མཚོ་སྔོན་དགེ་ཐོན་སློབ་ཆེན་བཙུགས་ནས་ལོ་འཁོར60ལོན་པའི་སློབ་སྟོན་གཞུང་སྒྲུབ་ཁང་དང་། མཚོ་སྔོན་དགེ་ཐོན་སློབ་ཆེན་སློབ་མའི་ལས་དོན་ཁྲུའུ། མཚོ་སྔོན་དགེ་ཐོན་སློབ་ཆེན་ཚེ་སྲོག་དང་ས་ཁམས་ཚན་རིག་སློབ་གླིང་བཅས་ཀྱིས་གཙོ་སྒྲུབ་གནང་ཞིང་། མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་ཡིག་གཟུགས་མཐུན་ཚོགས་ཀྱིས་འགན་སྒྲུབ་གནང་སྟེ། མཚོ་སྔོན་དགེ་ཐོན་སློབ་ཆེན་བཙུགས་ནས་ལོ་འཁོར60ལོན་པའི་མུ་འབྲེལ་རྗེས་དྲན་བྱ་འགུལ་གྱི་ཡ་གྱལ་ཐ་སྐྱེས་སྒྲོལ་མ་དོན་འགྲུབ་ཀྱི་བོད་ཡིག་ཡིག་གཟུགས་བརྩམས་ཆོས་འགྲེམ་སྟོན་གྱི་བྱ་འགུལ་དེ་ཟླ་འདིའི་ཚེས22ཉིན་གྱི་ཕྱི་དྲོའི་དུས་ཚོད་གཉིས་སྟེང་མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་མཛེས་རྩལ་སློབ་གླིང་ནས་གཟབ་རྒྱས་ངང་བསྡུས། འགྲེམ་སྟོན་བྱ་འགུལ་སྟེང་ལ་སློབ་གྲྭ་དེ་གའི་སློབ་གཙོ་གཞོན་པ་ཚོས་ཝེ་དང་། སློབ་གཙོ་གཞོན་པ་རྒྱ་ཡེ་བཀྲ་བྷོ། ཏང་ཨུའི་ཧྲུའུ་ཅི་གཞོན་པ་མེ་ཡན། དེ་མིན་སློབ་གླིང་སོ་སོའི་གླིང་གཙོ་དང་འབྲེལ་ཡོད་མགོ་ཁྲིད། དགེ་སློབ་ལྷན་རྒྱས་སོགས་མི་སྣ་ཉིས་བརྒྱ་ལྷག་ཐེངས་འདིའི་ཡིག་གཟུགས་འགྲེམ་སྟོན་གྱི་ཡུལ་དངོས་སུ་ཞུགས་ཡོད།
མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་སློབ་གཙོ་གཞོན་པ་ཚོས་ཝེས་གཏམ་བཤད་གནང་བཞིན་པ།
མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་སློབ་གཙོ་གཞོན་པ་རྒྱ་ཡེ་བཀྲ་བྷོས་གཏམ་བཤད་གནང་བཞིན་པ།
སློབ་གྲོགས་སྒྲོལ་མ་དོན་འགྲུབ་ཀྱིས་རང་གི་ཡིག་གཟུགས་འབྲི་སྦྱོང་གི་བརྒྱུད་རིམ་གླེང་བཞིན་པ།
འབྲེལ་ཡོད་མགོ་ཁྲིད་དག་གིས་ཡིག་གཟུགས་ལ་གཟིགས་ཞིབ་གནང་བཞིན་པ།
དེའང་རང་རེ་བོད་མི་རིགས་ཀྱི་ཡིག་གཟུགས་ལྟ་བུར་མཚོན་ན་ལོ་ངོ་བརྒྱ་ཕྲག་མང་པོ་ཞིག་གི་རིང་བེད་སྤྱད་ནས་ད་ལྟའི་བར་དུ་བསྐྱལ་ཞིང་། དུས་ཡུན་དེའི་རིང་བོད་མི་རིགས་རང་ངོས་ནས་ཡིག་གཟུགས་འབྲི་རྩལ་དང་། བཅོས་བསྒྱུར། གསར་གཏོད་བཅས་ཀྱི་རིན་ཐང་ཐད་ནས་ཡིག་མཁན་མཁས་པ་མང་དུ་བྱུང་ཡོད། དེ་ནི་མེས་པོ་གོང་མ་ཚོས་དཀའ་སྤྱད་སྡུག་རུས་ཀྱིས་རང་རང་གི་བློ་རྩལ་དང་། དཔྱོད་ཤེས། ལག་ལེན་དངོས་ཀྱི་ཉམས་མྱོང་ལ་བརྟེན་ནས་བྱུང་བའི་གྲུབ་འབྲས་རླབས་ཆེན་ཞིག་རེད། ད་ཆ་ང་ཚོའི་མི་རབས་ཀྱི་དུས་སྐབས་འདིར་རང་ངོས་ནས་ཡིག་གཟུགས་ལག་བྲིས་བྱེད་མཁན་ནི་ཉིན་རེ་ནས་ཉིན་རེར་ཉུང་ནས་ཉུང་དུ་འགྲོ་བཞིན་ཡོད་པ་དང་། དེ་མཚུངས་ཀྱིས་ཡིག་གཟུགས་འབྲི་རྩལ་ལ་དགའ་མོས་དང་སྦྱངས་བརྩོན་བྱེད་མཁན་ཡང་ཇེ་ཉུང་ནས་ཇེ་ཉུང་དུ་འགྲོ་བཞིན་ཡོད་པ་ཀུན་གྱིས་ཤེས་གསལ་རེད།
ང་ཚོས་གློག་ཀླད་ཀྱིས་མཚོན་པའི་འཕྲུལ་རིགས་སྣ་ཚོགས་བེད་སྤྱད་ཅིང་དྲ་ངོས་སོགས་སུ་རང་རེའི་བོད་ཡིག་བཀོལ་སྤྱོད་བྱས་ཏེ་དུས་ཡུན་ཐུང་ངུ་ཞིག་ལས་སོང་མེད་ནའང་། དུས་ཡུན་དེའི་ནང་ཆགས་པའི་གོམས་ལོབས་སམ་རྒྱ་ཡན་དེས་ད་ཆ་མང་པོ་ཞིག་གིས་བོད་ཡིག་ལག་བྲིས་བྱེད་རྒྱུ་ནི་སུན་སྣང་དང་དཀའ་ངལ་ཞིག་ཏུ་བརྩི་བ་མ་ཟད། བརྗོད་དོན་ཚིག་རྐང་འགའ་ལས་མེད་ནའང་ལག་བྲིས་བྱས་ན་དེ་ནི་རྗེས་ལུས་ཤིག་ཏུ་བརྩི་བཞིན་ཡོད། དེ་ནི་དྲང་མོར་བཤད་ན་ཕྱོགས་གཅིག་ནས་སྔར་ལས་འགྱུར་ལྡོག་བྱུང་བའི་གསར་གཏོད་ཀྱི་གྲུབ་འབྲས་ཤིག་རེད་ལ། ཡང་ཕྱོགས་གཞན་ཞིག་ནས་བཤད་ན་གསར་བྱུང་ལ་འཐམས་པའི་ལག་རྗེས་ལས་བྱུང་བའི་མཇུག་འབྲས་ངན་པ་ཞིག་སྟེ། དེང་སྐབས་ང་ཚོ་བོད་མིའི་ཡིག་གཟུགས་འབྲིར་བྱང་ཆ་ཆེ་བ་གང་མང་ཞིག་གློག་འཕྲུལ་ཡིག་གཟུགས་ལ་ཕྱོགས་ཤིང་། རང་ངོས་ནས་ཡིག་གཟུགས་འབྲི་རྩལ་གྱི་ཡོན་ཏན་རང་བཞིན་གྱིས་ཉམས་མས་སུ་ཕྱིན་ནས། ང་ཚོའི་བོད་མི་རིགས་ཀྱི་ལག་ལེན་དངོས་ཀྱི་ཁྲོད་ནས་བྱུང་བའི་ཡིག་གཟུགས་འབྲི་རྩལ་གྱི་རིག་གནས་སྒྱུ་རྩལ་དེ་ད་ཆ་དུས་ཡུན་ཐུང་ཐུང་ཞིག་གི་ནང་གོ་མེད་ཚོར་མེད་ལྟ་བུར་གྱུར་དང་འགྱུར་བཞིན་ཡོད་པ་མངོན་གསལ་རེད།
སློབ་གྲོགས་སྒྲོལ་མ་དོན་གྲུབ་ཀྱིས་རང་གི་དཀའ་སྤྱད་སྡུག་རུས་ལས་ཟགས་པའི་ཡིག་གཟུགས་བརྩམས་ཆོས་འགྲེམ་སྟོན་ཞིག་བསྡུ་ཐུབ་པ་འདི་ནི་དོན་དུ་རང་གི་དགའ་ཕྱོགས་ཁོ་ན་ཞིག་མ་ཡིན་པར། འདིའི་ནང་དུ་མི་རིགས་རང་གི་རིག་གནས་ཀྱི་ཉིང་བཅུད་ཅིག་ཀྱང་འདུས་ཡོད། ཐེངས་འདིའི་ཡིག་གཟུགས་འགྲེམ་སྟོན་འདིའི་སྟེང་ལ་ཁྱོན་བསྡོམས་པའི་ཡིག་གཟུགས་བརྩམས་ཆོས50ཡོད་ལ། དེའི་ཁྲོད་དུ་སྒྲོལ་མ་དོན་གྲུབ་ལ་བརྩམས་ཆོས45ཡོད། གཞན་ལྔ་ནི་བྲིས་པ་སྐོར་ཞིག་གི་དཔེ་ལྟའི་བརྩམས་ཆོས་ཡིན། འདས་པའི་ལོ་གཅིག་གི་ཡིག་གཟུགས་འབྲི་སྦྱོང་གི་བརྒྱུད་རིམ་ཁྲོད་ནས། ཁོ་བོས་ཡིག་གཟུགས་གཙོ་བོ་འབྲུ་ཚ་དང་། སུག་རིང་། འཁྱུག་བྲིས། སྡེར་ནང་ས་བྲིས་སོགས་ཡིག་སྣ་ཉི་ཤུ་ལྷག་ལ་སློབ་སྦྱོང་བྱས་ཤིང་ད་ལྟ་མིག་མཐོང་ལག་ཟིན་གྱི་གྲུབ་འབྲས་གཡུར་དུ་ཟ་བ་བླངས་ཡོད།
ཐེངས་འདིའི་འགྲེམ་སྟོན་སྟེང་ཕེབས་པའི་སློབ་གྲྭའི་མགོ་ཁྲིད་དག་དང་ལྷན་དུ་བསྐྱོན་པའི་མཉམ་པར།
-
མཚོ་ནུབ་ཁུལ་བོད་ཀྱི་སློབ་གྲྭ་ཆུང་འབྲིང་གི་མི་རིགས་སྐད་ཡིག་སྙན་ངག་གྱེར་འདོན་འགྲན་ཚོགས་སྐབས་བརྒྱད་པ་ན་
-
མེས་པོའི་དབྱངས་ཆེད་མཁས་ཚོགས་པའི་བགྲོ་གླེང་ཚོགས་འདུ་དང་ཕྱག་རྗེས་གཟེངས་བསྟོད་དགོང་ཚོགས་ཁྲིན་ཏུའུ་གྲོང་
-
གར་སྟེགས་ཟློས་གར«ཁོ་ཡར་རེ་སྨོན»ཞེས་པ་ཟི་ལིང་དུ་འཁྲབ་སྟོན་བྱས།
-
བརྙན་འཕྲིན་ཟློས་གར«འཚར་ལོངས་སྐྱ་བོ»ཡི་ལྟ་ཞིབ་དང་གཟིགས་འབུལ་ཚོགས་འདུ་ཟི་ལིང་དུ་བསྡུས།
-
མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་མཐར་ཕྱིན་སློབ་མ་སྒྲོལ་མ་དོན་འགྲུབ་ཀྱི་བོད་ཡིག་ཡིག་གཟུགས་བརྩམས་ཆོས་འགྲེ
-
གློག་བརྙན«མོ་སྟོན་ཕག་མགོའི»འཁྲབ་གཞུང་དཔྱད་གླེང་ཚོགས་འདུ་ཟི་ལིང་དུ་བསྡུས།
-
སྤྱི་ཕན་གློག་བརྙན༼ དར་སྐུད་དམར་པོ ༽ཞེས་པ་ཟི་ལིང་ནས་རིན་མེད་གཟིགས་འབུལ་གནང་།
-
-
《སྤྲོ་དགའི་ཁྱིམ་གཞིས་གོར་མོ》ཞེས་པའི་སྤྲོ་ཚོགས་དོ་དགོང་དུས་ཚོད 18:47 སྟེང་ཐད་གཏོང་བྱེད་རྒྱུ་ཡིན།
-
-
མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་ཨ་མདོ་བརྙན་འཕྲིན་གྱི་༢༠༡༧ལོའི་ལོ་སར་དགོང་ཚོགས༼ གངས་ལྗོངས་རྒྱས་པའི་
-
-
ཚྭ་འདམ་བོད་ཀྱི་སློབ་གྲྭ་ཆུང་འབྲིང་གི་མི་རིགས་སྐད་ཡིག་སྙན་ངག་གྱེར་འདོན་འགྲན་ཚོགས་ཐེམ་ཆེན་རྫོང་དུ་བསྡུ
-
ཨ་མདོ་བརྙན་འཕྲིན་ཁང་གིས་ཕབ་སྐྲུན་བྱས་པའི་གློག་བརྙན་ཐུང་གྲས་སྦྲ་ནག་གི་ལས་དབངཕབ་སྐྲུན་ལེགས་འགྲུབ་བྱུང
-
གླུ་བ་པདྨ་བསམ་འགྲུབ་ཀྱི་འཁྲབ་སྟོན་དགོང་ཚོགས«ཚེ་སྲོག་གི་གཙང་པོ»ཞེས་པ་ཟི་ལིང་དུ་བསྡུས།
