སྤེལ་དུས།2016.08.15 ཡོང་ཁུངས།རང་རེའི་ལས་ཁུངས།
0
0

ཟླ8པའི་ཚེས14ཉིན་གྱི་དགོང་མོར། གླུ་བ་པདྨ་བསམ་འགྲུབ་ཀྱིས་རྒྱལ་ཡོངས་སྐོར་བའི་འཁྲབ་སྟོན་དགོང་ཚོགས་ལས་ཟི་ལིང་གི་དགོང་ཚོགས་དང་ཆེད་སྒྲིག«ཚངས་དབྱངས་རྒྱ་མཚོ»འགྲེམ་སྤེལ་བྱེད་པའི་དགོང་ཚོགས«ཚེ་སྲོག་གི་གཙང་པོ»ཞེས་པ་ཨ་ཁུ་པདྨ་མི་རིགས་ཡུལ་སྲོལ་ཕོ་བྲང་དུ་བསྡུས།

ཐེངས་འདིའི་པདྨ་བསམ་འགྲུབ་ཀྱི་འཁྲབ་སྟོན་དགོང་ཚོགས«ཚེ་སྲོག་གི་གཙང་བོ»ནི་མཚོ་སྔོན་ཨ་ཁུ་པདྨ་རིག་གནས་བརྒྱུད་སྒྲོག་ཚད་ཡོད་ཀུང་ཟིས་གཙོ་སྒྲུབ་བྱས་པ་དང་། མཚོ་སྔོན་ཉི་མའི་འཚོ་བ་མི་རིགས་རིག་གནས་ཚད་ཡོད་ཀུང་ཟི་དང་། མཚོ་སྔོན་ཧྭ་ཡིས་རིག་གནས་ཡུལ་སྐོར་དར་སྤེལ་ཚད་ཡོད་ཀུང་ཟི། མཚོ་སྔོན་ཏུང་ལིན་བོད་ལུགས་ཇུས་འགོད་ཁང་སོགས་དམིགས་བསལ་གྱིས་གདན་ཞུ་བྱས་ཤིང་། མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་སོགས་སྨྱན་བྱད་ལས་ཁུངས་ཀྱི་རྒྱབ་སྐྱོར་འོག་ཨ་ཁུ་པདྨ་མི་རིགས་ཡུལ་སྲོལ་ཕོ་བྲང་དུ་བདེ་བླག་ངང་བསྡུས་པ་དང་།  ཉི་མ་རོལ་ཚོགས་ཀྱིས་རོལ་ཆས་རམ་འདེགས་བྱས་པས་འཁྲབ་སྟོན་དགོང་ཚོགས་ལ་སྔར་མེད་ཀྱི་གཟི་མདངས་སྤྲས།

དགོང་མོའི་ཆུ་ཚོད་དགུ་བའི་སྟེང་། ལྟད་མོ་བ་བརྒྱ་ཕྲག་དུ་མའི་ཐལ་མོའི་རྡེབ་སྒྲ་དང་བསྡོངས་ནས་དགོང་ཚོགས་ཀྱི་ཡོལ་རས་ག་ལེར་ཕྱེས་ཏེ་རྒྱ་ཆེའི་ལྟ་མཁན་མི་མང་གི་མིག་མདུན་དུ་བཤམས་པ་དང་། གླུ་བ་པདྨ་བསམ་འགྲུབ་ཀྱིས་བདེ་མོ་ངག་གི་འགྱུར་ཁུགས་ལ་དྲང་ནས་སྙན་འཇེབས་ཀྱི་གླུ་སྐད་རེ་རེ་ཡུལ་དངོས་མི་ཚོགས་ལ་སྐྱེས་སུ་ཕུལ་བས། དགོང་ཚོགས་ཀྱི་མགོ་མཇུག་ཧྲིལ་བོར་དགའ་འབོད་ཀྱི་ཀི་སྒྲ་དང་ཐལ་མོའི་རྡེབ་སྒྲ་རྒྱུན་མ་ཆད།

དགོང་ཚོགས་སྟེང་ཡུལ་དངོས་སུ་ཐོན་པའི་གླུ་བ་བསམ་འགྲུབ་ཚེ་རིང་སོགས་སྐབས་བསྟུན་གྱིས་གར་སྟེགས་སྟེང་གདན་འདྲེན་ཞུས་ནས་འཁྲབ་སྟོན་བྱས་པ་དང་། པདྨ་བསམ་འགྲུབ་ཀྱིས་ཡུལ་དངོས་སུ་རང་གི་ཆེད་སྒྲིག་སྟེང་མིང་རྟགས་བཀོད་དེ་སྡེབ་འཚོང་དང་སིལ་འཚོང་གི་བྱ་འགུལ་སྤེལ་བ་སོགས་བྱས་མཐར་ཐེངས་འདིའི་དགོང་ཚོགས་བདེ་བླག་ངང་མཇུག་བསྡུས།

འཁྲབ་སྟོན་ཡུལ་དངོས།

འཁྲབ་སྟོན་ཡུལ་དངོས།

ཡུལ་དངོས་ཀྱི་མི་ཚོགས། 

འཁྲབ་སྟོན་ཡུལ་དངོས།

ཁ་བཏགས་འབུལ་བ།

འཁྲབ་སྟོན་ཡུལ་དངོས།

ཡུལ་དངོས་མི་ཚོགས།

གླུ་བ་བསམ་འགྲུབ་ཚེ་རིང་གར་སྟེགས་སྟེང་གདན་འདྲེན་ཞུས་པ།

ཆེད་སྒྲིག་སྡེབ་ཉོ་བྱེད་མཁན་ལ་ལེགས་སྐྱེས་འབུལ་བ།

གླུ་བ་པདྨ་བསམ་འགྲུབ་སོགས་ཀྱིས་གར་སྟེགས་སྟེང་དྲན་རྟེན་མཉམ་པར་ལེན་པ།

གླུ་བ་པདྨ་བསམ་འགྲུབ་ཀྱིས་གཞས་གཏོང་བཞིན་པ།

QQ图片20160815120143.jpg

གླུ་བ་པདྨ་བསམ་འགྲུབ་ཀྱིས་ཡུལ་དངོས་སུ་རང་གི་ཆེད་སྒྲིག་སྟེང་མིང་རྟགས་འགོད་པ།

 

གསར་འགྱུར་མེ་ལོང་། ༼ ཧྲིལ་བོ ༽ གསར་འགྱུར་མཉམ་སྒྲོག ༼ ཧྲིལ་བོ ༽
ཞོགས་པའི་ཕྱོགས་བསྡུས་གསར་འགྱུར། སྒྲ་ལྡན་རྒྱལ་སྤྱིའི་གསར་འགྱུར། དུས་ཐོག་གསར་འགྱུར།
  • གུང་ཁྲན་ཏང་གི་གསར་འགྱུར།
  • བོད་ཀྱི་རིག་མཛོད།
  • ཀྲུང་གོའི་བོད་ཀྱི་སློབ་འབྲིང་དྲ་བ།
  • མཚོ་སྔོན་བོད་རིགས་དྲ་བ།
  • མཚོ་སྔོན་བོད་རིགས་དྲ་བ།
  • ཀྲུང་གོ་བོད་སྐད་རླུང་འཕྲིན།
  • བོད་ལྗོངས་འཕྲིན་དྲ།
  • ཁམས་པའི་བརྙན་འཕྲིན།
  • ནོར་ནོར་བརྙན་འཕྲིན།
  • ཡོངས་འཛིན་འཚོལ་བཤེར།