ད་ལྟ་གཟིགས་བཞིན་པ། > མདུན་ངོས། > གསར་འགྱུར། > རྒྱལ་སྤྱིའི་གསར་འགྱུར།

ཨེ་ཤ་ཡཱའི་གནོད་སེལ་པུའུ་ཀྲང་རིམ་པའི་གྲོས་ཚོགས་སྐབས་གཉིས་པ་མོང་གོལ་ནས་ཚོགས་མགོ་བརྩམས།

སྤེལ་དུས། 2018-07-04 10:07:45   ཡོང་ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ།   རྡེབ་ཚད།    ནང་དོན་འདི་སྤེལ་མཁན། བསོད་ནམས་ཚེ་རིང་།

7月3日,蒙古国总理呼日勒苏赫在第二届亚洲减灾部长级会议开幕式致辞。.jpg
ཟླ་བདུན་པའི་ཚེས་གསུམ་ཉིན། མོང་གོལ་རྒྱལ་ཁབ་ཀྱི་ཙུང་ལི་ཧུའུ་རི་ལེ་སུའུ་ཧི་ཡིས་ཨེ་ཤ་ཡཱའི་གནོད་སེལ་པུའུ་ཀྲང་རིམ་པའི་གྲོས་ཚོགས་སྐབས་གཉིས་པ་མགོ་རྩོམ་པའི་མཛད་སྒོའི་སྟེང་ཞུ་ཚིག་ཕུལ།

མོང་གོལ་རྒྱལ་ཁབ་སྲིད་གཞུང་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱལ་སྤྱིའི་གནོད་སེལ་འཐབ་ཇུས་ཀྱིས་མཉམ་དུ་གཙོ་སྒྲུབ་བྱས་པའི་ཨེ་ཤ་ཡཱའི་གནོད་སེལ་པུའུ་ཀྲང་རིམ་པའི་གྲོས་ཚོགས་སྐབས་གཉིས་པ་ཚེས་གསུམ་ཉིན་གྱི་ཕྱི་དྲོར་མོང་གོལ་གྱི་རྒྱལ་ས་ཝུའུ་ལན་པཱ་ཐའོ་རྒྱལ་ཁབ་ཕོ་བྲང་ནས་སྤེལ་མགོ་བརྩམས། རྒྱལ་ཁབ་དང་ས་ཁུལ་ལྔ་བཅུ་ལྷག་དང་། དམངས་ཁྲོད་ཚོགས་ཁག ཚན་རིག་ཞིབ་འཇུག་ལས་ཁུངས། ཁེ་ལས་མི་སྒེར་བཅས་མི་སྟོང་གསུམ་ལྷག་གྲོས་ཚོགས་ལ་ཞུགས། ཀྲུང་གོའི་འཕྲལ་སྒྲུབ་དོ་དམ་པུའུ་ཡི་པུའུ་ཀྲང་གཞོན་པ། ཀྲུང་གོའི་ས་གཤིས་བརྟག་དཔྱད་ཅུའུ་ཡི་ཅུའུ་ཀྲང་ཀྲིན་གོ་ཀོང་གིས་ཀྲུང་གོའི་སྲིད་གཞུང་གི་ཚབ་བྱས་ཏེ་གྲོས་ཚོགས་ལ་ཞུགས།

མོང་གོལ་རྒྱལ་ཁབ་ཀྱི་ཙུང་ལི་ཧུའུ་རི་ལེ་སུའུ་ཧི་དང་ཙུང་ལི་གཞོན་པ་ཨིན་ཧི་ཐུའུ་པུའུ་ཞིན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོའི་དམིགས་བསལ་འཐུས་མི་ཧྲོས་ཉིའོ་ཀྲིན་མཱེ་བཅས་ཚོགས་མགོ་རྩོམ་པའི་མཛད་སྒོར་ཞུགས་ཏེ་གཏམ་བཤད་སྤེལ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཡིས་བརྙན་རིས་བརྒྱུད་དེ་གྲོས་ཚོགས་མགོ་བརྩམས་པར་རྟེན་འབྲེལ་ཞུས།

མཚམས་སྦྱོར་བྱས་པ་ལྟར་ན། གྲོས་ཚོགས་ལ་ཞུགས་མཁན་རྣམས་ཀྱིས་སྐབས་འདིའི་གྲོས་ཚོགས་ནས་ཞན་ཐེ་གནོད་འཚེའི་ཉེན་ཁ་སེལ་བའི་སྒྲོམ་གཞིའི་ལག་བསྟར་གནས་ཚུལ་དང་། ཨེ་ཤ་ཡཱ་ས་ཁུལ་གྱི་འཆར་གཞི་དངོས་འབེབ་བྱས་པའི་གནས་ཚུལ། ས་ཁུལ་རང་གི་རྒྱལ་ཁབ་དག་གིས་གནོད་འཚེ་ཇེ་ཉུང་དུ་གཏོང་བའི་ཐད་ཁུར་བའི་འགན་འཁྲི་དང་དམ་བཅའ། བྱེད་ཐབས་སོགས་ལ་དཔྱད་འཇོག་དང་སྤྱི་བསྡོམས་བྱས་པར་མ་ཟད། ཞན་ཐེ་གནོད་འཚེའི་ཉེན་ཁ་སེལ་བའི་སྒྲོམ་གཞི་ལག་བསྟར་བྱེད་པའི་ཨེ་ཤ་ཡཱ་ས་ཁུལ་གྱི་ཉིས་སྟོང་བཅོ་བརྒྱད་ལོ་ནས་ཉིས་སྟོང་ཉི་ཤུ་ལོའི་བར་གྱི་འཆར་གཞི་དང་། ཝུའུ་ལན་པཱ་ཐའོ་བསྒྲགས་གཏམ། ཚོགས་ཞུགས་མཁན་གྱི་རེ་འདུན་གསལ་སྒྲོག་སོགས་ཡིག་ཆར་གྲོས་འཆམ་བྱུང་།

གྲོས་ཚོགས་སྐབས་སུ་མོང་གོལ་རྒྱལ་ཁབ་སྲིད་གཞུང་གིས་ད་རུང་མཁར་གྲོང་གནོད་འགོག་དང་མེ་འགོག་ནུས་པ་ལྡན་པའི་རྨང་གཞིའི་སྒྲིག་ཆས་ཀྱི་བྱེད་ནུས་ཇེ་མཐོར་གཏོང་བ་དང་གནོད་འཚེའི་ཉེན་ཁ་ཇེ་ཉུང་དུ་གཏོང་ཆེད་གཞུང་སྒེར་ཁེ་ལས་ཀྱི་མཉམ་ལས་དང་དངུལ་གཏོང་ཇེ་མང་དུ་གཏོང་བ་བཅས་ཡན་ལག་ཚོགས་འདུ་གཉིས་གཙོ་སྒྲུབ་བྱེད་རྒྱུ་རེད།

 

མཉམ་སྤྱོད་བྱེད་གནས། 


ར་སྤྲོད་ཨང་།          མིང་མེད།    
མཛའ་འབྲེལ་ཨ་ལུང་།
ཀྲུང་གོ་བོད་ཀྱི་དྲ་བ།གུང་ཁྲན་ཏང་གི་དྲ་བ།བོད་ཀྱི་རིག་མཛོད།བོད་ཀྱི་སློབ་འབྲིང་།མཚོ་སྔོན་བོད་རིགས་དྲ་བ།ཁམས་པའི་དྲ་བ།ཞིང་ཆེན་མི་དམངས་སྲིད་གཞུང་།ཀྲུང་གོའི་བོད་སྐད་རླུང་འཕྲིན།བོད་ལྗོངས་འཕྲིན་དྲ།
ཁམས་པའི་བརྙན་འཕྲིན།ནོར་ནོར་བརྙན་འཕྲིན།ཡོངས་འཛིན་འཚོལ་བཤེར།