སྤེལ་དུས།2016.09.24 ཡོང་ཁུངས།མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་།
0
0

སྦྲ་ནག་ནི་གངས་ཅན་བོད་ཀྱི་སྲོལ་རྒྱུན་འཚོ་བའི་རིག་གནས་ཀྱི་ལྟེ་བ་ཡིན་ལ། མི་རིགས་ཤིག་གི་གོམས་སྲོལ་གཞི་ཆགས་ཤིང་རྟག་བརྟན་དུ་སྲུང་བའི་རུས་རྐང་དང་བླ་སྲོག་ཀྱང་དེ་ཡིན། ཡིན་ན་ཡང་དུས་རབས་ཀྱི་འཕོ་འགྱུར་ཁྲོད་ནས་གསར་དར་གྱི་ཅ་ལག་ཡོ་བྱད་མང་པོ་ཞིག་གིས་མི་རྣམས་ཀྱི་འཚོ་བ་ལ་འགྱུར་ལྡོག་བྱུང་དུ་བཅུག་ཅིང་། སྲོལ་རྒྱུན་འཚོ་བའི་སྒྲིག་སྲོལ་གོམས་གཤིས་གང་མང་ཞིག་ལ་དུས་རྟག་ཏུ་འཚོ་བ་གསར་བས་ཁ་ལོ་བསྒྱུར་དང་སྒྱུར་བཞིན་ཡོད། 

གློག་བརྙན་ཐུང་ངུ་འདིའི་ནང་དུ་སྤྱི་ཚོགས་གསར་བའི་དུས་རླབས་དགུང་ལ་འཕྱུར་བ་དང་བསྟུན་ནས་མི་དམངས་མང་ཚོགས་ཀྱི་འཚོ་བའི་ཆ་རྐྱེན་ཇེ་རྒྱས་ཇེ་ལེགས་སུ་སོང་བ་དང་ཆབས་ཅིག་འཚོ་བ་ལ་བཟུང་བའི་མོས་འདུན་ཡང་ཇེ་མཐོར་འགྲོ་བཞིན་ཡོད། དེ་བཞིན་དུ་འཚོ་བའི་གོམས་སྲོལ་ལ་བཟུང་བའི་ལྟ་ཚུལ་དང་རིན་ཐང་དེའང་གཏན་ནས་འདྲ་བ་མིན་པས། དུས་རབས་ཀྱིས་དེད་པའི་ལོ་རྒྱུས་ཀྱི་དཀྱོགས་མཚམས་ནས་རིག་གནས་གསར་རྙིང་གཉིས་ཀྱི་འགལ་བ་ནི་སྤྱི་ཚོགས་ཤིག་གི་སྣང་ཚུལ་ལས་བྱུང་བའི་གནད་དོན་འབའ་ཞིག་ཏུ་གྱུར་འདུག 

མཐར་གཏུགས་ན། དེ་ནི་རིག་གནས་ཤིག་ལ་བཟུང་བའི་ལྟ་ཚུལ་དུ་གྱུར་ལ། རིག་གནས་ཤིག་ལ་བཟུང་བའི་ལྟ་ཚུལ་མི་འདྲ་བ་ལས་རིག་གནས་དེ་ལ་བཟུང་བའི་རིན་ཐང་དེའང་གཏན་ནས་མ་འདྲ་བར་གྱུར།དེའི་ཕྱིར།«སྦྲ་ནག་གི་ལས་དབང»ནི་མི་རིགས་ཤིག་གི་གདམ་ཀ་རུ་གྱུར་བའི་རིག་གནས་ཀྱི་མཚུངས་མེད་རིན་ཐང་ཞིག་ཏུ་གྱུར་ཅིང་། མི་རབས་ཤིག་དང་མི་རབས་ཤིག རིག་གནས་ཤིག་དང་རིག་གནས་ཤིག་གི་ཕན་ཚུན་བར་གྱི་འགྲན་རྩོད་ཀྱི་འགལ་འདུ་དེ་ནི་དུས་རབས་ཀྱིས་ང་ཚོར་སྤྲད་པའི་སྔར་མེད་ཀྱི་གནད་དོན་ཞིག་དང་དྲི་བ་ཞིག་ཡིན་ལ། ང་ཚོ་ལ་གནད་དོན་དེ་ཐག་གཅོད་པའི་འགན་འཁྲི་དང་འདུ་ཤེས་དགོས་མིན་ནི་དྲི་བ་དང་ཐེ་ཚོམ་གྱི་གམ་ནས་གློག་བརྙན་གྱི་བརྗོད་སྙིང་དུ་བཟུང་ཡོད།

ཨ་མདོ་བརྙན་འཕྲིན་ཁང་གི་འགོ་ཁྲིད་གོང་འོག་བར་གསུམ་གྱིས་«སྦྲ་ནག་གི་ལས་དབང»ཞེས་པའི་གློག་བརྙན་ཐུང་ངུ་འདི་ལ་མཐོང་ཆེན་ཚད་མཐོན་པོ་བྱས་ཤིང་། མདོ་འཛིན་པ་སྒྲོལ་མ་སྐྱབས་ཀྱིས་འཁྲབ་གཞུང་གསར་རྩོམ་དང་འཁྲབ་ཁྲིད། འཁྲབ་སྟོན་བཅས་ཀྱི་འགན་གཅིག་ལྕོགས་སུ་ཁུར་ཡོད་། ཤེས་གསལ་ལྟར་ན་གློག་བརྙན་ཐུང་ངུ་འདི་ལོ་སར་སྐབས་སུ་ཨ་མདོ་བརྙན་འཕྲིན་གྱི་འཁོར་སྐར་འཕྲིན་ལམ་ནས་རྒྱ་ཆེའི་གཟིགས་མོ་བའི་སྤྱན་ལམ་དུ་འབུལ་རྒྱུ་རེད།

1.jpg

ན་བུན་ཁྲོད་ཀྱི་ནོར་བུ། 

2.jpg

བརྙན་མིག་ལས་མཐོང་བའི་དུས་རབས་ཀྱི་འཕོ་འགྱུར།

3.jpg

ཕ་མའི་དྲན་གདུང་གི་སྤྱན་ཆབ། བུ་སེམས་རྒྱུ་ཐོག་གི་སྐྱོ་གར།

4.jpg

འཁྲབ་སྟོན་བྱེད་བཞིན་པའི་ཟུར་ཞིག

5.jpg

སྒྱུ་རྩལ་གྱིས་སྒྱུ་རྩལ་ལ་རང་དབང་བྱིན། ཚན་རྩལ་གྱིས་མི་སེམས་ལ་མཚར་སྣང་སྐྱེད།

6.jpg

འཁྲབ་སྟོན་བྱེད་བཞིན་པའི་ཟུར་ཞིག

7.jpg

ཨ་མྱེ་ཡིས་བརྗོད་མི་ཚར་བའི་སྦྲ་ནག་གི་གཏམ་རྒྱུད། ང་ཡིས་བྲིས་མི་ཚར་བའི་ལོ་རྒྱུས་ཀྱི་གླེགས་བམ།

8.jpg

སྦྲ་ནག་གི་ལས་དབང་ཞེས་པའི་གློག་བརྙན་ཐུང་གྲས་ཀྱི་འཁྲབ་སྟོན་པ་དང་བརྙན་ཕབ་ཚན་ཆུང་།

IMG_3040.jpg

ཐེངས་འདིའི་འཁྲབ་གཞུང་གསར་རྩོམ་དང་། འཁྲབ་ཁྲིད།འཁྲབ་སྟོན་པ་བཅས་ཀྱི་འགན་གཅིག་ལྕོགས་སུ་ཁུར་བའི་མདོ་འཛིན་པ་སྒྲོལ་མ་སྐྱབས།

གསར་འགོད་པ། སྐལ་རྡོ།

གསར་འགྱུར་མེ་ལོང་། ༼ ཧྲིལ་བོ ༽ གསར་འགྱུར་མཉམ་སྒྲོག ༼ ཧྲིལ་བོ ༽
ཞོགས་པའི་ཕྱོགས་བསྡུས་གསར་འགྱུར། སྒྲ་ལྡན་རྒྱལ་སྤྱིའི་གསར་འགྱུར། དུས་ཐོག་གསར་འགྱུར།
  • གུང་ཁྲན་ཏང་གི་གསར་འགྱུར།
  • བོད་ཀྱི་རིག་མཛོད།
  • ཀྲུང་གོའི་བོད་ཀྱི་སློབ་འབྲིང་དྲ་བ།
  • མཚོ་སྔོན་བོད་རིགས་དྲ་བ།
  • མཚོ་སྔོན་བོད་རིགས་དྲ་བ།
  • ཀྲུང་གོ་བོད་སྐད་རླུང་འཕྲིན།
  • བོད་ལྗོངས་འཕྲིན་དྲ།
  • ཁམས་པའི་བརྙན་འཕྲིན།
  • ནོར་ནོར་བརྙན་འཕྲིན།
  • ཡོངས་འཛིན་འཚོལ་བཤེར།