ད་ལྟ་གཟིགས་བཞིན་པ། > མདུན་ངོས། > གསར་འགྱུར། > རྒྱལ་སྤྱིའི་གསར་འགྱུར།

ཅིར་ཅི་སི་སི་ཐན་གྱི་མུས-8རྟགས་ཅན་གྱི་གྱེན་འཕུར་གནམ་གྲུ་ཞིག་སར་ལྷུང་།

སྤེལ་དུས། 2018-07-10 07:51:23   ཡོང་ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ།   རྡེབ་ཚད།    ནང་དོན་འདི་སྤེལ་མཁན། བསོད་ནམས་ཚེ་རིང་།

ཅིར་ཅི་སི་སི་ཐན་གྱི་དྲག་ཆས་དམག་དཔུང་གི་གསར་འགྱུར་ཁྲུའུ་ཡིས་ཚེས་དགུ་ཉིན་བསྒྲགས་པ་ལྟར་ན། མུས-8རྟགས་ཅན་གྱི་གྱེན་འཕུར་གནམ་གྲུ་ཞིག་གིས་ཅིར་ཅི་སི་སི་ཐན་བྱང་ཕྱོགས་ཀྱི་རི་ཁུལ་དུ་ལས་འགན་ལག་བསྟར་བྱེད་སྐབས་སར་ལྷུང་སྟེ། གནམ་གྲུའི་སྟེང་གི་མི་བཞིར་རྨས་ཕོག་ཟེར།

བསྒྲགས་པ་ལྟར་ན། གྱེན་འཕུར་གནམ་གྲུ་དེ་སྐབས་ཐོག་དེར་དབྱེ་སེ་ཁི་ཧུའུ་ཀྲིག་གི་ནན་ཨིན་ནེ་ཨར་ཆེ་ཁི་རི་བོར་འཕུར་ནས་དཀའ་ཁག་ལ་འཕྲད་པའི་འཇར་པན་གྱི་རིར་འགོ་ལུས་རྩལ་པ་ཞིག་སྐྱོབ་ཏུ་སོང་བ་རེད། གྱེན་འཕུར་གནམ་གྲུ་དེ་སར་འབབ་སྐབས་དྲག་རླུང་དབང་གིས་སར་ལྷུང་བ་དང་། གནམ་གྲུའི་སྟེང་གི་མི་བཞི་ལ་ཚད་མི་འདྲ་བའི་རྨས་སྐྱོན་ཕོག་ཡོད་ཟེར།

ནན་ཨིན་ནེ་ཨར་ཆེ་ཁི་རི་བོ་དེ་ཅིར་ཅི་སི་སི་ཐན་གྱི་ཐེན་ཧྲན་རི་བོའི་རི་བརྒྱུད་ཀྱི་ལྟེ་བར་གནས་པ་དང་། མཚོ་ངོས་ལས་མཐོ་ཚད་ལ་རྨིད་བཞི་སྟོང་ཙམ་ཡོད་པ་རེད།

མཉམ་སྤྱོད་བྱེད་གནས། 


ར་སྤྲོད་ཨང་།          མིང་མེད།    
མཛའ་འབྲེལ་ཨ་ལུང་།
ཀྲུང་གོ་བོད་ཀྱི་དྲ་བ།གུང་ཁྲན་ཏང་གི་དྲ་བ།བོད་ཀྱི་རིག་མཛོད།བོད་ཀྱི་སློབ་འབྲིང་།མཚོ་སྔོན་བོད་རིགས་དྲ་བ།ཁམས་པའི་དྲ་བ།ཞིང་ཆེན་མི་དམངས་སྲིད་གཞུང་།ཀྲུང་གོའི་བོད་སྐད་རླུང་འཕྲིན།བོད་ལྗོངས་འཕྲིན་དྲ།
ཁམས་པའི་བརྙན་འཕྲིན།ནོར་ནོར་བརྙན་འཕྲིན།ཡོངས་འཛིན་འཚོལ་བཤེར།