ད་ལྟ་གཟིགས་བཞིན་པ། > མདུན་ངོས། > གསར་འགྱུར། > རིག་རྩལ་འཕྲིན་གསར།

ལོ་སར་ཆེད་སྒྲིག་དགོང་ཚོགས« སེར་བོ་གསེར་གྱི་གར་སྟེགས། ལེ་བར་ཁྲི་ཡི་སྒྱུ་རྩལ་ལམ་ཆེན»ཞེས་པའི་འཁྲབ་སྦྱོང་བྱ་བ་མཇུག་སྒྲིལ།

སྤེལ་དུས། 2017-12-26 18:20:34   ཡོང་ཁུངས། མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་།   རྡེབ་ཚད།    ནང་དོན་འདི་སྤེལ་མཁན། ཐུབ་བསྟན།

སྤྱི་ཟླ12པའི་ཚེས26ཉིན། ལོ་སར་ཆེད་སྒྲིག་དགོང་ཚོགས«སེར་བོ་གསེར་གྱི་གར་སྟེགས། ལེ་བར་ཁྲི་ཡི་སྒྱུ་རྩལ་ལམ་ཆེན»ཞེས་པའི་འཁྲབ་སྦྱོང་བྱ་བ་མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་འཁྲབ་སྟོན་ཚོམས་ཆེན་དུ་བདེ་བླག་ངང་མཇུག་སྒྲིལ།

ཐེངས་འདིའི་ལོ་སར་ཆེད་སྒྲིག་དགོང་ཚོགས« སེར་བོ་གསེར་གྱི་གར་སྟེགས། ལེ་བར་ཁྲི་ཡི་སྒྱུ་རྩལ་ལམ་ཆེན»ཞེས་པ་ནི་མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་ཨ་མདོ་བརྙན་འཕྲིན་གྱི་ལས་བྱེད་མི་སྣ་སྐོར་ཞིག་ཟླ་ངོ་གཅིག་ལྷག་གི་རིང་ལ་མདོ་ཁམས་ས་ཆ་མང་པོར་བསྐྱོད་དེ་དམངས་ཁྲོད་ན་གསེར་འོད་ལམ་ལམ་འཕྲོ་བའི་དམངས་གླུ་དང་ཞབས་བྲོ། རྩེད་རིག་སོགས་རིག་གནས་སྒྱུ་རྩལ་མང་པོ་ཞིག་འཚོལ་ཞིབ་དང་བསྡུ་སྒྲིག གསར་རྩོམ་སོགས་བྱས་ནས་གྲུབ་པ་ཞིག་ཡིན་ལ། དམངས་ཁྲོད་ཀྱི་རིག་གནས་སྒྱུ་རྩལ་སྣ་མང་ཞིག་གར་སྟེགས་ཀྱི་རྣམ་པའི་སྟེང་ནས་མི་རྣམས་ཀྱི་མིག་ལམ་དུ་བསྒྲོན་ཏེ། དེའི་རིན་ཐང་དང་དོན་སྙིང་ཤེས་རྟོགས་བྱེད་དུ་བཅུག་ནས་དེ་ཉིད་མུ་མཐུད་དུ་རྒྱུད་འཛིན་དང་དར་སྤེལ་གཏོང་བར་ངེས་ཤེས་ཟབ་མོ་འདྲོངས་རྒྱུ་གཙོ་གནད་དུ་བཟུང་ཡོད་པ་རེད། དེ་མིན་ལོ་སར་ཆེད་སྒྲིག་དགོང་ཚོགས་འདིའི་ནང་དོན་དང་རྣམ་པ་སོགས་ཕྱོགས་གང་ཐད་ནས་ཧ་ཅང་ཕུན་སུམ་ཚོགས་པས་རྒྱ་ཆེའི་ལྟད་མོ་བ་ཀུན་གྱི་མིག་དབང་ཅིག་ཅར་དུ་འཕྲོག་ངེས་སོ།།

ལོ་སར་ཆེད་སྒྲིག་དགོང་ཚོགས«སེར་བོ་གསེར་གྱི་གར་སྟེགས། ལེ་བར་ཁྲི་ཡི་སྒྱུ་རྩལ་ལམ་ཆེན»ཞེས་པ་སྤྱི་ཟླ12པའི་ཚེས28ཉིན་གྱི་དགོང་མོར་མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་འཁྲབ་སྟོན་ཚོམས་ཆེན་དུ་དངོས་སུ་སྤེལ་རྒྱུ་རེད།

IMG_1310.jpg

འཁྲབ་སྦྱོང་བྱེད་བཞིན་པ།

IMG_1317.jpg

གར་ཆུང་འཁྲབ་སྦྱོང་བྱེད་བཞིན་པའི་རྣམ་པ།

IMG_1322.jpg

འཁྲབ་སྦྱོང་གི་རྣམ་པ།

IMG_1330.jpg

གར་གྱི་སྟངས་སྟབས།

IMG_1338.jpg

འཁྲབ་སྦྱོང་གི་ཚུལ།

IMG_1341.jpg

ཞབས་བྲོ་འཁྲབ་སྦྱོང་བྱེད་བཞིན་པ།

    IMG_1349.jpg

གླུ་དབྱངས་འཁྲབ་སྦྱོང་བྱེད་པའི་ཚུལ།

IMG_1357.jpg

མདོ་འཛིན་པས་འཁྲབ་སྦྱོང་བྱེད་བཞིན་པ།

IMG_1351.jpg

ལས་བྱེད་མི་སྣས་བྱ་བ་བཀོད་སྒྲིག་བྱེད་བཞིན་པ།

IMG_1343.jpg

ལོ་སར་ཆེད་སྒྲིག་དགོང་ཚོགས«སེར་བོ་གསེར་གྱི་གར་སྟེགས། ལེ་བར་ཁྲི་ཡི་སྒྱུ་རྩལ་ལམ་ཆེན»ཞེས་པའི་སྤྱིའི་འཁྲབ་ཁྲིད་པས་འཁྲབ་སྦྱོང་གི་གནས་ཚུལ་ལ་ལྟ་བཞིན་པ།

 

                            གསར་འགོད་པ། ལྕགས་ཐར་ཚེ་རིང་། དབང་རྒྱལ་ཚེ་རིང་། ཐུབ་བསྟན།

མཉམ་སྤྱོད་བྱེད་གནས། 


ར་སྤྲོད་ཨང་།          མིང་མེད།    
མཛའ་འབྲེལ་ཨ་ལུང་།
ཀྲུང་གོ་བོད་ཀྱི་དྲ་བ།གུང་ཁྲན་ཏང་གི་དྲ་བ།བོད་ཀྱི་རིག་མཛོད།བོད་ཀྱི་སློབ་འབྲིང་།མཚོ་སྔོན་བོད་རིགས་དྲ་བ།ཁམས་པའི་དྲ་བ།ཞིང་ཆེན་མི་དམངས་སྲིད་གཞུང་།ཀྲུང་གོའི་བོད་སྐད་རླུང་འཕྲིན།བོད་ལྗོངས་འཕྲིན་དྲ།
ཁམས་པའི་བརྙན་འཕྲིན།ནོར་ནོར་བརྙན་འཕྲིན།ཡོངས་འཛིན་འཚོལ་བཤེར།