སྤེལ་དུས།2015.10.20 ཡོང་ཁུངས།རང་རེའི་ལས་ཁུངས།
0
0

སྐབས་བཞི་བའི་རྒྱལ་སྤྱིའི་སློབ་ཆེན་སློབ་མའི་གློག་བརྙན་ཐུང་བའི་བྱ་དགའ་སྟེར་བའི་མཛད་སྒོ་ཆེན་མོ་དེ་སྤྱི་ཟླ་བཅུ་བའི་ཚེས་བཅོ་བརྒྱད་ཉིན། རྒྱལ་སའི་དགེ་ཐོན་སློབ་ཆེན་དུ་གཟབ་རྒྱས་ངང་བསྡུས། བོད་ཀྱི་སྐྱེས་མ་འཁྲབ་ཁྲིད་པ་བདུད་རྩི་སྐྱིད་ཀྱིས་འཁྲབ་གཞུང་བརྩམས་པ་དང་འཁྲབ་ཁྲིད་བྱས་པའི་གློག་བརྙན་བརྩམས་ཆོས«གངས་འདབས་ཀྱི་ཤུག་སྡོང་ཁེར་སྐྱེས»ཞེས་པ་དེར་འཛམ་གླིང་གི་རྒྱལ་ཁབ་སོ་སོ་ནས་འགྲན་ཞུགས་བྱས་པའི་གློག་བརྙན་ཉིས་སྟོང་ལྔ་བརྒྱ་ལྷག་གི་ཁྲོད་འགྲན་རྩོད་བྱས་པ་བརྒྱུད། མཇུག་མཐར་ཐེངས་འདིའི་འགྲན་སྡུར་ཁྲོད་ཆེས་མཐོ་བའི་བྱ་དགའ་སྟེ་གཏམ་རྒྱུད་གློག་བརྙན་རྩེ་གྲས་ཀྱི་བྱ་དགའ་ཐོབ།

གློག་བརྙན་འདི་ལས་བོད་རིགས་བྱིས་པ་ཞིག་གི་སེམས་ཁམས་དང་ཕུགས་འདུན་དེ་ཤུག་སྡོང་ཁེར་སྐྱེས་ཤིག་གི་འོག་ནས་ཤུགས་བསྟན་གྱིས་མཚོན་ཡོད་པ་ཞིག་ཡིན་ལ། དཔྱད་བརྗོད་པས“གློག་བརྙན་འདི་ལ་སྤྱིར་བཏང་གི་འཚོ་བའི་གཏམ་རྒྱུད་ཅིག་ལ་བསམ་ཡུལ་ལས་འདས་པའི་སྣང་བརྙན་མཚོན་ཐབས་སྤྱད་དེ། གོ་དོན་ཟབ་པའི་མི་ཚེའི་རིན་ཐང་ཞིག་ཁུ་སིམ་པའི་དུས་ཚོད་ཅིག་གི་ནང་། ལྗིད་ཏིག་ཏིག་གི་སེམས་ཚོར་ཞིག་དང་། འོད་སྣང་གི་སྟོབས་ཤུགས་དང་བཅས་ང་ཚོའི་བགོས་སྐལ་ལ་བསྩལ་ཡོད”ཅེས་གདེངས་འཇོག་བྱས།

གསར་འགྱུར་མེ་ལོང་། ༼ ཧྲིལ་བོ ༽ གསར་འགྱུར་མཉམ་སྒྲོག ༼ ཧྲིལ་བོ ༽
ཞོགས་པའི་ཕྱོགས་བསྡུས་གསར་འགྱུར། སྒྲ་ལྡན་རྒྱལ་སྤྱིའི་གསར་འགྱུར། དུས་ཐོག་གསར་འགྱུར།
  • གུང་ཁྲན་ཏང་གི་གསར་འགྱུར།
  • བོད་ཀྱི་རིག་མཛོད།
  • ཀྲུང་གོའི་བོད་ཀྱི་སློབ་འབྲིང་དྲ་བ།
  • མཚོ་སྔོན་བོད་རིགས་དྲ་བ།
  • མཚོ་སྔོན་བོད་རིགས་དྲ་བ།
  • ཀྲུང་གོ་བོད་སྐད་རླུང་འཕྲིན།
  • བོད་ལྗོངས་འཕྲིན་དྲ།
  • ཁམས་པའི་བརྙན་འཕྲིན།
  • ནོར་ནོར་བརྙན་འཕྲིན།
  • ཡོངས་འཛིན་འཚོལ་བཤེར།