ད་ལྟ་གཟིགས་བཞིན་པ། > མདུན་ངོས། > གསར་འགྱུར། > རིག་རྩལ་འཕྲིན་གསར།

ཞི་བདེ་ཉི་མར་ཡ་གླིང་གི་ཆེས་གདེངས་འཇོག་ཐོབ་པའི་འཁྲབ་སྟོན་པའི་གཟེངས་རྟགས་ཐོབ།

སྤེལ་དུས། 2015-12-04 10:39:24   ཡོང་ཁུངས། རང་རེའི་ལས་ཁུངས།   རྡེབ་ཚད།    ནང་དོན་འདི་སྤེལ་མཁན། ལྕགས་ཐར་ཚེ་རིང་།

སྐབས་དགུ་བའི་ཨོ་སི་ཁྲི་ལི་ཡའི་ཡ་གླིང་གློག་བརྙན་དུས་ཆེན་གྱི་མཛད་སྒོ་པུའུ་ལེ་སི་པན་གྲོང་ཁྱེར་ནས་བསྡུས་ཤིང་། མཛད་སྒོའི་སྟེང་གློག་བརྙན«ཐར་ལོ»ཡི་གཙོ་འཁྲབ་པ་ཞི་བདེ་ཉི་མ་ཡ་གླིང་གློག་བརྙན་དུས་ཆེན་གྱི་སྐྱེས་པ་ཕུལ་བྱུང་འཁྲབ་སྟོན་པར་བདམས་ཐོན་བྱུང་བ་མ་ཟད། ཡ་གླིང་གློག་བརྙན་བྱ་དགའ་ཆེན་མོའི་མཐུན་ཚོགས་ཀྱི་ཚོགས་མི་དང2015ལོའི་ཡ་གླིང་གི་ཆེས་དགའ་བསུ་ཐོབ་པའི་སྐྱེས་པ་འཁྲབ་སྟོན་པ་སོགས་ཀྱི་གཟེངས་རྟགས་དང་མཚན་སྙན་ཐོབ་པ་མ་ཟད། ཐེངས་འདིའི་གློག་བརྙན་དུས་ཆེན་སྟེང་གི་ཆེས་གདེངས་འཇོག་ཐོབ་པའི་རྒྱལ་སྤྱིའི་འཁྲབ་སྟོན་སྒྱུ་རྩལ་པ་རུ་གྱུར།

ཞི་བདེ་ཉི་མ་ནི་ཨ་མདོ་མཚོ་སྔོན་མང་རྫོང་ནས་ཡིན་ཞིང་། བོད་ཁུལ་དུ་ཆེས་དགའ་བསུ་ཐོབ་པའི་འཁྲབ་སྟོན་པ་དང་། སྒྱུ་རྩལ་པ། སྙན་ངག་པ།  འཁྲབ་ཁྲིད་པ།  སྐད་སྦྱོར་བ་བཅས་ཡིན།

ཁོ་ནི་བོད་སྐད་བརྙན་འཕྲིན་ཟློས་གར་གྱི་སྲོལ་འབྱེད་པ་རུ་བགྲང་ཆོག་ལ། ཁོའི་བརྩམས་ཆོས་ལ་བརྙན་འཕྲིན་ཟློས་གར«བྱུ་རུའི་སྐེ་རྒྱན»དང་།  «མོ་སྟོན་ཕག་མགོ» གློག་བརྙན«སྒྲོལ་མའི་མགུལ་རྒྱན།» «ཨ་རིག་བུ་མོ་འབྲི་བརྒྱ་མ» «སྐལ་བཟང་གི་གཟའ་མཇུག»སོགས་དང་། གར་ཆུང«རྒྱན་ཆ» «ཁྱིམ་རྒྱུད་ནོར་བུ» «གངས་དཀར་པོར་ཉི་མ་འཆར་དུས» « གངས་དཀར་པོར་ལབ་ཙེ་བསྟོད་དུས» སྙན་རྩོམ«ངང་བ་སེར་པོ»དང་། « གངས་ལྗོངས་སྨོན་ལམ་ཆེན་མོ» « ང་ཚོས་སྤྱང་ཀི་ལ་སློབ་སྦྱོང་བྱེད་དགོས»སོགས་མང་པོ་ཡོད་ལ། བརྩམས་ཆོས་གང་མང་ལ་རྒྱལ་ཁབ་ཕྱི་ནང་ནས་གཟེངས་རྟགས་མང་པོ་ཐོབ་མྱོང་།
 

image001.png

ཞི་བདེ་ཉི་མའི་ཉེ་པར།

image003.jpg

མྱོང་ཚོར་གླེང་བཞིན་པ།

མཉམ་སྤྱོད་བྱེད་གནས། 


ར་སྤྲོད་ཨང་།          མིང་མེད།    
མཛའ་འབྲེལ་ཨ་ལུང་།
ཀྲུང་གོ་བོད་ཀྱི་དྲ་བ།གུང་ཁྲན་ཏང་གི་དྲ་བ།བོད་ཀྱི་རིག་མཛོད།བོད་ཀྱི་སློབ་འབྲིང་།མཚོ་སྔོན་བོད་རིགས་དྲ་བ།ཁམས་པའི་དྲ་བ།ཞིང་ཆེན་མི་དམངས་སྲིད་གཞུང་།ཀྲུང་གོའི་བོད་སྐད་རླུང་འཕྲིན།བོད་ལྗོངས་འཕྲིན་དྲ།
ཁམས་པའི་བརྙན་འཕྲིན།