ད་ལྟ་གཟིགས་བཞིན་པ། > མདུན་ངོས། > གསར་འགྱུར། > རིག་རྩལ་འཕྲིན་གསར།

བོད་ཡུལ་དུ་བསྐྱོད་པའི་རིག་རྩལ་སྤྲོ་ཚོགས་ཆེན་མོ་མདོ་ལ་ལྷ་ཡི་ཞིང་ཁམས་ཞེས་པ་མདོ་ལའི་རིག་གནས་ཐང་ཆེན་དུ་གཟབ་རྒྱས་ངང་བསྡུས་པ།

སྤེལ་དུས། 2015-07-22 22:20:11   ཡོང་ཁུངས།    རྡེབ་ཚད།    ནང་དོན་འདི་སྤེལ་མཁན། 

མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་བོད་སྐད་རླུང་འཕྲིན་དང་། ཨ་མདོ་བརྙན་འཕྲིན། མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་། ཆི་ལེན་རྫོང་ཏང་ཨུ་དང་རྫོང་མི་དམངས་སྲིད་གཞུང་བཅས་ཀྱིས་མཉམ་དུ་བསྒྲུབས་པའི་བོད་ཡུལ་དུ་བསྐྱོད་པའི་རིག་རྩལ་སྤྲོ་ཚོགས་ཆེན་མོ«མདོ་ལ་ལྷ་ཡི་ཞིང་ཁམས»ཞེས་པ་ཟླ་འདིའི་ཚེས་ཉེར་གཉིས་ཉིན་གྱི་སྔ་དྲོར་རྫོང་རིག་གནས་ཐང་ཆེན་དུ་གཟབ་རྒྱས་ངང་བསྡུས་ཤིང་། མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་ཐེ་ཀྲང་གཞོན་པ་ཧན་ཆིན་ཧྥུན་དང་རྣ་བྷ། ཆི་ལེན་རྫོང་ཏང་ཨུའི་ཧྲུའི་ཅི་ཧན་ཞང་ཧེ་དང་རྫོང་དཔོན་ལུང་ཡོང་ཧྲིན་སོགས་འབྲེལ་ཡོད་མགོ་ཁྲིད་སྤྲོ་ཚོགས་ལ་ཞུགས། གར་གྱི་ཡོ་ལང་རྣམ་པར་རྒྱས་ཤིང་གླུ་ཡི་མཆོད་པ་ཕུན་སུམ་ཚོགས་པས་མདོ་ལ་ལྷ་ཡི་ཞིང་ཁམས་ཀྱི་གཟི་དཔལ་སྔར་ལས་རབ་ཏུ་རྒྱས།
 

IMG_5969_副本.jpg

སྤྲོ་ཚོགས་ཡུལ་དངོས་ལ་ཕེབས་པའི་འབྲེལ་ཡོད་མགོ་ཁྲིད་ལྷན་རྒྱས།

IMG_6254_副本.jpg

ཐེངས་འདིའི་སྤྲོ་ཚོགས་ཀྱི་མདོ་འཛིན་པ་ལྷན་རྒྱས།

IMG_6040_副本.jpg

བཀྲ་ཤིས་དར་དཀར་གྱི་དབུས་ནས་སྤྲོ་ཚོགས་ཀྱི་དབུ་སློང་བ།

IMG_6054_副本.jpg

རྒྱལ་རོང་གླུ་མ་ལྷ་སྒྲོན་གྱིས་གླུ་སྒོ་ཕྱེས་པ།

IMG_6087_副本.jpg

དཔའ་རིས་རིག་འཛིན་སྒྲོལ་མའི་དྲུག་འགྱུར་ངག་གི་དབྱངས་རྟ།

IMG_6124_副本.jpg

ཨ་རིག་བུ་མོ་འབྲུ་བརྒྱ་མ།

IMG_6146_副本.jpg

ཁ་བའི་མེ་ཏོག་ཚན་སྡེབ།

IMG_6179_副本.jpg

གླུ་མ་བཀྲ་ཤིས་མཚོས་གླུ་ཡི་མཆོད་པ་འབུལ་བཞིན་པ།

IMG_6205_副本.jpg

གར་ཆུང་ཐོས་པ་འཛུམ་འཆོར།

IMG_6234_副本.jpg

སྲོང་བཙན་སྒམ་པོའི་རྣམ་ཐར་འཁྲབ་བཞིན་པ།

IMG_6274_副本.jpg

གླུ་བ་རྒྱལ་མཚན་དང་གླུ་མ་ནམ་མཁའ་མཚོ་གཉིས་ཀྱིས་སྤྲོ་ཚོགས་ཀྱི་བརྗོད་དོན་གླུ་དབྱངས༼མདོ་ལ་རིང་མོ༽ལེན་བཞིན་པ།

IMG_6297_副本.jpg

གླུ་མ་རྣམ་རྒྱལ་ཆོས་མཚོས་གླུ་ལེན་བཞིན་པ།

ཐེངས་འདིའི་སྤྲོ་ཚོགས་ནི་བོད་ཡུལ་དུ་བསྐྱོད་པའི་རིག་རྩལ་སྤྲོ་ཚོགས་ཚོགས་ཐེངས་བརྒྱད་པ་ཡིན་ལ། མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་གིས་སྔ་གཞུག་ཏུ་མཚོ་ཆེན་ཁྲི་ཤོར་རྒྱལ་མོའི་འགྲམ་དང་། ཀན་ལྷོ་རྨ་ཆུ་རྩྭ་ཐང་། རེབ་གོང་གསེར་མོ་ལྗོངས་སོགས་སུ་མུ་འབྲེལ་སྤྲོ་ཚོགས་ཆེན་མོ་འདི་སྤེལ་ནས་མི་རིགས་ཀྱི་རིག་གནས་རྒྱུད་འཛིན་དར་སྤེལ་དང་སྔོགས་འདོན་བྱེད་པའི་ཐད་ནུས་པ་གལ་ཆེན་བཏོན་ཡོད་པ་མ་ཟད། བོད་ཁུལ་གྱི་འཕེལ་རྒྱས་དང་མཆམ་མཐུན། དྲིལ་སྒྲོག་སོགས་ཀྱི་ཐད་ནུས་པ་བླ་ལྷག་བཏོན་ཡོད། ཐེངས་འདིར་ཡང་མདོ་ལའི་ཡུལ་གྱི་ཆབ་དཔལ་རིག་གསུམ་གཙོར་བཟུང་ནས། ཁོར་ཡུག་སྲུང་སྐྱོབ་དང་། མི་རིགས་མཐུན་སྒྲིལ། མཆམ་མཐུན་མཉམ་གནས། མདོ་ལའི་རི་ཆུ་ནགས་གསུམ་གྱི་མཛེས་པ་སོགས་ལ་བསྟོད་བསྔགས་བྱས་ནས་མདོ་ལའི་ཐུན་མོང་མ་ཡིན་པའི་ས་བབ་རིག་གནས་དང་ལོ་རྒྱུས་རིག་གནས། དམངས་སྲོལ་རིག་གནས་སོགས་དྲིལ་སྒྲོག་རྒྱ་ཆེན་བྱས་ཡོད།
 

མཉམ་སྤྱོད་བྱེད་གནས། 


ར་སྤྲོད་ཨང་།          མིང་མེད།    
མཛའ་འབྲེལ་ཨ་ལུང་།
ཀྲུང་གོ་བོད་ཀྱི་དྲ་བ།གུང་ཁྲན་ཏང་གི་དྲ་བ།བོད་ཀྱི་རིག་མཛོད།བོད་ཀྱི་སློབ་འབྲིང་།མཚོ་སྔོན་བོད་རིགས་དྲ་བ།ཁམས་པའི་དྲ་བ།ཞིང་ཆེན་མི་དམངས་སྲིད་གཞུང་།ཀྲུང་གོའི་བོད་སྐད་རླུང་འཕྲིན།བོད་ལྗོངས་འཕྲིན་དྲ།
ཁམས་པའི་བརྙན་འཕྲིན།