ད་ལྟ་གཟིགས་བཞིན་པ། > མདུན་ངོས། > གསར་འགྱུར། > རིག་རྩལ་འཕྲིན་གསར།

རྨ་ཆུ་རྫོང་གི་གེ་སར་ངག་རྒྱུན་སྐོར་རགས་ཙམ་བཤད་པ།

སྤེལ་དུས། 2017-02-15 10:13:37   ཡོང་ཁུངས། མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་།   རྡེབ་ཚད།    ནང་དོན་འདི་སྤེལ་མཁན། དཔའ་ཁོ།

ཉེ་ལམ་རྨ་ཆུ་རྫོང་གིས་གཟུགས་འདས་རིག་གནས་ལ་སྲུང་སྐྱོབ་དང་རྒྱུད་འཛིན་བྱས་ནས་རྫོང་ཡོངས་སུ་རིག་གནས་ཤུལ་བཞག་སྲུང་སྐྱོབ་ལ་མི་རེ་རེར་འོས་འགན་ཡོད་པ་དང་སྲུང་སྐྱོབ་ཀྱི་འབྲས་བུ་ཚང་མས་མཉམ་སྤྱོད་བྱེད་པའི་འདུ་ཤེས་བཟང་པོ་ཞིག་ཆགས་ཡོད། རྫོངས་ཡོངས་སུ་ཞིང་ཆེན་པའི་གཟུགས་འདས་ཤུལ་བཞག་རིག་གནས་རིགས3དང་ཁུལ་རིམ་པའི་རིགས30དང་། རྫོང་རིམ་པའི་རིགས10བཅས་ཡོད་ལ། དེ་དག་གི་རྒྱུད་འཛིན་པ་མི48ལྷག་ཡོད། རྒན་དབྱང་ཨིན་ཧོང་གི«བོད་ཀྱི་གེ་སར་སྒྲུང་གི་ངག་ཐོག་སྲོལ་རྒྱུན་གྱི་སྲུང་སྐྱོབ་དང་དར་སྤེལ་སྐོར་གླེང་བ»ཞེས་པའི་ནང་དུ“མགོ་ལོག་གེ་སར་ངག་རྒྱུན་ཞིབ་འཇུག་གི་རྟེན་གཞི་དང་། སྡེ་དགེ་གེ་སར་ངག་རྒྱུན་ཞིབ་འཇུག་གི་རྟེན་གཞི། རྨ་ཆུ་གེ་སར་ངག་རྒྱུན་ཞིབ་འཇུག་གི་རྟེན་གཞི་བཅས་ཀྱིས་གེ་སར་ངག་རྒྱུན་སྲུང་སྐྱོབ་སྐོར་ལ་ནུས་པ་ཆེན་པོ་འདོན་བཞིན་ཡོད་པ་དང་། རྨ་ཆུ་རྫོང་གི་མངའ་ཁོངས་སུ་གླིང་གི་རྗེལ་ཤུལ་དང་གནའ་ཤུལ70ལྷག་ཡོད་པ་དང་སྒྲུང་དཔེ40ལྷག་ཙམ་གྱི་ནང་དུ་རྨ་ཆུར་ཡོད་པའི་ས་མིང་དང་ཆུ་མིང་ཡང་ཐོན་གྱི་ཡོད”ཞེས་འཁོད་ཡོད་པར་གཞིགས་ན་རྨ་ཆུའི་རྩྭ་ཐང་དུ་གེ་སར་གྱི་གནས་དང་གནའ་ཤུག་བགྲངས་ལས་འདས་པ་མང་པོ་ཡོད་ལ། རྨ་ཆུའི་དམངས་ཁྲོད་དུ་གེ་སར་སྒྲུང་དང་འབྲེལ་བའི་ངག་རྒྱུན་མང་པོ་ཡོད་པ་རྟོགས་ཐུབ། གཤམ་དུ་རྨ་ཆའི་མངའ་ཁོངས་སུ་ཡོད་པའི་གེ་སར་གྱི་ངག་རྒྱུན་དང་འབྲེལ་བའི་གནས་རི་སྐོར་ཞིག་ངོ་སྤྲོད་རགས་ཙམ་ཞུ།

1 རྒྱ་རྒན་སྒྱོ་མགོ སྟག་རུང་དཔོན་པོ་གཟིག་འཕེན་རྨ་ཆུས་ཁུར་ས། ཧོར་གླིང་གཡུལ་འགྱེད་དུ“སྟག་རུང་དཔོན་པོ་གཟིག་འཕེན་ལ། ཧོར་ཞགས་ཐེབས་ནས་རྨ་ཆུས་ཁུར”ཟེར་ས་དེ་ཡིན་པར་བཤད་ལ། དེའི་གོང་གི་རི་ངོས་ན་གྲོག་ཤུར་ལྔ་ཡོད་པ་ནི་སྟག་རོང་ཆུས་འཁུར་སྐབས་ལག་སྙོབ་བྱས་པའི་ཤུལ་ཡིན་པར་གྲགས།
2 པོ་ཏི་དམར་ཡག གླིང་ལྷ་སྡེའི་དཔེ་ཆ་བརྩིགས་ས་ཡིན་པས་ཆ་ནས་མིང་དེ་ལྟར་གྲགས་པར་བཤད། མིང་གཞན་ལ་རྨ་ཁོག་པོ་ཏིའི་ཤ་རན་སྨུག་པོ་དང་། རྨ་ཁོག་པོ་ཏི་ཡང་ཟེར།
3 མདོ་སྐྱའི་ཧོར་མགོ  སྔོན་སྤྱི་དཔོན་གྱི་བུ་སྣང་ངུ་གཡུ་སྟག་ཧོར་གྱིས་བགྲོངས་པར་སྙིང་ནད་རྩོད་ཆེད་ཧོར་པཱ་ཐུར་གྱི་མགོ་སྤུངས་པ་ལས་གྲུབ་པ་ཡིན་པས་རྒྱུ་མཚན་གྱི་ཆ་ནས་བཏགས་ཞེས་གྲགས།
4 དཔྱིའི་ཇ་མཁར་རིང་མོ། ཇོ་རུ་རྨ་རྨད་གཡུ་ལུང་སུམ་མདོ་རུ་བཞུགས་སྐབས་རྒྱ་ནག་ཚོང་བས་ཇ་བརྩིགས་ཏེ་གླིང་གེ་སར་ལ་ཕུལ་བ་ཡིན་ཟེར།
5 གླིང་གེ་སར་གྱི་རྟ་གསོ་ས་གྱི་ལིང་ཁ་ར། ཁྲོ་ཐུང་ཤན་པས་འཛིན་ས་སྟེ་ཁྲོ་ཐུང་དེའུ་ལུ། གླིང་གེ་སར་དང་རྟ་རྐྱང་ངེ་། ཁྱི་དོམ་དཀར་སོགས་མི་རྟ་ཁྱི་གསུམ་གྱི་རྐང་རྗེས་ཡིན་ཟེར་བ་རྡོ་ཕ་བོང་ཞིག་གི་སྟེང་དུ་རྐང་རྗེས་གསལ་བ་ཞིག་ཡོད། གནས་འདིའི་མང་ཚོགས་རྣམས་ཡར་འགྲོ་མར་འགྲོ་བྱེད་སྐབས་རང་གི་རྟའི་རྔོག་མའི་ནང་ནས་སྤུ་ཉག་མ་རེ་བལ་ནས་གླིང་གེ་སར་དང་ལྷ་རྟ་རྐྱང་ངེ། ཁྱི་དུང་ངེ་སོགས་ཀྱི་སྐལ་ཡིན་ཞེས་སྤུ་ཉག་ལ་མདུད་པ་བརྒྱབ་ནས་རྡོ་ཐོག་གི་ཞབས་རྗེས་སྟེང་དུ་འཕེན་སྲོལ་ཡོད།
6 འབྲུག་མོའི་ཐབ་ཀ གནས་འདིའི་མི་རྣམས་ཀྱིས“ཐབ་པར”ཡང་ཟེར། རྡོ་ཕ་བོང་ཆེན་པོ་གསུམ་ཡོད་ལ། དེ་རུ་འབྲུག་མོའི་ཟོ་རྗེས་ཟེར་བ་ཞིག་ཀྱང་ཡོད།
7 རྨོག  གེ་སར་གྱི་རྨོག་དང་འདྲ་བའི་རི་མགོ་ཞིག་ཡོད་ལ་དབྱིབས་འདྲ་བའི་ཆ་ནས་མིང་དེ་ལྟར་བཏགས་པ་ཡིན།
8 མོ་རུའི་བཀྲ་ཤིས་ཐང་། གླིང་གི་ལྷ་སྡེ་དཀར་པོའི་དམག་བཀོད་དང་རྟ་རྒྱུགས་མདའ་འཕེན་བྱེད་སའི་ཐང་ཆེན་ཞིག་ཡིན་ཞེས་བཤད་སྲོལ་ཡོད།
9 དཔྱིའི་ལུ་གུ་སྣ་དང་མེ་ཏོག་ཐང་།གེ་སར་སྒྲུང་ནང་དུ་འབྲུག་མོས་ནེའུ་ཆུང་ལ།“ན་ཆུང་ལུ་གུ་འཚོ་རོགས། ཡང་ཆུང་མེ་ཏོག་འཐུ་རོགས”ཞེས་འབྲུག་མོ་དང་ནེའུ་ཆུང་གཉིས་ཀྱི་ལུ་གུ་འཚོ་ས་དང་མེ་ཏོག་འཐུ་ས་ཡིན་པས་ས་འདི་རུ་མེ་ཏོག་འདྲ་མིན་སྣ་ཚོགས་མང་པོ་ཡོད། ས་མིང་དངོས་ཡོད་གནས་ཚུལ་ལ་ཧ་ཅང་མཐུན་ནོ།
10 བརྒྱ་བྲ་ལུང་བ། གནས་འདིའི་འབྲོག་མི་རྣམས་ཀྱིས་བཤད་སྲོལ་ལྟར་ན་སྔོན་ཇོ་རུ་མ་བུ་གཉིས་ཀ་རྨ་སྨད་གཡུ་ལུང་སུམ་མདོ་ན་ཡོད་དུས། ཇོ་རུས་ཉིན་གཅིག་ལ་ཨ་བྲ་བརྒྱ་རེ་བསད་པས་དེ་ས་མིང་དུ་ཐོགས་ནས་དེང་སང་བརྒྱ་བྲ་ལུང་བ་ཟེར་བར་གྲགས།
11བྱེ་རུ་ལྷ་རྩེ། རོང་ཚ་གེར་འཕེན་དམར་ལེབ་ཀྱི་རྫོང་ཤུལ་བྱེ་དཀར་བྱུ་རུའི་རྫོང་། གནས་འདིའི་འབྲོག་པ་མང་ཚོགས་ཀྱི་བཤད་སྲོལ་ཡིན་ན་གནས་འདི་ནས་གསེར་དངུལ་གྱི་རྒྱན་ཆ་དང་རྡོ་ཆས་ཀྱི་རྒྱན་ཆ། གཡུ་དང་བྱུ་རུ་སོགས་རྩ་ཆེན་མང་པོ་རྙེད་པ་དང་། ལོ་ངོ་ལྔ་བཅུའི་ཡར་སྔོན་ལ་གནས་འདི་ནས་མི་དང་ཕྱུགས་རིགས་གི་རུས་པ། རྡོ་རྩིག་གི་ཤུལ་སོགས་རིག་རྒྱུ་ཡོད་ཟེར། གང་ལྟརགེ་སར་སྒྲུང་ལས་གྲུབ་པའི་རིག་གནས་ཤིག་ས་འདི་རུ་འཐིམས་ཡོད་པ་ཤེས་ཐུབ་པ་དང་། ལྷག་པར་ང་ཚོའི་དམངས་ཁྲོད་རྩོམ་རིག་གི་ངོས་ནས་གེ་སར་ཞེས་པའི་མི་སྣ་རླབས་ཆེན་ཞིག་དང་དེར་འབྲེལ་གྱི་རིག་གནས་ཤིག་གནས་འདི་རུ་ད་ལྟའི་བར་དུ་རྒྱུན་འཛིན་བྱས་ཡོད་པ་ཧ་ཅང་གསལ་བོ་རེད། 

照片 166.jpg

རྨ་ཆུ་རྫོང་གི་འགོ་ཁྲིད་དང་གེ་སར་སྒྲུང་བ་རྣམས་པའི་དྲན་རྟེན་མཉམ་པར།

格萨尔专家赴我县格萨尔考察.jpg

  གེ་སར་ཆེད་མཁས་པས་རྨ་ཆུ་རྫོང་གེ་སར་རིག་གནས་ལ་གཟིགས་ཞིབ་བྱེད་པ།

格萨尔艺人.jpg

རྨ་ཆུའི་གེ་སར་སྒྲུང་བ་ཚེ་བཀྲ།

格萨尔演说.jpg

གེ་སར་སྒྲུང་འཁྲབ་བཞིན་པ།

000151hvu7zqtwsyv04jgz1.jpg

གེ་སར་རྟ་རྒྱུག་ར་བ།

格萨尔马术表演.jpg

གེ་སར་རྟ་རྒྱུག་འགྲན་སྡུར།

格萨尔赛马会.jpg

གེ་སར་རྟ་རྒྱུག་འགྲན་སྡུར།

ཡོང་ཁུངས་ཀན་ལྷོ་ཁུལ་རྨ་ཆུ་རྫོང་། གསར་འགོད་པ། ལྷ་མོ།

མཉམ་སྤྱོད་བྱེད་གནས། 


ར་སྤྲོད་ཨང་།          མིང་མེད།    
མཛའ་འབྲེལ་ཨ་ལུང་།
ཀྲུང་གོ་བོད་ཀྱི་དྲ་བ།གུང་ཁྲན་ཏང་གི་དྲ་བ།བོད་ཀྱི་རིག་མཛོད།བོད་ཀྱི་སློབ་འབྲིང་།མཚོ་སྔོན་བོད་རིགས་དྲ་བ།ཁམས་པའི་དྲ་བ།ཞིང་ཆེན་མི་དམངས་སྲིད་གཞུང་།ཀྲུང་གོའི་བོད་སྐད་རླུང་འཕྲིན།བོད་ལྗོངས་འཕྲིན་དྲ།
ཁམས་པའི་བརྙན་འཕྲིན།ནོར་ནོར་བརྙན་འཕྲིན།