ད་ལྟ་གཟིགས་བཞིན་པ། > མདུན་ངོས། > གསར་འགྱུར། > རིག་རྩལ་འཕྲིན་གསར།

མགར་བསམ་འགྲུབ་ཚེ་རིང་གི་ཆེད་བསྒྲིགས་གསར་པ༼དབྱངས་ཟིལ༽མི་འགྱངས་བར་ཚོང་རར་དགྲམ་རྒྱུ་རེད།

སྤེལ་དུས། 2018-01-09 18:23:22   ཡོང་ཁུངས།    རྡེབ་ཚད།    ནང་དོན་འདི་སྤེལ་མཁན། 

5k.jpg 

མགར་བསམ་འགྲུབ་ཚེ་རིང་གི་ཆེད་བསྒྲིགས་གསར་པ༼དབྱངས་ཟིལ༽ཞེས་པ་དེ་ཟླ་འདིའི་ཚེས་བཅོ་ལྔ་ཉིན་གླུ་གཞས་སྤྱི་སྟེགས་དུང་དུང་རོལ་དབྱངས་བརྒྱུད་ནས་དངོས་སུ་ཚོང་རར་དགྲམ་རྒྱུ་རེད། རྒྱུས་ལོན་པ་ལྟར་ན་ད་སྐབས་དྲ་ལམ་ཚོང་ར་རྒྱུགས་ཆེ་ཞིང་འཛད་སྤྱོད་པ་འཇུག་བདེ་བའི་མི་ཚད། གླུ་གཞས་ཀྱི་རྒྱུ་སྤུས་ལ་ཁག་ཐེག་བྱེད་ཐུབ་པས་ཆེད་བསྒྲིགས་འདི་ཐོག་མར་དྲ་ལམ་བརྒྱུད་ནས་ཚོང་རར་འགྲེམ་སྤེལ་བྱ་རྒྱུ་དང་། ལུགས་རྙིང་ལོ་སར་གྱི་སྔ་རོལ་དུ་འོད་སྡེར་གྱི་ལམ་ནས་ཚོང་རར་དགྲམ་རྒྱུ་རེད།

4k.jpg

6k.jpg

མགར་བསམ་འགྲུབ་ཚེ་རིང་ནི་བོད་མི་རིགས་ཀྱི་གླུ་གར་གྱི་གཤིན་ས་སྣུམ་པོའི་ཁྲོད་གླུ་ངག་གི་མྱུ་གུ་འབུས་པའི་གསར་སྐྱེས་ཀྱི་གླུ་བ་ཞིག་ཡིན་ལ། ཁོས་སྔ་གཞུག་ཏུ༼འབྲོག་མོ་སྙིང་ལ་རྗེ་བོ༽དང༼བདག་གཞི་མགྲོན་སྐྱིད་ཀྱི་དབྱངས་ལ་ཆགས༽སོགས་གླུ་གཞས་མང་པོ་བླངས་ནས་རྒྱ་ཆེའི་མང་ཚོགས་ཀྱིས་དགའ་བསུ་ཆེན་པོ་ཐོབ་ཡོད་པ་མ་ཟད། མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་བོད་ཡུལ་དུ་བསྐྱོད་པའི་རིག་རྩལ་སྤྲོ་ཚོགས་ཆེན་མོ་སོགས་སྤྲོ་ཚོགས་ཆེ་མ་ཆུང་གསུམ་སྟེང་སྙན་དབང་གསོ་བའི་གླུ་གཞས་དུ་མ་བླངས་ནས་ཀུན་ལ་བག་ཆགས་ཟབ་མོ་བཞག་ཡོད། ད་རེས་ཡང༼དབྱངས་ཟིལ༽ཞེས་པའི་གླུ་གཞས་དགུ་ཡི་བདག་ཉིད་ཅན་གྱི་ཆེད་བསྒྲིགས་ཤིག་བོད་རབ་རྒྱན་ས་ཕོ་ཁྱི་ལོའི་ལོ་སར་གྱི་ལེགས་སྐྱེས་སུ་འབུལ་འཆར་འདུག

2k.jpg

1k.jpg

མཉམ་སྤྱོད་བྱེད་གནས། 


ར་སྤྲོད་ཨང་།          མིང་མེད།    
མཛའ་འབྲེལ་ཨ་ལུང་།
ཀྲུང་གོ་བོད་ཀྱི་དྲ་བ།གུང་ཁྲན་ཏང་གི་དྲ་བ།བོད་ཀྱི་རིག་མཛོད།བོད་ཀྱི་སློབ་འབྲིང་།མཚོ་སྔོན་བོད་རིགས་དྲ་བ།ཁམས་པའི་དྲ་བ།ཞིང་ཆེན་མི་དམངས་སྲིད་གཞུང་།ཀྲུང་གོའི་བོད་སྐད་རླུང་འཕྲིན།བོད་ལྗོངས་འཕྲིན་དྲ།
ཁམས་པའི་བརྙན་འཕྲིན།ནོར་ནོར་བརྙན་འཕྲིན།ཡོངས་འཛིན་འཚོལ་བཤེར།