ད་ལྟ་གཟིགས་བཞིན་པ། > མདུན་ངོས། > གསར་འགྱུར། > རིག་རྩལ་འཕྲིན་གསར།

ཚྭ་འདམ་བོད་ཀྱི་སློབ་གྲྭ་ཆུང་འབྲིང་གི་མི་རིགས་སྐད་ཡིག་སྙན་ངག་གྱེར་འདོན་འགྲན་ཚོགས་ཐེམ་ཆེན་རྫོང་དུ་བསྡུས།

སྤེལ་དུས། 2016-09-29 17:45:56   ཡོང་ཁུངས།    རྡེབ་ཚད།    ནང་དོན་འདི་སྤེལ་མཁན། དབང་རྒྱལ་ཚེ་རིང་།

ཚྭ་འདམ་བོད་ཀྱི་སློབ་གྲྭ་ཆུང་འབྲིང་གི་མི་རིགས་སྐད་ཡིག་སྙན་ངག་གྱེར་འདོན་འགྲན་ཚོགས་སྐབས་བདུན་པ་དེ་ཟླ9བའི་ཚེས27ཉིན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ཐེམ་ཆེན་རྫོང་དུ་གཟབ་རྒྱས་ངང་བསྡུས།

ཐེངས་འདིའི་འགྲན་ཚོགས་ནི་མཚོ་ནུབ་ཁུལ་མི་རིགས་སྐད་ཡིག་གཞུང་ལས་ཁང་དང་། མཚོ་ནུབ་ཁུལ་སློབ་གསོ་ཅུའུ། མཚོ་ནུབ་ཁུལ་མི་རིགས་སྐད་ཡིག་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་། མཚོ་ནུབ་ཁུལ་རྩོམ་རིག་སྒྱུུ་རྩལ་ལྷན་ཚོགས། མཚོ་ནུབ་ཁུལ་རིག་རྩལ་རྒྱང་སྒྲོག་བརྙན་འཕྲིན་ཅུའུ་བཅས་ཀྱིས་གཙོ་སྒྲུབ་གནང་ཞིང་། ཐེམ་ཆེན་རྫོང་མི་དམངས་སྲིད་གཞུང་གཞུང་སྒྲུབ་ཁང་དང་། ཐེམ་ཆེན་རྫོང་སློབ་གསོ་ཚན་རྩལ་ཅུའུ། ཐེམ་ཆེན་རྫོང་མི་རིགས་སློབ་ཆུང་དང་པོ་བཅས་ཀྱིས་འགན་སྒྲུབ་གནང་ལ། མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་བོད་སྐད་རླུང་འཕྲིན་དང་། མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་གཉིས་ཀྱིས་རོགས་སྒྲུབ་གནང་སྟེ་བསྡུས་པ་ཞིག་ཡིན།

མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱིས་ད་ལྟའི་བར་དུ་སྙན་ངག་གྱེར་འདོན་འགྲན་ཚོགས་འདི་ཉིད་མུ་ནས་མུ་རུ་བསྐྱངས་འོང་ཞིང་འདི་ལྟ་བུའི་གར་སྟེགས་རིགས་ཤིག་གིས་བོད་ཀྱི་རིག་གནས་སྤྱི་དང་ནང་སྒོས་སུ་བྱིས་པས་རང་སྐད་རང་ཡིག་ལ་བཟུང་བའི་ལྟ་སྟངས་ལ་གནམ་ས་བླ་འོག་བསྒྱུར་བ་ལྟ་བུའི་འཕེལ་རྒྱས་ཆེན་པོ་བྱུང་། འགྲན་སྡུར་ཡུལ་དངོས་སུ་རིག་རྩལ་འཁྲབ་སྟོན་གྱིས་མདུན་བསུས་ཤིང་། འགྲན་ཞུགས་སློབ་གྲོགས་རྣམས་ཀྱིས་སྙན་འཇེབས་རོལ་དབྱངས་ཀྱི་འགྲོས་དང་བསྟུན་ནས་དགེ་རྒན་དང་ཕ་མ། སློབ་ར་དང་སྤྱི་ཚོགས། ཏང་དང་རྒྱལ་ཁབ་ལ་ཕུལ་བའི་བསྟོད་བསྔགས་དང་དྲིན་གཟོ་ཡི་ཚིག་འབྲི་རེ་རེ་ཁ་གསལ་སྨྲར་དག་སྒོས་ཕྱིའི་ཉམས་འགྱུར་དང་ནང་གི་བརྩེ་བས་རབ་ཏུ་ཕྱུག་སྟེ་གྱེར་འདོན་བྱས།

སྐད་ཡིག་ནི་མི་དང་མིའི་བར། མི་རིགས་དང་མི་རིགས་ཕན་ཚུན་བར་འབྲེལ་འདྲིས་བྱེད་པའི་ལག་ཆ་གཙོ་བོ་དང་འགྲོ་བ་མིའི་རིགས་ཀྱི་རིག་གནས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པའི་ཆ་ནས། མཚོ་ནུབ་ཁུལ་གྱིས༼མི་རིགས་མཐུན་སྒྲིལ་འཆམ་མཐུན་ཁྱིམ་ཚང་གཅིག་དང་འདྲ་ལ། མེས་རྒྱལ་སྔར་བས་མཛེས་སྡུག་ལྡན་པར་སྨོན༽ཞེས་པ་བརྗོད་གཞིར་བཟུང་བའི་ཚྭ་འདམ་བོད་ཀྱི་སློབ་གྲྭ་ཆུང་འབྲིང་གི་སྙན་ངག་གྱེར་འདོན་འགྲན་ཚོགས་སྐབས་བདུན་པ་དུས་ལྟར་སྤེལ་ཞིང་། ཚྭ་འདམ་གཞོང་གི་སློབ་གྲྭ་ཆུང་འབྲིང་བརྒྱད་ནས་ཡོང་བའི་སློབ་གྲོགས42ཐེངས་འདིའི་འགྲན་སྡུར་ལ་ཞུགས་ཤིང་། སློབ་ཆུང་ཚན་ཁག་དང་སློབ་འབྲིང་ཚན་ཁག་སོ་སོར་རིམ་པ་ཕྱེས་ནས་ཛ་དྲག་གི་འགྲན་སྡུར་བྱས་མཐར། ཐེམ་ཆེན་རྫོང་མི་རིགས་སློབ་འབྲིང་དང་པོ་ནས་ཡོང་བའི་སློབ་གྲོགས་རྣམ་རྒྱལ་ལ་སློབ་འབྲིང་རིམ་པའི་བྱ་དགའ་ཨང་དང་པོ་ཐོབ་པ་དང་། ཐེམ་ཆེན་རྫོང་མི་རིགས་སློབ་འབྲིང་གཉིས་པ་ནས་ཡོང་བའི་སློབ་གྲོགས་ནོར་འཛིན་དངོས་གྲུབ་ལ་སློབ་ཆུང་རིམ་པའི་བྱ་དགའ་ཨང་དང་པོ་ཐོབ་སྟེ། ཡུལ་དངོས་ཀྱི་དགེ་སློབ་ཡོངས་ལ་བརྗེད་མི་ཐུབ་པའི་བག་ཆགས་ཟབ་མོ་ཞིག་ངང་ངམ་ཤུགས་ཀྱིས་བཞག

མཇུག་མཐར་མཚོ་ནུབ་ཁུལ་མི་རིགས་སྐད་ཡིག་གཞུང་ལས་ཁང་གི་ཀྲུའུ་རིན་རྡོ་རྗེ་ཚེ་བརྟན་གྱིས་ཐེངས་འདིའི་གྱེར་འདོན་འགྲན་ཚོགས་ལས་འཕྲོས་པའི་མི་རིགས་ཀྱི་ལྟ་བ་དང་རིག་གནས་ཀྱི་གལ་ཆེན་རང་བཞིན། འབྱུང་འགྱུར་གྱི་འོས་འགན་སོགས་དང་འབྲེལ་བའི་གཏམ་བཤད་ཀྱིས་མཇུག་བསྡུས་ཤིང་སྐབས་བརྒྱད་པའི་སྙན་ངག་གྱེར་འདོན་འགྲན་ཚོགས་དེ་ཉིད་ན་གོར་མོ་ནས་འཚོག་རྒྱུ་ཐག་བཅད།

大赛领导、嘉宾席.jpg

འགྲན་ཚོགས་སྟེང་ཕེབས་པའི་འབྲེལ་ཡོད་མགོ་ཁྲིད་ལྷན་རྒྱས།

དཔྱད་འདེམས་པ་རྣམ་པ།

མདོ་འཛིན་པས་ཡུལ་དངོས་ནས་མདོ་འཛིན་བྱེད་བཞིན་པ།

QQ图片20160929175207.jpg

ཐེངས་འདིའི་འགྲན་ཚོགས་ཀྱི་འཁྲབ་ཁྲིད་པ་བསོད་རྡོ།

སློབ་གྲོགས་ཚོས་གྱེར་འདོན་བྱེད་བཞིན་པ།

ཚོར་བའི་ངག་ལ་བརྒྱུས་པའི་སྙན་ངག་གི་གདངས་དབྱངས།

དགེ་རྒན་ཚོས་སྙན་ངག་གྱེར་འདོན་བྱེད་བཞིན་པ།

གྱེར་འདོན་བར་གླགས་ནས་རིག་རྩལ་འཁྲབ་སྟོན་བྱེད་བཞིན་པ།

སློབ་ཆུང་རིམ་པའི་བྱ་དགའ་ཨང་དང་པོ་ཐོབ་མཁན་སློབ་གྲོགས་ནོར་འཛིན་དངོས་གྲུབ།

སློབ་འབྲིང་རིམ་པའི་བྱ་དགའ་ཨང་དང་པོ་ཐོབ་མཁན་སློབ་གྲོགས་རྣམ་རྒྱལ།

领导、嘉宾席.jpg

བྱ་དགའ་ཐོབ་མཁན་གྱི་སློབ་གྲོགས་ཚོའི་མཉམ་པར།

འབྲེལ་ཡོད་མགོ་ཁྲིད་དང་མཉམ་དུ་བསྐྱོན་པའི་མཉམ་པར།

འགན་སྒྲུབ་ལས་ཁུངས་ཀྱི་ཚབ་བྱེད་དགེ་རྒན་གྱིས་གཏམ་བཤད་གནང་བཞིན་པ།

མཚོ་ནུབ་ཁུལ་མི་རིགས་སྐད་ཡིག་གཞུང་ལས་ཁང་གི་ཀྲུའུ་རིན་རྡོ་རྗེ་ཚེ་བརྟན་གྱིས་མཇུག་བསྡུས་གཏམ་བཤད་གནང་བཞིན་པ།

 

 གསར་འགོད་པ།   དབང་རྒྱལ་ཚེ་རིང་།   ལྕགས་ཐར་ཚེ་རིང་།  དཔའ་ཁོ། 

མཉམ་སྤྱོད་བྱེད་གནས། 


ར་སྤྲོད་ཨང་།          མིང་མེད།    
མཛའ་འབྲེལ་ཨ་ལུང་།
ཀྲུང་གོ་བོད་ཀྱི་དྲ་བ།གུང་ཁྲན་ཏང་གི་དྲ་བ།བོད་ཀྱི་རིག་མཛོད།བོད་ཀྱི་སློབ་འབྲིང་།མཚོ་སྔོན་བོད་རིགས་དྲ་བ།ཁམས་པའི་དྲ་བ།ཞིང་ཆེན་མི་དམངས་སྲིད་གཞུང་།ཀྲུང་གོའི་བོད་སྐད་རླུང་འཕྲིན།བོད་ལྗོངས་འཕྲིན་དྲ།
ཁམས་པའི་བརྙན་འཕྲིན།ནོར་ནོར་བརྙན་འཕྲིན།