ད་ལྟ་གཟིགས་བཞིན་པ། > མདུན་ངོས། > གསར་འགྱུར། > རྒྱལ་སྤྱིའི་གསར་འགྱུར།

ཁོ་ཐེ་ཏི་ཝོར་གྱི་ཙུང་ཐུང་གིས་ནེ་ཀིའི་ཁོངས་མི་གསར་བ་བསྐོ་འཇོག་བྱས།

སྤེལ་དུས། 2018-07-11 10:18:10   ཡོང་ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ།   རྡེབ་ཚད།    ནང་དོན་འདི་སྤེལ་མཁན། བསོད་ནམས་ཚེ་རིང་།

ཁོ་ཐེ་ཏི་ཝོར་གྱི་ཙུང་ཐུང་ཝ་ཐཱ་ལཱ་ཡིས་ཚེས་བཅུའི་ཉིན་ཙུང་ཐུང་བཀའ་རྒྱ་བཀོད་དེ། པུའུ་ཀྲང་སོ་ལྔ་དང་རྒྱལ་སྲིད་དྲུང་ཡིག་ལྔ་བསྐོ་འཇོག་བྱས་པ་དང་། སྲིད་གཞུང་གི་བཅོས་སྒྲིག་རྩ་འཛུགས་བྱ་བ་ཡོངས་འགྲུབ་བྱས།

ཁོ་ཐེ་ཏི་ཝོར་གྱི་ཙུང་ཐུང་བཞུགས་ཤག་གི་དྲུང་ཡིག་ཆེན་མོ་ཨ་ཆི་ཡིས་ཉིན་དེར་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་སྐབས་གསར་བའི་ནེ་ཀིའི་ཁོངས་མིའི་མིང་ཐོ་ཁྱབ་སྒྲོག་བྱས།

བཅོས་སྒྲིག་བྱས་རྗེས་བདེ་ཐང་དང་སྤྱི་བའི་འཕྲོད་བསྟེན་པུའུ་དང་། མཐོ་རིམ་སློབ་གསོ་དང་ཚན་རིག་ཞིབ་འཇུག་པུའུ་སོགས་ནེ་ཀིའི་སྡེ་ཁག་བཅུའི་འགན་ཁུར་བ་གསར་དུ་བསྐོ་འཇོག་བྱས་ཡོད། སྐབས་སྔོན་མར་ནེ་ཀིའི་ཁོངས་མི་སོ་ལྔ་ལས་མེད་ཀྱང་། སྐབས་གསར་བའི་ནེ་ཀི་དེ་ཁོངས་མི་ཞེ་གཅིག་གིས་གྲུབ་ཡོད། དེའི་ནང་རྒྱལ་སྲིད་དྲུང་ཡིག་ཆེན་མོ་ལྔ་འདུས། སྐབས་འདིའི་ནེ་ཀིའི་གྲས་སུ་བུད་མེད་བདུན་ཡོད།

ཝ་ཐཱ་ལཱ་ཡིས་ཚེས་བཞིའི་ཉིན་ཙུང་ཐུང་བཀའ་རྒྱ་གཉིས་བཀོད། གཅིག་ནི་ཁུའུ་ལེ་པཱ་ལེ་གཙོ་བྱས་པའི་སྲིད་གཞུང་གཏོང་བ་དང་། གཉིས་པ་ནི་ཡང་བསྐྱར་ཁུའུ་ལེ་པཱ་ལེ་ཙུང་ལི་བསྐོ་འཇོག་བྱས་ཏེ་ཡང་བསྐྱར་སྲིད་གཞུང་རྩ་འཛུགས་བྱེད་པའི་འགན་ཁུར་དུ་བཅུག་པ་རེད།

 

མཉམ་སྤྱོད་བྱེད་གནས། 


ར་སྤྲོད་ཨང་།          མིང་མེད།    
མཛའ་འབྲེལ་ཨ་ལུང་།
ཀྲུང་གོ་བོད་ཀྱི་དྲ་བ།གུང་ཁྲན་ཏང་གི་དྲ་བ།བོད་ཀྱི་རིག་མཛོད།བོད་ཀྱི་སློབ་འབྲིང་།མཚོ་སྔོན་བོད་རིགས་དྲ་བ།ཁམས་པའི་དྲ་བ།ཞིང་ཆེན་མི་དམངས་སྲིད་གཞུང་།ཀྲུང་གོའི་བོད་སྐད་རླུང་འཕྲིན།བོད་ལྗོངས་འཕྲིན་དྲ།
ཁམས་པའི་བརྙན་འཕྲིན།ནོར་ནོར་བརྙན་འཕྲིན།ཡོངས་འཛིན་འཚོལ་བཤེར།