ད་ལྟ་གཟིགས་བཞིན་པ། > མདུན་ངོས། > གསར་འགྱུར། > རྒྱལ་སྤྱིའི་གསར་འགྱུར།

ཨུ་རུ་སིའི་རྒྱལ་སྲུང་པུའུ་ཡིས་སི་རི་ཡཱའི་མངའ་ཁོངས་ནས་ཨུ་རུ་སིའི་དམག་མིར་ཤི་རྨས་ཐེབས་པ་ཁས་ལེན་མ་བྱས།

སྤེལ་དུས། 2018-07-11 10:20:38   ཡོང་ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ།   རྡེབ་ཚད།    ནང་དོན་འདི་སྤེལ་མཁན། བསོད་ནམས་ཚེ་རིང་།

ཨུ་རུ་སིའི་རྒྱལ་སྲུང་པུའུ་ཡིས་ཚེས་བཅུའི་ཉིན་གསལ་སྒྲོག་སྤེལ་ཏེ། ཉེ་སྔོན་སི་རི་ཡཱའི་མངའ་ཁོངས་དང་ཁྱད་པར་དུ་ལྷོ་ཕྱོགས་ཀྱི་ཏི་ལཱ་ཞིང་ཆེན་དུ་ཨུ་རུ་སིའི་དམག་མིར་ཤི་རྨས་ཐེབས་པ་ཁས་ལེན་མ་བྱས།

གསལ་སྒྲོག་ལས་བཤད་རྒྱུར། སི་རི་ཡཱའི་མངའ་ཁོངས་ཀྱི་ཨུ་རུ་སིའི་དམག་མི་ཚང་མ་བདེ་ཐང་ངང་འཚོ་བཞིན་ཡོད་པ་དང་། འཆར་གཞི་ལྟར་དུ་ལས་འགན་ལག་བསྟར་བྱེད་བཞིན་ཡོད་ཟེར།

དེའི་སྔོན་གསར་འགྱུར་ལས་རིགས་ཀྱིས་བསྒྲགས་པ་ལྟར་ན། ཨུ་རུ་སི་དང་སི་རི་ཡཱའི་དམག་མི་སོ་ལྔར་སི་རི་ཡཱའི་ལྷོ་ཕྱོགས་ནས་རང་སྲོག་གཅོད་པའི་འགས་གཏོར་འཇབ་རྒོལ་ཐེབས་ཏེ་རྐྱེན་ལམ་དུ་ཤོར་ཟེར།

ཨུ་རུ་སིའི་རྒྱལ་སྲུང་པུའུ་ཡིས་ཉིན་དེའི་གསལ་སྒྲོག་ནང་བཤད་རྒྱུར། གནས་ཚུལ་རྫུན་མ་དེ་དག་ནི་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱིས་བསམ་བཞིན་དུ་ཁྱབ་སྒྲོག་བྱས་པ་རེད་ཟེར།

ཉེ་སྔོན་སི་རི་ཡཱའི་སྲིད་གཞུང་དམག་དཔུང་གིས་ཏི་ལཱ་ཞིང་ཆེན་གྱི་དྲག་ཆས་རྩ་འཛུགས་ལ་གཞི་རྒྱ་ཆེ་བའི་དམག་དོན་ཆམ་ཕབ་གཏོང་བའི་འགུལ་སྐྱོད་སྤེལ་ཏེ་ས་ཁུལ་མང་བོ་ཕྱིར་འཕྲོག་ལེན་བྱས།

དེ་དང་མཉམ་དུ་སི་རི་ཡཱའི་སྲིད་གཞུང་གིས་ཨུ་རུ་སི་དང་ངོ་རྒོལ་ཕྱོགས་ཁག་གི་གྲོས་མོལ་བརྒྱུད་དེ། ཏི་ལཱ་ཞིང་ཆེན་གྱི་ས་ཁུལ་མང་བོའི་ངོ་རྒོལ་ཕྱོགས་ཁག་གི་དྲག་ཆས་པས་བསྟུད་མར་སྲིད་གཞུང་བར་འགྲིག་མཐུན་འགོད་པར་འཐད་པ་བྱུང་ཡོད།

མཉམ་སྤྱོད་བྱེད་གནས། 


ར་སྤྲོད་ཨང་།          མིང་མེད།    
མཛའ་འབྲེལ་ཨ་ལུང་།
ཀྲུང་གོ་བོད་ཀྱི་དྲ་བ།གུང་ཁྲན་ཏང་གི་དྲ་བ།བོད་ཀྱི་རིག་མཛོད།བོད་ཀྱི་སློབ་འབྲིང་།མཚོ་སྔོན་བོད་རིགས་དྲ་བ།ཁམས་པའི་དྲ་བ།ཞིང་ཆེན་མི་དམངས་སྲིད་གཞུང་།ཀྲུང་གོའི་བོད་སྐད་རླུང་འཕྲིན།བོད་ལྗོངས་འཕྲིན་དྲ།
ཁམས་པའི་བརྙན་འཕྲིན།ནོར་ནོར་བརྙན་འཕྲིན།ཡོངས་འཛིན་འཚོལ་བཤེར།