ད་ལྟ་གཟིགས་བཞིན་པ། > མདུན་ངོས། > གསར་འགྱུར། > རིག་རྩལ་འཕྲིན་གསར།

མཚོ་སྔོན་བོད་སྐད་རླུང་འཕྲིན་དང་མཚོ་སྔོན་ཞིང་ཆེན་མི་རིགས་གློག་བརྙན་འཕྲིན་སྒྱུར་སྐྲུན་ལྟེ་གནས་གཉིས་ཀྱིས་མཉམ་འབྲེལ་སྒོས་བསྡུས་པའི་ལས་ཁུངས་གཉིས་ཀྱི་ལས་བཟོ་བའི་ལོ་སར་མཉམ་སྤྲོའི་དགོང་ཚོགས།

སྤེལ་དུས། 2018-01-13 14:22:20   ཡོང་ཁུངས། རང་རེའི་ལས་ཁུངས།   རྡེབ་ཚད།    ནང་དོན་འདི་སྤེལ་མཁན། སྟོབས་ལྡན་རྒྱལ།

མཚོ་སྔོན་བོད་སྐད་རླུང་འཕྲིན་གྱི་གསར་འགོད་པ་སྟོབས་ལྡན་རྒྱལ་གྱིས་བཀོད་པའི་གསར་འགྱུར། 

 IMG_1071.JPG

མཚོ་སྔོན་ཞིང་ཆེན་མི་རིགས་གློག་བརྙན་འཕྲིན་སྒྱུར་སྐྲུན་ལྟེ་གནས་ཀྱི་ཀྲུའུ་རིན་བཀྲ་ཤིས་དང་མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་བོད་སྐད་རླུང་འཕྲིན་གྱི་སྤྱིའི་ལྟ་སྐུལ་བ་ཆོས་ཕྱུག་རྒྱལ་གཉིས་ཀྱིས་ལོ་སར་ལ་ཤིས་ཚིག་འབུལ་བཞིན་པ།

སྤྱི་རྩིས་ཀྱི་ཉིས་སྟོང་བཅོ་བརྒྱད་ལོའི་ཟླ་དང་པོའི་ཚེས་བཅུ་གཉིས་ཀྱི་ཕྱི་དྲོར། མཚོ་སྔོན་བོད་སྐད་རླུང་འཕྲིན་དང་མཚོ་སྔོན་ཞིང་ཆེན་མི་རིགས་གློག་བརྙན་འཕྲིན་སྒྱུར་སྐྲུན་ལྟེ་གནས་གཉིས་ཀྱིས་མཉམ་འབྲེལ་སྒོས་བསྡུས་པའི་ལས་ཁུངས་གཉིས་ཀྱི་ལས་བཟོ་བའི་ལོ་སར་མཉམ་སྤྲོའི་དགོང་ཚོགས་དེ་སྒྱུར་སྐྲུན་ལྟེ་གནས་ནས་གཟབ་རྒྱས་ངང་བསྡུས། མཉམ་སྤྲོའི་དགོང་ཚོགས་ལ་ལས་ཁུངས་གཉིས་ཀྱི་རྒན་དར་གཞོན་གསུམ་ཚང་མས་ལུས་ལ་དུས་ཆེན་གྱི་ཤོམ་ལྭ་གོན་ནས་དགའ་དགའ་སྤྲོ་སྤྲོའི་ངང་འཛོམས་ཏེ། གླུ་གླུ་དབྱངས་དང་སྒྲ་སྙན་རྡུང་ལེན། རྩེད་རིག ཁ་ཤགས། སྙན་ངག་གྱེར་འདོན་སོགས་ཡིད་དབང་འཕྲོག་པའི་རིག་རྩལ་ལེ་ཚན་སྣ་ཚོགས་འཁྲབ་སྟོན་བྱས་ནས་ཚོགས་ར་ཡོངས་སུ་དགོད་སྒྲ་དང་གླུ་སྐད་ཀྱིས་ཁྱབ་ཡོད་པས། ལོ་སར་དུས་ཆེན་གྱི་དགའ་སྐྱིད་ཀྱི་རྣམ་པས་ཡོངས་སུ་ཁེངས་འདུག

མཚོ་སྔོན་བོད་སྐད་རླུང་འཕྲིན་དང་མཚོ་སྔོན་ཞིང་ཆེན་མི་རིགས་གློག་བརྙན་འཕྲིན་སྒྱུར་སྐྲུན་ལྟེ་གནས་གཉིས་ལ་སྔོན་ཆད་ནས་བཟུང་མཛའ་བཤེས་ཀྱི་མཉམ་ལས་སྲོལ་བཟང་ཆགས་ཡོད་ལ། ལྷག་པར་དུ་ཉེ་བའི་ལོ་འདི་འགའི་རིང་ལ་ཕན་ཚུན་གྱི་ཐོན་ཁུངས་བེད་སྤྱད་དེ། ལ་གཞས་དང་གླུ་ཤག སྒྲ་སྙན་རྡུང་ལེན་སོགས་འགྲན་སྡུར་ཆེན་པོའི་བྱ་འགུལ་མང་པོ་སྤེལ་ཏེ་གྲུབ་འབྲས་བླ་ལྷག་བླངས། མཚོ་སྔོན་ཞིང་ཆེན་མི་རིགས་གློག་བརྙན་འཕྲིན་སྒྱུར་སྐྲུན་ལྟེ་གནས་ནི་དུས་རབས་སྔོན་མའི་ལོ་རབས་ལྔ་བཅུ་བའི་ནང་ལ། དགེ་བའི་བཤེས་གཉེན་ཆེན་མོ་གསུང་རབ་རྒྱ་མཚོ་ལགས་ཀྱི་ཐུགས་རྗེ་བྱིན་རླབས་ཀྱི་འོག་ནས་མགོ་ཚུགས་པ་དང་། ལོ་རབས་བརྒྱད་ཅུ་བའི་ནང་ལ་དགེ་རྒན་བཀའ་དྲིན་ཅན་དག་གི་སྣེ་ཁྲིད་དང་། ལག་རྩལ་གསར་བའི་རམ་འདེགས་ཀྱི་འོག་ནས་འཕེལ་རྒྱས་བྱུང་སྟེ། ད་ལྟ་ལས་ཁུངས་ཀྱི་གཞི་རྒྱ་ཆེ་བ། སྒྲིག་ཆས་ཀྱི་ཚད་རིམ་མཐོ་བ། ལས་བཟོ་བ་ཇེ་མང་དང་ལས་ཕྱོད་ཀྱི་ཁ་གྲངས་མང་བ་སོགས་གྲངས་ཉུང་མི་རིགས་ཀྱི་སྒྱུར་སྐྲུན་ལས་ཁུངས་ཚོའི་གྲས་ནས་རྒྱལ་ཡོངས་ཀྱི་རྩེ་གྲས་སུ་ཚུད་ཡོད། གཞན་ཡང་ལོ་རེ་རེར་བརྙན་འཕྲིན་ཟློས་གར་དང་གློག་བརྙན་ལེའུ་སྟོང་གཅིག་དང་ལྔ་བརྒྱ་ལྷག་བོད་སྐད་དུ་སྒྱུར་ནས་རྒྱ་ཆེའི་བོད་རིགས་སྤུན་ཟླ་མང་པོའི་སྤྱན་ལམ་དུ་ཕུལ་བས་བོད་ཁམས་ཀུན་ཏུ་དགའ་བསུ་ཆེན་པོ་ཐོབ་ཡོད་ལ། ད་དུང་འཁྲབ་གཞུང་གསར་རྩོམ་བྱས་ནས་སྤྱི་ཚོགས་འཚོ་བ་མཚོན་པའི་བརྙན་ཐུང་ཕབ་སྐྲུན་གྱི་ལས་ཀའང་གཉེར་གྱིན་ཡོད། 

མཚོ་སྔོན་བོད་སྐད་རླུང་འཕྲིན་གྱིས་ཉིན་ཧྲིལ་བོར་བར་མཚམས་མེད་པར་ཆུ་ཚོད་བཅུ་བདུན་དང་སྐར་མ་བཅུའི་རིང་སྒྲ་གཏོང་གིན་ཡོད་ལ། ལེ་ཚན་རིགས་སྣ་ཚོགས་བཅོ་ལྔ་ལྷག་ཡོད་པ་དང་། དེ་དག་གློག་གི་རྦ་རླབས་འབྲིང་བ་དང་ཐུང་བ། འདར་སྙོམས། དྲ་ལམ་བཅས་བརྒྱུད་ནས་གཏོང་གིན་ཡོད་པས་མཚོ་སྔོན་ཞིང་ཆེན་གཞིར་གྱུར་བའི་བོད་ཁམས་ཧྲིལ་བོ་དང་། ཐ་ན་ཨེ་ཤ་ཡ་ཤར་ལྷོའི་རྒྱལ་ཁབ་ཁག་ཏུའང་ཁྱབ་ཀྱིན་ཡོད། ལྷག་པར་དུ་ཐད་གཏོང་ལེ་ཚན་ཁག་ཅིག་གསར་སྒྲུབ་བྱས་ཏེ། མཚོ་སྔོན་བོད་སྐད་རླུང་འཕྲིན་གྱིས་མང་ཚོགས་ཀྱི་འཚོ་བ་དང་ཐོན་སྐྱེད། སློབ་སྦྱོང་དང་བྱ་བ་སོགས་ཁྱབ་ཁོངས་སོ་སོར་ཟབས་ཞུགས་དང་འབྲེལ་འདྲིས་ཤུགས་ཇེ་ཆེར་སོང་བ་དང་། ད་དུང་ཉེ་བའི་ལོ་འདི་དག་ལ་བོད་ཁམས་ཧྲིལ་བོར་གཞི་ཁྱོན་ཆེ་བའི་བསྟུད་འགོད་བཅར་འདྲའི་ལེ་ཚན་རིགས་སྣ་ཚོགས་ཤིག་བསྒྲུབས་པ་དང་། སྤྱི་ཚོགས་ལས་རིགས་ཁག་གི་འབྲེལ་ཡོད་ཆེད་མཁས་པ་དང་ཉན་མཁན་གང་མང་ཐད་གཏོང་ལེ་ཚན་སྣ་ཚོགས་སུ་ལང་ལོང་དུ་ཞུགས་པས། ཉན་མཁན་དང་ཁ་སེམས་མཐུན་ཞིང་ཡིད་སེམས་འདྲིས་པའི་རྣམ་པ་མངོན་ཡོད། ཐེངས་འདིར་ཁོ་ཚོའི་གླུ་སྐད་དང་དགོད་སྒྲ་རེ་རེའི་ཁྲོད་དུ་ལས་ཁུངས་གཉིས་ཀྱིས་ལོ་གཅིག་གི་རིང་དུ་བླངས་པའི་བྱ་བའི་གྲུབ་འབྲས་ཀྱིས་གཏམས་ཡོད་པ་དང་ལོ་གསར་བའི་ནང་སྔར་ལས་ལྷག་པའི་སྒོ་ནས་དམིགས་འདུན་གསར་བ་དང་རྒྱལ་ཁ་གསར་བའི་ཕྱོགས་སུ་མཆོང་སྐྱོད་བྱེད་པའི་བློ་སྤོབས་དང་ཡིད་ཆེས་ཀྱིས་ཁེངས་འདུག ཐེངས་འདིའི་ལས་ཁུངས་གཉིས་ཀྱི་མཉམ་སྤྲོའི་དགོང་ཚོགས་ཀྱི་འཁྲབ་སྟོན་ཡོངས་རྫོགས་ལོ་སར་སྐབས་སུ་མཚོ་སྔོན་བོད་སྐད་རླུང་འཕྲིན་དང་དྲ་ལམ་བརྒྱུད་ནས་རྒྱ་ཆེའི་ཉན་མཁན་དག་གི་སྙན་ལམ་དུ་དབུལ་རྒྱུ་ཡིན།

 微信图片_20180113120044.jpg

 རྒྱང་སྒྲོག་པ་གྲགས་ཅན་ཕུར་བ་ལགས་གདན་དྲངས་ཏེ་ཁོང་ལ་ཡུལ་དངོས་ནས་གསར་འགྱུར་བཤད་དུ་བཅུག་པའི་རྣམ་པ།

微信图片_20180113115117.jpg

མཚོ་སྔོན་ཞིང་ཆེན་མི་རིགས་གློག་བརྙན་འཕྲིན་སྒྱུར་སྐྲུན་ལྟེ་གནས་ཀྱི་རྒན་རབས་པ་སྐོར་ཞིག་གིས་ཡུལ་དངོས་ནས་སྐད་སྒྱུར་འཁྲབ་ཚིག་འཁྲབ་སྟོན་བྱེད་ཀྱིན་པ། 

 微信图片_20180113115440.jpg

 མཚོ་སྔོན་བོད་སྐད་རླུང་འཕྲིན་གྱི་སྙན་སྒྲོན་པ་འབྲུག་ལྷ་རྒྱལ་སོགས་ཀྱིས་སྙན་ངག་གྱེར་འདོན་བྱེད་ཀྱིན་པ།

77777777777777777777_副本.png

ཨ་རྩེད་ཁྲོམ་པ་རྩེད་ལ་འཁོར། 

微信图片_20180113115818.jpg

 དབྱངས་སྙན་མོ་ངག་ལ་བཀུག་ནས་རྡུང་ལེན་ལེན་བཞིན་པའི་རྣམ་པ། 

顶顶顶顶.jpg

 མཚོ་སྔོན་བོད་སྐད་རླུང་འཕྲིན་གྱི་ན་ཆུང་བྱིས་པའི་ལེ་ཚན་ཁྲོད་ཞུགས་པའི་བྱིས་པ་ཆུང་ཆུང་ཞིག་གི་ལང་ཚོའི་ཉམས་འགྱུར། 

给发个非官方个.jpg

 མཚོ་སྔོན་བོད་སྐད་རླུང་འཕྲིན་གྱི་མདོ་འཛིན་པ་ཚེ་བཀྲས་སྙན་མོ་ངག་ལ་བརྒྱུས་པའི་གླུ་སྐད་ངོམ་བཞིན་པ། 

5555555555.jpg

66666666666666666.jpg

1111111111.jpg

333333333333333333333333333.jpg

ལས་ཁུངས་གཉིས་ཀྱི་འཁྲབ་སྟོན་པ་ཡོངས་ཀྱི་མཉམ་པར། 

 

མཉམ་སྤྱོད་བྱེད་གནས། 


ར་སྤྲོད་ཨང་།          མིང་མེད།    
མཛའ་འབྲེལ་ཨ་ལུང་།
ཀྲུང་གོ་བོད་ཀྱི་དྲ་བ།གུང་ཁྲན་ཏང་གི་དྲ་བ།བོད་ཀྱི་རིག་མཛོད།བོད་ཀྱི་སློབ་འབྲིང་།མཚོ་སྔོན་བོད་རིགས་དྲ་བ།ཁམས་པའི་དྲ་བ།ཞིང་ཆེན་མི་དམངས་སྲིད་གཞུང་།ཀྲུང་གོའི་བོད་སྐད་རླུང་འཕྲིན།བོད་ལྗོངས་འཕྲིན་དྲ།
ཁམས་པའི་བརྙན་འཕྲིན།ནོར་ནོར་བརྙན་འཕྲིན།ཡོངས་འཛིན་འཚོལ་བཤེར།