ད་ལྟ་གཟིགས་བཞིན་པ། > མདུན་ངོས། > གསར་འགྱུར། > རྒྱལ་སྤྱིའི་གསར་འགྱུར།

ཀྲུང་གོ་དང་ཨ་རབ་རྒྱལ་ཁབ་མཉམ་ལས་གླེང་སྟེགས་ཀྱི་པུའུ་ཀྲང་རིམ་པའི་གྲོས་ཚོགས་སྐབས་བརྒྱད་པ་པེ་ཅིང་ནས་སྤེལ།

སྤེལ་དུས། 2018-07-11 10:13:54   ཡོང་ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ།   རྡེབ་ཚད།    ནང་དོན་འདི་སྤེལ་མཁན། བསོད་ནམས་ཚེ་རིང་།

ཀྲུང་གོ་དང་ཨ་རབ་རྒྱལ་ཁབ་མཉམ་ལས་གླེང་སྟེགས་ཀྱི་པུའུ་ཀྲང་རིམ་པའི་གྲོས་ཚོགས་སྐབས་བརྒྱད་པ་ཚེས་བཅུའི་ཉིན་པེ་ཅིང་ནས་སྤེལ། ཀྲུང་གོའི་རྒྱལ་སྲིད་བློན་ཆེན་དང་ཕྱི་འབྲེལ་བློན་ཆེན་གྱི་འགན་གཅིག་ལྕོགས་སུ་ཁུར་མཁན་ཝང་དབྱེ་ཡིས་ཨ་རབ་རྒྱལ་ཁབ་མནའ་འབྲེལ་གྱི་ཀྲུའུ་ཞི་དང་། སོ་ཏི་ཨ་རབ་ཀྱི་ཕྱི་འབྲེལ་བློན་ཆེན་ཀྲུའུ་པེད་ཨར་གཉིས་དང་མཉམ་དུ་གྲོས་ཚོགས་ལ་མགོ་འཛིན་བྱས།

ཝང་དབྱེ་ཡིས་བསྟན་དོན། ཀྲུའུ་ཞི་ཞི་ཅིན་ཕིང་གིས་གྲོས་ཚོགས་མགོ་རྩོམ་པའི་མཛད་སྒོའི་སྟེང་བསྟན་དོན། ཀྲུང་གོ་དང་ཨ་རབ་ཀྱིས་ལག་རྡང་སྦྲེལ་ནས་བརྒྱུད་གཅིག་ལམ་གཅིག་གི་འཕེལ་རིམ་མཉམ་འཛུགས་བྱས་ཤིང་། འཐབ་ཇུས་ཡིད་ཆེས་ཇེ་དྲག་ཏུ་གཏོང་བ་དང་། བསྐྱར་དར་ཕུགས་འདུན་མངོན་འགྱུར་བྱེད་པ། གཉིས་ཕན་གཉིས་རྒྱལ་མངོན་འགྱུར་བྱེད་པ། བཟོད་སྒོམ་ལྡན་པར་ཕན་ཚུན་དཔེ་རུ་ལེན་པར་ཡར་སྐུལ་བཏང་སྟེ། མཉམ་དུ་ཀྲུང་གོ་དང་ཨ་རབ་ཀྱི་ཐུན་མོང་ལས་དབང་ཚོགས་པ་གསར་སྐྲུན་བྱས་ནས་མིའི་རིགས་ཀྱི་ཐུན་མོང་ལས་དབང་ཚོགས་པ་འཛུགས་པར་བྱས་རྗེས་འཇོག་དགོས་ལ། ང་ཚོས་ཨ་རབ་དང་མཉམ་དུ་འབད་བརྩོན་བྱས་ཏེ་དམིགས་འབེན་དེར་བསླེབ་པར་བྱེད་འདོད་ཡོད་ཟེར།

གྲོས་ཚོགས་ལ་ཞུགས་པའི་པུའུ་ཀྲང་གཞན་པས་བསྟན་དོན། ཨ་རབ་ཕྱོགས་ཀྱིས་ཀྲུང་གོ་དང་མཉམ་དུ་གྲོས་ཚོགས་ཀྱི་གྲུབ་འབྲས་ལག་ལེན་དུ་འཁྱོལ་བར་བྱེད་འདོད་ཡོད་པ་དང་། ཀྲུང་གོའི་ཕྱོགས་ཀྱིས་དབུས་ཤར་ས་ཁུལ་གྱི་ལས་དོན་ཁྲོད་ནུས་པ་སྔར་ལས་ཆེན་པོ་འདོན་པར་དགའ་བསུ་ཞུ་བཞིན་ཡོད་ལ། བརྒྱུད་གཅིག་ལམ་གཅིག་གི་འཛུགས་སྐྲུན་ནང་ཞུགས་པར་རེ་སྒུག་བྱས་ཡོད་ཟེར།

གྲོས་ཚོགས་ནས་པེ་ཅིང་བསྒྲགས་གཏམ་དང་། གླེང་སྟེགས་ཀྱི་ཉིས་སྟོང་བཅོ་བརྒྱད་ལོ་ནས་ཉི་ཤུ་ལོའི་བར་གྱི་འགུལ་སྐྱོད་ལག་བསྟར་འཆར་གཞི། ཀྲུང་གོ་དང་ཨ་རབ་ཀྱིས་མཉམ་ལས་བྱས་ཏེ་བརྒྱུད་གཅིག་ལམ་གཅིག་མཉམ་འཛུགས་བྱེད་པའི་འགུལ་སྐྱོད་བསྒྲགས་གཏམ་བཅས་གྲུབ་འབྲས་ཡིག་ཆ་གལ་ཆེན་གསུམ་ལ་གྲོས་འཆམ་བྱུང་སྟེ་མིང་བཀོད།

 

མཉམ་སྤྱོད་བྱེད་གནས། 


ར་སྤྲོད་ཨང་།          མིང་མེད།    
མཛའ་འབྲེལ་ཨ་ལུང་།
ཀྲུང་གོ་བོད་ཀྱི་དྲ་བ།གུང་ཁྲན་ཏང་གི་དྲ་བ།བོད་ཀྱི་རིག་མཛོད།བོད་ཀྱི་སློབ་འབྲིང་།མཚོ་སྔོན་བོད་རིགས་དྲ་བ།ཁམས་པའི་དྲ་བ།ཞིང་ཆེན་མི་དམངས་སྲིད་གཞུང་།ཀྲུང་གོའི་བོད་སྐད་རླུང་འཕྲིན།བོད་ལྗོངས་འཕྲིན་དྲ།
ཁམས་པའི་བརྙན་འཕྲིན།ནོར་ནོར་བརྙན་འཕྲིན།ཡོངས་འཛིན་འཚོལ་བཤེར།