སྤེལ་དུས།2016.07.07 ཡོང་ཁུངས།མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་།
0
0

ཨ་ནུ་ཚན་སྡེབ་ནི་ཡུལ་ཤུལ་ནས་ཐོན་པའི་སྒྱུ་རྩལ་ལ་དད་མོས་ཡོད་མཁན་གྱི་ན་གཞོན་གཉིས་ཀྱིས་གྲུབ་པའི་དེང་རབས་ཚན་སྡེབ་ཞིག་ཡིན་ལ། གླུ་གཞས་སྒྱུ་རྩལ་ནི་ཁོང་གཉིས་ལ་མཚོན་ན་མི་ཡུལ་ནས་སེམས་པ་ཁེན་ས་དང་འཚོལ་སྙེག་བྱེད་ས་ཡིན། ཁོང་གཉིས་ནི་ཕུགས་བསམ་ཡོད་ཀྱང་ལག་ལེན་མེད་པའི་མི་ནང་བཞིན་རང་ས་ནས་མི་སྡོད་པར་པེ་ཅིང་སོགས་ཀྱི་འབྲེལ་ཡོད་ཆེད་ལས་སློབ་གྲྭར་འགྲིམས་ཤིང་དེང་རབས་གླུ་གཞས་ཕྱོགས་ལ་སྦྱང་བ་གང་མང་བྱས་ནས་ཅུང་འབུར་དུ་ཐོན་པའི་འབྲས་བུ་བླངས་ཡོད། ཁོང་གཉིས་ཀྱིས་ཐེངས་འདིར་འགྲེམ་རྩིས་ཡོད་པའི«ཨ་ནུ་རིང་ལུགས»ཞེས་པའི་ཆེད་སྒྲིག་འདིའི་གླུ་ཚིག་དང་རོལ་དབྱངས། བརྙན་ལེན་སྟངས་སོགས་མདོར་ན་གླུ་གཞས་ཧྲིལ་བོར་དེང་རབས་ཀྱི་རྣམ་པ་དང་ཁྱད་ཆོས་ལྡན་པར་མ་ཟད་ཁོང་གཉིས་ཀྱི་གླུ་གཞས་དག་གིས་ན་ཆུང་མང་བོའི་འཚོལ་སྙེག་དང་སེམས་ཁམས་ཀྱང་མཚོན་གྱིན་ཡོད།

ཁོང་གཉིས་ནི་གླུ་གཞས་རྐྱང་རྐྱང་ལེན་མཁན་ཙམ་མ་ཡིན་པར་འཆར་འགོད་དང་གསར་གཏོད་ཕྱོགས་ལའང་མོས་འདུན་ཧ་ཅང་ཆེ་བས། མིང་དོན་མཚུངས་པའི་ཚོང་རྟགས༼ཨ་ནུ༽ཞེས་པ་གསར་གཏོད་བྱས་ཤིང་། མི་རིགས་ཀྱི་རྣམ་པ་དང་དུས་རབས་ཀྱི་ཁྱད་ཆོས་ལྡན་པའི་གྱོན་ཆས་ཤིག་ཀྱང་གསར་བཟོ་བྱས་འདུག

1.jpg

 ཨ་ནུ་རིང་ལུགས་ཀྱི་ཁྱབ་བསྒྲགས་བརྡ་སྦྱོར།

2.jpg

 ཨ་ནུ་རིང་ལུགས་ཀྱི་ཁྱབ་བསྒྲགས་བརྡ་སྦྱོར།

4.jpg

 ཨ་ནུ་རིང་ལུགས་ཀྱི་ཁྱབ་བསྒྲགས་བརྡ་སྦྱོར།

封面.jpg

 ཨ་ནུ་རིང་ལུགས་ཀྱི་ཁྱབ་བསྒྲགས་བརྡ་སྦྱོར།

གསར་འགྱུར་མེ་ལོང་། ༼ ཧྲིལ་བོ ༽ གསར་འགྱུར་མཉམ་སྒྲོག ༼ ཧྲིལ་བོ ༽
ཞོགས་པའི་ཕྱོགས་བསྡུས་གསར་འགྱུར། སྒྲ་ལྡན་རྒྱལ་སྤྱིའི་གསར་འགྱུར། དུས་ཐོག་གསར་འགྱུར།
  • གུང་ཁྲན་ཏང་གི་གསར་འགྱུར།
  • བོད་ཀྱི་རིག་མཛོད།
  • ཀྲུང་གོའི་བོད་ཀྱི་སློབ་འབྲིང་དྲ་བ།
  • མཚོ་སྔོན་བོད་རིགས་དྲ་བ།
  • མཚོ་སྔོན་བོད་རིགས་དྲ་བ།
  • ཀྲུང་གོ་བོད་སྐད་རླུང་འཕྲིན།
  • བོད་ལྗོངས་འཕྲིན་དྲ།
  • ཁམས་པའི་བརྙན་འཕྲིན།
  • ནོར་ནོར་བརྙན་འཕྲིན།
  • ཡོངས་འཛིན་འཚོལ་བཤེར།