ད་ལྟ་གཟིགས་བཞིན་པ། > མདུན་ངོས། > གསར་འགྱུར། > རྒྱལ་སྤྱིའི་གསར་འགྱུར།

ཨུ་རུ་སི་དང་དབྱི་སི་རལ་གྱི་མགོ་ཁྲིད་པས་ཕྱོགས་གཉིས་དང་རྒྱལ་སྤྱིའི་གནད་དོན་ལ་གྲོས་བསྡུར་བྱས།

སྤེལ་དུས། 2018-07-12 08:50:44   ཡོང་ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ།   རྡེབ་ཚད།    ནང་དོན་འདི་སྤེལ་མཁན། བསོད་ནམས་ཚེ་རིང་།

ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་ཚེས་བཅུ་གཅིག་ཉིན་མའོ་སི་ཁི་ནས་འཚམས་འདྲིར་ཡོང་བའི་དབྱི་སི་རལ་གྱི་ཙུང་ལི་ནེ་ཐཱ་ནི་ཡཱ་ཧུའུ་དང་གྲོས་མོལ་བྱས། ཁོ་གཉིས་ཀྱིས་ཕྱོགས་གཉིས་ཀྱི་འབྲེལ་བ་དང་རྒྱལ་སྤྱིའི་གནད་དོན་ལ་གྲོས་བསྡུར་བྱས།

བསྒྲགས་པ་ལྟར་ན། ཕུའུ་ཅིན་གྱིས་གྲོས་མོལ་བྱེད་སྐབས་བསྟན་དོན། ཨུ་རུ་སི་དང་དབྱི་སི་རལ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་སྤྱིའི་འཕེལ་ཕྱོགས་བཟང་བ་དང་། ཕྱོགས་གཉིས་ཀྱིས་དཔལ་འབྱོར་དང་ཆབ་སྲིད་ཁྱབ་ཁོངས་ནས་ཕན་ཚུན་མཉམ་ལས་བྱེད་བཞིན་ཡོད་ལ། དམག་དོན་སྡེ་ཁག་གི་འབྲེལ་བའང་བཟང་ཟེར།

ནེ་ཐཱ་ནི་ཡཱ་ཧུའུ་ཡིས་བསྟན་དོན། དབྱི་སི་རལ་དང་ཨུ་རུ་སིའི་མཉམ་ལས་དེ་དབུས་ཤར་ས་ཁུལ་གྱི་གནས་བབ་གཏན་འཇགས་སུ་གཏོང་བར་གལ་འགངས་ཧ་ཅང་ཆེ། ཁོ་དང་ཕུའུ་ཅིན་གྱི་གྲོས་མོལ་ལས་ཕྱོགས་གཉིས་ཀྱི་མཉམ་ལས་ལ་བརྟེན་ནས་ས་ཁུལ་དང་འཛམ་གླིང་གི་བདེ་འཇགས་དང་ཡིད་ཆེས་ཇེ་ཆེར་གཏོང་བར་གོ་སྐབས་འདོན་སྤྲོད་བྱས་ཡོད་ཟེར།

ནེ་ཐཱ་ནི་ཡཱ་ཧུའུ་ཡིས་བཤད་རྒྱུར། དབྱི་སི་རལ་གྱིས་དོ་སྣང་བྱེད་ས་གཙོ་བོ་ནི་སི་རི་ཡཱའི་གནས་བབ་དང་དབྱི་ལིང་ཡིན། ཉིན་དེའི་སྔ་དྲོར་དབྱི་སི་རལ་གྱིས་སི་རི་ཡཱ་ནས་དབྱི་སི་རལ་གྱི་མངའ་ཁོངས་སུ་ཡོང་བའི་མི་བསྡད་མེད་པའི་གནམ་གྲུ་ཞིག་སར་འཕངས་པ་དང་། དབྱི་སི་རལ་གྱིས་རང་གི་མངའ་ཁོངས་ལ་བཙན་འཛུལ་བྱེད་པའི་བྱ་སྤྱོད་གང་རུང་ལ་ཆམ་ཕབ་དྲག་པོ་གཏོང་ངེས་ཡིན་ཟེར།

བསྒྲགས་པ་ལྟར་ན། ནེ་ཐཱ་ནི་ཡཱ་ཧུའུ་ཡི་ཐེངས་འདིའི་འཚམས་འདྲི་ནི་ད་ལོའི་ལོ་མགོའི་ཚུན་ལ་ཁོས་ཐེངས་གསུམ་པར་ཨུ་རུ་སི་ལ་འཚམས་འདྲི་བྱས་པ་རེད།

 

མཉམ་སྤྱོད་བྱེད་གནས། 


ར་སྤྲོད་ཨང་།          མིང་མེད།    
མཛའ་འབྲེལ་ཨ་ལུང་།
ཀྲུང་གོ་བོད་ཀྱི་དྲ་བ།གུང་ཁྲན་ཏང་གི་དྲ་བ།བོད་ཀྱི་རིག་མཛོད།བོད་ཀྱི་སློབ་འབྲིང་།མཚོ་སྔོན་བོད་རིགས་དྲ་བ།ཁམས་པའི་དྲ་བ།ཞིང་ཆེན་མི་དམངས་སྲིད་གཞུང་།ཀྲུང་གོའི་བོད་སྐད་རླུང་འཕྲིན།བོད་ལྗོངས་འཕྲིན་དྲ།
ཁམས་པའི་བརྙན་འཕྲིན།ནོར་ནོར་བརྙན་འཕྲིན།ཡོངས་འཛིན་འཚོལ་བཤེར།