ཟླ་འདིའི་ཚེས་བཅུ་ཉིན་གློག་བརྙན«མོ་སྟོན་ཕག་མགོའི»འཁྲབ་གཞུང་དཔྱད་གླེང་ཚོགས་འདུ་མཚོ་སྔོན་མི་རིགས་གློག་བརྙན་འཕྲིན་བསྒྱུར་བསྐྲུན་ལྟེ་གནས་སུ་བསྡུས་ཤིང་། གངས་རྒྱན་ན་ཆུང་ཚགས་པར་ཁང་གི་རྩོམ་སྒྲིག་པ་ནག་པོ་སྐལ་བཟང་དང་། མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་དགེ་རྒན་ཡོན་ཏན་སོགས་འབྲེལ་ཡོད་ཆེད་མཁས་པ་ཚོགས་འདུར་ཞུགས་ཤིང་། ཚོགས་ཞུགས་ཆེད་མཁས་པ་རྣམས་ཀྱིས«མོ་སྟོན་ཕག་མགོའི»འཁྲབ་གཞུང་གི་སྒྲིག་གཞི་དང་རྣམ་པ། བྱུང་རིམ། མི་སྣའི་བཞེངས་བསྐྲུན། སྐད་ཆ། དམངས་སྲོལ། སྒྱུ་རྩལ་མཚོན་ཐབས། བརྙན་རིས་འཆར་འགོད་སོགས་ཀྱི་ཐད་ནས་རང་རང་གི་ལྟ་ཚུལ་ལྷུག་བརྗོད་གནང་བ་མ་ཟད། འཁྲབ་གཞུང་འདིའི་འབུར་ཐོན་གྱི་ཆ་ལ་གདེང་འཇོག་དང་མི་འདང་སར་རེ་བ་ནན་གྱིས་བཏོན།
«མོ་སྟོན་ཕག་མགོ»ནི་བོད་ཡུལ་ན་རླུང་ལྟར་གྲགས་པའི་དམངས་ཁྲོད་གཏམ་རྒྱུད་ཅིག་ཡིན་ལ། བོད་ཀྱི་གློག་བརྙན་འཁྲབ་ཁྲིད་པ་ཞི་བདེ་ཉི་མས་ཉིས་སྟོང་བརྒྱད་ལོར་བརྙན་འཕྲིན་ཟློས་གར་དུ་བཅོས་ཤིང་འཁྲབ་སྟོན་བྱས་པས། བོད་ཡུལ་ཕུ་མདའ་བར་གསུམ་དུ་གྲགས་འགུལ་ཆེན་པོ་བསླངས། ཐེངས་འདིར་ཡང་བོད་ཀྱི་རྩོམ་པ་པོ་ཕུན་ཚོགས་རྒྱལ་དང་ཁོང་གཉིས་ཀྱིས«མོ་སྟོན་ཕག་མགོའི»ཁག་རྗེས་མའི་འཁྲབ་གཞུང་བརྩམས་ཤིང་། འཁྲབ་ཚན་སྔོན་མ་དག་གི་རྨང་གཞིའི་སྟེང་མི་སྣ་གསར་སྣོན་དང་གཏམ་རྒྱུད་གསར་བཞེངས། བྱུང་རིམ་གསར་བསྒྲིགས་བཅས་བྱས་ནས་བོད་མིའི་མཛེས་དཔྱོད་ཀྱི་ཆུ་ཚད་དང་མཐུན་ཞིང་རོལ་རྩེད་རང་བཞིན་དང་འཚོ་བ་རང་བཞིན་གྱི་སྤྲོ་གར་གློག་བརྙན་དུ་བཅོས་ཡོད་པས་བོད་ཀྱི་འཚོ་བ་དང་ཉེ་བར་བཅར་ཅིང་གོ་བསྐོན་བློ་འགུགས་ཀྱི་ཁྱད་ཆོས་ཆེས་ཆེར་ལྡན། འབྲེལ་ཡོད་བརྒྱུད་ལམ་ཁག་ནས་ཤེས་གསལ་བྱུང་བ་ལྟར་ན«མོ་སྟོན་ཕག་མགོའི»གློག་བརྙན་ཁག་རྗེས་མ་འདི་ད་ལོའི་སྟོན་མཇུག་ཏུ་བརྙན་ཕབ་བྱ་འཆར་ཡོད་པ་དང་། གལ་ཏེ་བརྙན་ཕབ་སྒྲིག་སྦྱོར་སོགས་ལ་བར་ཆད་གཞན་མ་བྱུང་ཚེ་ཉིས་སྟོང་བཅོ་བརྒྱད་ལོར་ཀུན་གྱི་སྤྱན་ལམ་དུ་བསྟར་ཐུབ་ཟེར།
ཚོགས་རའི་ཟུར་ཞིག
གངས་རྒྱན་ན་ཆུང་ཚགས་པར་ཁང་གི་རྩོམ་སྒྲིག་པ་ནག་པོ་སྐལ་བཟང་གིས་རང་གི་བསམ་ཚུལ་བརྗོད་བཞིན་པ།
མཚོ་སྔོན་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་མི་ལུང་རིན་ཆེན་གྱིས་རང་གི་བསམ་ཚུལ་བརྗོད་བཞིན་པ།
གློག་བརྙན་འདིའི་འཁྲབ་ཁྲིད་པ་དང་འཁྲབ་གཞུང་རྩོམ་མཁན་ཞི་བདེ་ཉི་མས་གློག་བརྙན་འདིར་ངོ་སྤྲོད་བྱེད་བཞིན་པ།
ཨ་མདོ་བརྙན་འཕྲིན་གྱི་འཁྲབ་ཁྲིད་པ་རྡོ་གྲགས་ཀྱིས་རང་གི་བསམ་ཚུལ་བརྗོད་བཞིན་པ།
མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཡོན་ཏན་གྱིས་རང་གི་བསམ་ཚུལ་བརྗོད་བཞིན་པ།
བརྩམས་སྒྲུང་བ་གྲགས་ཅན་རིག་ལྡན་རྒྱ་མཚོས་རང་གི་བསམ་ཚུལ་བརྗོད་བཞིན་པ།
གློག་བརྙན་འདིའི་འཁྲབ་གཞུང་རྩོམ་མཁན་ཕུན་ཚོགས་རྒྱལ་གྱིས་འདི་ལྟ་བུའི་གློག་བརྙན་ཞིག་ཕབ་སྐྲུན་བྱ་དགོས་པའི་དགེ་མཚན་གླེང་བཞིན་པ།
བོད་རིག་པ་ཞིབ་འཇུག་མཁན་ཨ་རིའི་འཇིགས་མེད་ཀྱིས་རང་གི་བསམ་ཚུལ་བརྗོད་བཞིན་པ།
ཐེངས་འདིའི་གློག་བརྙན«མོ་སྟོན་ཕག་མགོའི»༼ཁག་གཉིས་པ༽འཁྲབ་གཞུང་དཔྱད་གླེང་ཚོགས་འདུའི་སྟེང་ཞུགས་པའི་འབྲེལ་ཡོད་མི་སྣ་ལྷན་རྒྱས།
-
མཚོ་ནུབ་ཁུལ་བོད་ཀྱི་སློབ་གྲྭ་ཆུང་འབྲིང་གི་མི་རིགས་སྐད་ཡིག་སྙན་ངག་གྱེར་འདོན་འགྲན་ཚོགས་སྐབས་བརྒྱད་པ་ན་
-
མེས་པོའི་དབྱངས་ཆེད་མཁས་ཚོགས་པའི་བགྲོ་གླེང་ཚོགས་འདུ་དང་ཕྱག་རྗེས་གཟེངས་བསྟོད་དགོང་ཚོགས་ཁྲིན་ཏུའུ་གྲོང་
-
གར་སྟེགས་ཟློས་གར«ཁོ་ཡར་རེ་སྨོན»ཞེས་པ་ཟི་ལིང་དུ་འཁྲབ་སྟོན་བྱས།
-
བརྙན་འཕྲིན་ཟློས་གར«འཚར་ལོངས་སྐྱ་བོ»ཡི་ལྟ་ཞིབ་དང་གཟིགས་འབུལ་ཚོགས་འདུ་ཟི་ལིང་དུ་བསྡུས།
-
མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་མཐར་ཕྱིན་སློབ་མ་སྒྲོལ་མ་དོན་འགྲུབ་ཀྱི་བོད་ཡིག་ཡིག་གཟུགས་བརྩམས་ཆོས་འགྲེ
-
གློག་བརྙན«མོ་སྟོན་ཕག་མགོའི»འཁྲབ་གཞུང་དཔྱད་གླེང་ཚོགས་འདུ་ཟི་ལིང་དུ་བསྡུས།
-
སྤྱི་ཕན་གློག་བརྙན༼ དར་སྐུད་དམར་པོ ༽ཞེས་པ་ཟི་ལིང་ནས་རིན་མེད་གཟིགས་འབུལ་གནང་།
-
《སྤྲོ་དགའི་ཁྱིམ་གཞིས་གོར་མོ》ཞེས་པའི་སྤྲོ་ཚོགས་དོ་དགོང་དུས་ཚོད 18:47 སྟེང་ཐད་གཏོང་བྱེད་རྒྱུ་ཡིན།
-
མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་ཨ་མདོ་བརྙན་འཕྲིན་གྱི་༢༠༡༧ལོའི་ལོ་སར་དགོང་ཚོགས༼ གངས་ལྗོངས་རྒྱས་པའི་
-
ཚྭ་འདམ་བོད་ཀྱི་སློབ་གྲྭ་ཆུང་འབྲིང་གི་མི་རིགས་སྐད་ཡིག་སྙན་ངག་གྱེར་འདོན་འགྲན་ཚོགས་ཐེམ་ཆེན་རྫོང་དུ་བསྡུ
-
ཨ་མདོ་བརྙན་འཕྲིན་ཁང་གིས་ཕབ་སྐྲུན་བྱས་པའི་གློག་བརྙན་ཐུང་གྲས་སྦྲ་ནག་གི་ལས་དབངཕབ་སྐྲུན་ལེགས་འགྲུབ་བྱུང
-
གླུ་བ་པདྨ་བསམ་འགྲུབ་ཀྱི་འཁྲབ་སྟོན་དགོང་ཚོགས«ཚེ་སྲོག་གི་གཙང་པོ»ཞེས་པ་ཟི་ལིང་དུ་བསྡུས།