ད་ལྟ་གཟིགས་བཞིན་པ། > མདུན་ངོས། > གསར་འགྱུར། > རིག་རྩལ་འཕྲིན་གསར།

མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་༢༠༡༦ལོའི་ན་ཆུང་བྱིས་པའི་རིག་རྩལ་སྤྲོ་ཚོགས་ཆེན་མོ«འབའ་ཀླུང་སྔོན་མོའི་འགྱུར་ཁུགས»ཞེས་པ་དེ་རིང་སྔ་དྲོར་ཐུན་ཏེ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭ་ནས་གཟབ་རྒྱས་ངང་བསྡུས།

སྤེལ་དུས། 2015-06-28 12:45:54   ཡོང་ཁུངས།    རྡེབ་ཚད།    ནང་དོན་འདི་སྤེལ་མཁན། 

མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་བོད་སྐད་རླུང་འཕྲིན་དང་། ཨ་མདོ་བརྙན་འཕྲིན། མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་། ཐུན་ཏེ་རྫོང་ཏང་ཨུ་དང་རྫོང་མི་དམངས་སྲིད་གཞུང་བཅས་ཀྱིས་མཉམ་དུ་བསྒྲུབས་པའི་བོད་རབ་བྱུང་བཅུ་བདུན་པའི་མེ་ཕོ་སྤྲེལ་ལོའི་ན་ཆུང་བྱིས་པའི་རིག་རྩལ་སྤྲོ་ཚོགས་ཆེན་མོ«འབའ་ཀླུང་སྔོན་མོའི་འགྱུར་ཁུགས»ཞེས་པ་ཟླ་འདིའི་ཚེས་ཉེར་བརྒྱད་ཉིན་གྱི་སྔ་དྲོར་ཐུན་ཏེ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭ་ནས་གཟབ་རྒྱས་ངང་བསྡུས་ཤིང་། མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་ཐེ་ཀྲང་གཞོན་པ་རྣ་བྷ།  རྫོང་ཏང་ཨུའི་རྒྱུན་ཨུ་དང་རྫོང་དཔོན་གཞོན་པ་འཕགས་མོ་ཚེ་རིང་། རྫོང་ཏང་ཨུའི་རྒྱུན་ཨུ་དང་དྲིག་སྒྲོག་པུའུ་ཡི་པུའུ་ཀྲང་། རྫོང་དཔོན་གཞོན་པ་ཡོན་ཏན་རྒྱ་མཚོ་སོགས་འབྲེལ་ཡོད་མགོ་ཁྲིད་བློ་མཐུན་དང་ཐུན་ཏེ་རྫོང་མཁར་གྱི་དགེ་སློབ་ལྔ་སྟོང་ལྷག་སྤྲོ་ཚོགས་ལ་ཞུགས།
ཐེངས་འདིའི་ན་ཆུང་བྱིས་པའི་སྤྲོ་ཚོགས་ནི་ཐུན་ཏེ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭའི་སློབ་ཕྲུག་ཚོས་འཁྲབ་སྟོན་བྱས་པའི་བཀྲ་ཤིས་པའི་སྐྱ་རེངས་ཀྱི་འགྱུར་ཁུགས་དང་བསྡེབས་ནས་མགོ་བརྩམས་པ་དང་། ཐུན་ཏེ་རྫོང་མཁར་དང་ཞང་སོ་སོའི་སློབ་གྲྭ་བཅུ་གཉིས་དང་བྱིས་སྐྱོང་ཁང་གཅིག་ནས་ཐོན་པའི་སློབ་ཕྲུག་ཆིག་སྟོང་དྲུག་བརྒྱ་རེ་བཞི་འཁྲབ་སྟོན་ལ་ཞུགས་པ་མ་ཟད། སི་ཁྲོན་རྔ་བ་དང་མཚོ་སྔོན་ཡུས་ཧྲུའུ། རྨ་ལྷོ་གཅན་ཚ། མཚོ་ལྷོ་ཞིན་ཧེ་བཅས་ས་གནས་གཞན་གྱི་སློབ་ཕྲུག་རེ་འགའ་ཡང་སྤྲོ་ཚོགས་སྟེང་གདན་འདྲེན་ཞུས་ཡོད།

IMG_4584_副本.jpg

མདོ་འཛིན་པའི་གཟི་དཔལ།

IMG_4550_副本.jpg

མདོ་འཛིན་པའི་གཟི་དཔལ།

IMG_3944_副本.jpg

གར་གྱི་སྟངས་སྟབས།

IMG_4461_副本.jpg

རྣམ་པ་རྒྱ་ཆེ་བའི་སྤྲོ་ཚོགས་ཀྱི་ཡུལ་དངོས།

IMG_4465_副本.jpgIMG_4465_副本.jpg

རྣམ་པ་རྒྱ་ཆེ་བའི་སྤྲོ་ཚོགས་ཀྱི་ཡུལ་དངོས།

IMG_5054_副本.jpg

གླུ་དང་གར་གྱི་མཆོད་པ།

IMG_5089_副本.jpg

སྤྲོ་ཚོགས་ཡུལ་དངོས་སུ་ཕེབས་པའི་ལྟད་མོ་བའི་འདུ་འགོད།

འདས་པའི་ལོ་འདི་དག་གི་རིང་ཐུན་ཏེ་རྫོང་གིས་ཁུལ་ཡོངས་སུ་སློབ་གསོའི་བཅོས་བསྒྱུར་གཏིང་ཟབ་ཏུ་སྤེལ་བའི་གོ་སྐབས་བཟང་པོ་དམ་འཛིན་བྱས་ཏེ། སློབ་སྒྲུབ་ཁ་ཕྱོགས་ལེགས་སྒྲིག་བྱེད་པ་དང་སློབ་གྲྭའི་རྨང་གཞིའི་འཛུགས་སྐྲུན་ལ་ཤུགས་བསྣན་ནས་སློབ་གྲྭའི་ཕྱོགས་ཡོངས་ཀྱི་ཆ་རྐྱེན་ལེགས་བཅོས་བྱེད་པ། དགེ་རྒན་དཔུང་སྡེ་འཛུགས་སྐྲུན་བྱས་ནས་ཆེད་ལས་མི་སྣ་སྐྱེད་སྲིང་བྱེད་པ་སོགས་ཀྱི་སློབ་གསོའི་ལས་དོན་ལ་དགེ་མཚན་ལྡན་པའི་བྱ་བ་གང་མང་ལག་བསྟར་བྱས་པས་ད་ལྟ་གཡུར་དུ་ཟ་བའི་གྲུབ་འབྲས་བླངས་ཡོད་ལ། ཐེངས་འདིར་ཡང་མི་རིགས་སློབ་གསོའི་འབྲས་བཟང་ཁུར་དུ་དུད་པའི་འབྲས་རྟགས་ཕྱི་ལ་ངོམས་པ་དང་། གསར་སྐྱེས་སློབ་བུ་མང་པོས་རིག་རྩལ་འཁྲབ་སྟོན་གྱི་འཇོན་ནུས་སྔོགས་འདོན་བྱེད་པ། རྫོང་ཡོངས་ཀྱི་སློབ་གྲོགས་རྣམས་ཡངས་ཤིང་རྒྱ་ཆེ་བའི་ལམ་ཆེན་ཞིག་ཏུ་འཁྲིད་པ་བཅས་ལ་དམིགས་ནས་སྤྲོ་ཚོགས་ཆེན་མོ་འདི་ལྟ་བུ་ཞིག་བསྡུས་པ་ལགས་སོ། །
 

མཉམ་སྤྱོད་བྱེད་གནས། 


ར་སྤྲོད་ཨང་།          མིང་མེད།    
མཛའ་འབྲེལ་ཨ་ལུང་།
ཀྲུང་གོ་བོད་ཀྱི་དྲ་བ།གུང་ཁྲན་ཏང་གི་དྲ་བ།བོད་ཀྱི་རིག་མཛོད།བོད་ཀྱི་སློབ་འབྲིང་།མཚོ་སྔོན་བོད་རིགས་དྲ་བ།ཁམས་པའི་དྲ་བ།ཞིང་ཆེན་མི་དམངས་སྲིད་གཞུང་།ཀྲུང་གོའི་བོད་སྐད་རླུང་འཕྲིན།བོད་ལྗོངས་འཕྲིན་དྲ།
ཁམས་པའི་བརྙན་འཕྲིན།