སྤྱི་ཟླ5པའི་ཚེས3ཉིན་གྱི་ཕྱི་དྲོར། མཚོ་སྔོན་ཞིང་ཆེན་རིག་གནས་གསར་འགྱུར་པར་སྐྲུན་ཐིན་དང་མཚོ་སྔོན་ཞིང་ཆེན་སློབ་གསོ་ཐིན། མཚོ་སྔོན་ཞིང་ཆེན་དབུལ་སྐྱོར་གསར་སྤེལ་ཅུའུ། མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་བཅས་ཀྱིས་མཉམ་འབྲེལ་སྒོས་གཙོ་སྒྲུབ་བྱས་ཤིང་། མཚོ་སྔོན་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་དང་མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཚགས་པར། མཚོ་སྔོན་ཞ་ཏུའུ་སྨྱན་བྱད་རིག་གནས་ཚད་ཡོད་ཀུང་ཟི་བཅས་ཀྱིས་འགན་སྒྲུབ་བྱས་པའི་གནད་ཕིགས་དབུལ་སྐྱོར་ལས་སློབ་གསོ་དང་སྒྱུ་རྩལ་བརྗོད་པའི་གར་སྟེགས་ཟློས་གར«ཁོ་ཡར་རེ་སྨོན»ཞེས་པ་མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་སྨི་སྟོང་ཅན་གྱི་འཁྲབ་སྟོན་ཚོམས་ཆེན་དུ་འཁྲབ་སྟོན་བྱས།
གར་སྟེགས་ཟློས་གར«ཁོ་ཡར་རེ་སྨོན»ཞེས་པ་ནི་ཁོ་ཡར་རེ་སྨོན་སྒྱུ་རྩལ་ཚོགས་པས་ཐེངས་དང་པོར་སྤེལ་བའི་གར་སྟེགས་ཟློས་གར་ཞིག་ཡིན་ལ། མཐོ་སྒང་གི་ཞིང་སྡེ་རུ་དངོས་སུ་བྱུང་བའི་གཏམ་རྒྱུད་གཞིར་བཟུང་སྟེ། ས་གནས་རང་གི་ཁྱད་ཆོས་མངོན་གསལ་ལྡན་པའི་གླུ་གར་དང་ཤགས་འགྱེད་སོགས་ཀྱིས་ཟུར་བརྒྱན་ནས་གྲུབ་པའི་གར་སྟེགས་ཟློས་གར་ཞིག་ཡིན།
«ཁོ་ཡར་རེ་སྨོན»ཞེས་པའི་གླུ་བྲོའི་ཟློས་གར་འདི་འཁྲབ་ཚན་བཞི་རུ་བགར་ཡོད་ལ། ནང་དོན་ནི་འབྲུག་མོ་སྒྲོལ་མ་ཟེར་བའི་བུ་མོ་ཆུང་ཆུང་དེ་ཕྱུགས་རྫིར་སོང་ནས་གཉིད་དུ་ཡུར་བའི་ཚེ། རྨི་ལམ་དུ་ལྷ་ལ་ཁ་བརྡ་བྱེད་པ་རྨིས་ཤིང་། དེ་ནས་རི་བོའི་ཕར་རྒྱབ་ཀྱི་འཇིག་རྟེན་ལ་རེ་སྨོན་བྱས་ལ། ཁྱིམ་མི་དང་རྒན་པ་སོགས་ལ་ཕྱི་རོལ་གྱི་འཇིག་རྟེན་འདྲི་རྩད་བྱས་ཀྱང་མ་ཤེས། སྐབས་དེར་ནང་ལོགས་ནས་རོགས་སྒྲུབ་ཏུ་ཕེབས་པའི་དགེ་རྒན་གྱི་འོད་སྣང་འོག་ཕྱི་རོལ་གྱི་འཇིག་རྟེན་གོ་ཐོས་བྱུང་བར་མ་ཟད། བསླབ་འབྲས་བཟང་པོ་ཐོབ་པ་བརྒྱུད་ཁོ་མོ་དང་རང་གི་སློབ་གྲོགས་ཚོ་རྒྱལ་ས་པེ་ཅིན་དུ་འགྲོ་ཐུབ་པའི་གོ་སྐབས་བྱུང་། ཁོང་ཅག་གིས་ཕྱི་རོལ་གྱི་འཇིག་རྟེན་མངོན་པར་མཐོང་རྗེས་སེམས་ལ་ཕུགས་མདུན་དང་རེ་བས་བརྟས་ཏེ་ཕྱིར་ཕ་ཡུལ་དུ་ལོག་ཅིང་། དེ་ནས་སྔར་བཞིན་འབྲུག་མོ་སྒྲོལ་མ་ལྟ་བུའི་བྱིས་པ་སློབ་གྲྭར་འགྲོ་མི་ཐུབ་པའི་སློབ་མ་རྣམས་ལ་སློབ་གྲྭར་འགྲོ་དགོས་པ་དང་། རང་ཉིད་ཀྱི་དཀའ་སྤྱད་འབད་བརྩོན་གྱིས་སློབ་སྦྱོང་བཟང་པོ་བྱས་ཚེ་ཁོང་ཚོ་བཞིན་རི་བོའི་ཕ་རོལ་དུ་འགྲོ་ཐུབ་ལ། རི་བོའི་ཕ་རོལ་གྱི་འཇིག་རྟེན་མིག་གིས་མཐོང་ཐུབ་པའི་གནས་ཚུལ་བརྗོད་དེ། ཁོང་ཅག་ལ་སྐུལ་ལྕག་དང་ལམ་སྟོན་བྱས་པས་ཁོང་ཚོའང་ཕུགས་བསམ་མངོན་དུ་གྱུར་བ་བརྗོད་དོན་བྱས་ཡོད།
མཚོ་སྔོན་ཞིང་ཆེན་མཚོ་ཤར་གྲོང་ཁྱེར་དཔའ་ལུང་ཧེ་རིགས་རང་སྐྱོང་རྫོང་ཁོ་ཡར་སྡེ་བ་ནི་རོང་མ་འབྲོག་གི་ས་ཁུལ་དུ་གཏོགས་ཤིང་། རྨོ་འདེབས་བྱས་ཆོག་པའི་ཞིང་ས་ཉུང་བས། སློབ་མའི་ཁྱིམ་བདག་མང་པོ་ཞིག་གིས་སྒོ་ཕྱུགས་འཚོ་སྐྱོང་ལ་བརྟེན་ནས་ཁ་གསོ་བཞིན་ཡོད་པ་རེད། ལོ་འདི་དག་གི་རིང་ལ། ཉམ་ཆུང་སློབ་མ་དག་གིས་གྲུབ་པའི་སྒྱུ་རྩལ་ཚོགས་པ་འདིས་དཀའ་སྤྱད་འབད་བརྩོན་བྱས་པར་བརྟེན། སྤྱི་ཚོགས་ཀྱི་རིགས་སོ་སོའི་ལྷག་བསམ་ཅན་དག་གིས་བྱམས་བརྩེའི་ཕྱག་ཟུང་གི་འོག་ཏུ་མུ་མཐུད་ནས་མདུན་སྐྱོད་དང་འཚར་ལོངས་འབྱུང་བཞིན་ཡོད།
སྒྱུ་རྩལ་ཚོགས་པ་འདི་སྡེ་མི་གཙོ་བྱས་རོགས་སྒྲུབ་དགེ་རྒན་དང་། རོགས་སྐྱོར་ལ་ཕེབས་པའི་མི་སྤྱིར་བཏང་བ་དག་གི་རྩ་འཛུགས་བྱས་ཏེ་བཙུགས་པ་ཡིན་པས། རྒྱུ་དངོས་ཐམས་ཅད་སྤྱི་ཚོགས་སྟེང་གི་ལྷག་བསམ་ཅན་དག་གི་རོགས་སྐྱོར་ལས་བྱུང་བ་ཡིན་སྟབས། རྨང་གཞིའི་སྒྲིག་ཆས་དང་འཚོ་བའི་མཐུན་རྐྱེན་ཧ་ཅང་ཐབས་སྡུག་པོ་ཡིན་ནའང་དགེ་རྒན་དག་གི་སྙིང་རུས་དང་སློབ་མ་རྣམས་ཀྱི་དཀའ་སྤྱད་འོག་ཁོ་ཡར་གྱི་རེ་སྨོན་ཞེས་པའི་གླུ་བྲོའི་ཟློས་གར་ལེགས་པར་སྦྱངས་ནས། སྔ་རྗེས་སུ་ཟི་ལིང་དང་ཧྲིན་ཀྲིན། ཞི་ཨན། པེ་ཅིན་བཅས་སུ་ཕྱིན་ནས་འཁྲབ་སྟོན་བྱས་པས། ལྟ་མཁན་རྣམས་ཀྱི་དགའ་བསུ་ཚད་མེད་ཐོབ་པར་བརྟེན། ད་ལོར་ཡང་ཞང་ཀང་རིག་རྩལ་མཉམ་འབྲེལ་ལས་ཁུངས་ཀྱིས་གདན་ཞུ་གནང་སྟེ་ཉིན་ལྔ་ཙམ་ལ་ཞང་ཀང་དང་ཨོ་མིན་ནས་འཁྲབ་སྟོན་བྱས་པས་ལྟ་མཁན་རྣམས་ཀྱིས་དགའ་བསུ་ཚད་མེད་ཐོབ།
སེམས་འདུན་བརྗོད་བཞིན་པ།
ལྟད་མོ་བ་རྣམས་ལ་འཁྲབ་སྟོན་བྱེད་བཞིན་པའི་ཚུལ།
ངག་གི་འགྱུར་ཁུགས། གར་གྱི་སྟངས་སྟབས།
འཁྲབ་སྟོན་བྱེད་བཞིན་པའི་ཚུལ།
དྲི་མེད་ཁ་བཏགས་དགུང་ལ་བཏེགས་ཏེ་འཁྲབ་སྟོན་བྱེད་བཞིན་པའི་རྣམ་པ།
འཁྲབ་སྟོན་བྱེད་བཞིན་པའི་རྣམ་པ།
འཁྲབ་སྟོན་བྱེད་བཞིན་པའི་ཚུལ།
ཡིད་སེམས་འགུགས་པའི་འཁྲབ་སྟོན།
སློབ་གྲྭར་འགྲོ་བའི་ཚུལ་འཁྲབ་སྟོན་བྱེད་བཞིན་པ།
གླུ་སྙན་མོ་དབྱངས་ལ་འགུགས་བཞིན་པ།
གླུ་དབྱངས་ལེན་བཞིན་པའི་རྣམ་པ།
སློབ་གྲྭའི་འཚོ་བ་འཁྲབ་སྟོན་བྱེད་བཞིན་པ།
འཁྲབ་སྟོན་བྱེད་བཞིན་པ།
སློབ་གྲྭའི་འཚོ་བ་འཁྲབ་སྟོན་བྱེད་བཞིན་པ།
མཉམ་གཅིག་ཏུ་ཞབས་བྲོ་འཁྲབ་བཞིན་པ།
འཁྲབ་སྟོན་བྱེད་བཞིན་པའི་རྣམ་པ།
རྒྱལ་གླུ་ལེན་བཞིན་པའི་རྣམ་པ།
འཁྲབ་སྟོན་བྱེད་བཞིན་པའི་རྣམ་པ།
ལྟད་མོ་བའི་ཚོགས།
འཁྲབ་སྟོན་མཇུག་རྫོགས་པ།
མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་འགོ་ཁྲིད་རྣམས་དང་ལྷན་དུ་བསྐྱོན་པའི་མཉམ་པར།
-
མཚོ་ནུབ་ཁུལ་བོད་ཀྱི་སློབ་གྲྭ་ཆུང་འབྲིང་གི་མི་རིགས་སྐད་ཡིག་སྙན་ངག་གྱེར་འདོན་འགྲན་ཚོགས་སྐབས་བརྒྱད་པ་ན་
-
མེས་པོའི་དབྱངས་ཆེད་མཁས་ཚོགས་པའི་བགྲོ་གླེང་ཚོགས་འདུ་དང་ཕྱག་རྗེས་གཟེངས་བསྟོད་དགོང་ཚོགས་ཁྲིན་ཏུའུ་གྲོང་
-
གར་སྟེགས་ཟློས་གར«ཁོ་ཡར་རེ་སྨོན»ཞེས་པ་ཟི་ལིང་དུ་འཁྲབ་སྟོན་བྱས།
-
བརྙན་འཕྲིན་ཟློས་གར«འཚར་ལོངས་སྐྱ་བོ»ཡི་ལྟ་ཞིབ་དང་གཟིགས་འབུལ་ཚོགས་འདུ་ཟི་ལིང་དུ་བསྡུས།
-
མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་མཐར་ཕྱིན་སློབ་མ་སྒྲོལ་མ་དོན་འགྲུབ་ཀྱི་བོད་ཡིག་ཡིག་གཟུགས་བརྩམས་ཆོས་འགྲེ
-
གློག་བརྙན«མོ་སྟོན་ཕག་མགོའི»འཁྲབ་གཞུང་དཔྱད་གླེང་ཚོགས་འདུ་ཟི་ལིང་དུ་བསྡུས།
-
སྤྱི་ཕན་གློག་བརྙན༼ དར་སྐུད་དམར་པོ ༽ཞེས་པ་ཟི་ལིང་ནས་རིན་མེད་གཟིགས་འབུལ་གནང་།
-
-
《སྤྲོ་དགའི་ཁྱིམ་གཞིས་གོར་མོ》ཞེས་པའི་སྤྲོ་ཚོགས་དོ་དགོང་དུས་ཚོད 18:47 སྟེང་ཐད་གཏོང་བྱེད་རྒྱུ་ཡིན།
-
-
མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་ཨ་མདོ་བརྙན་འཕྲིན་གྱི་༢༠༡༧ལོའི་ལོ་སར་དགོང་ཚོགས༼ གངས་ལྗོངས་རྒྱས་པའི་
-
-
ཚྭ་འདམ་བོད་ཀྱི་སློབ་གྲྭ་ཆུང་འབྲིང་གི་མི་རིགས་སྐད་ཡིག་སྙན་ངག་གྱེར་འདོན་འགྲན་ཚོགས་ཐེམ་ཆེན་རྫོང་དུ་བསྡུ
-
ཨ་མདོ་བརྙན་འཕྲིན་ཁང་གིས་ཕབ་སྐྲུན་བྱས་པའི་གློག་བརྙན་ཐུང་གྲས་སྦྲ་ནག་གི་ལས་དབངཕབ་སྐྲུན་ལེགས་འགྲུབ་བྱུང
-
གླུ་བ་པདྨ་བསམ་འགྲུབ་ཀྱི་འཁྲབ་སྟོན་དགོང་ཚོགས«ཚེ་སྲོག་གི་གཙང་པོ»ཞེས་པ་ཟི་ལིང་དུ་བསྡུས།
