚོལ་བཤེར།