སྤེལ་དུས།2017.12.11 ཡོང་ཁུངས།
141
0

ལིག་ཉིན།

ལིག་ཉིན། ཕོ། རྒྱ་རིགས། ལའོ་ཉིན་ཏན་ཏུང་གི་མི་ཡིན། 1962ལོའི་ཟླ1པོར་སྐྱེས། 1983ལོར་བྱ་བར་ཞུགས།  1990ལོའི་ཟླ8པར་ཀྲུང་གོ་གུང་ཁྲན་ཏང་ནང་དུ་ཞུགས། བུའུ་ཧན་ཆུ་གློག་སློབ་ཆེན་དུ་དོ་དམ་བཟོ་སྐྲུན་ཆེད་ལས་ཀྱི་ལས་ཐོག་རབ་འབྱམས་པ་དང་། ཆུའི་རིག་གནས་ཐོན་ཁུངས་ལས་ཐོག་འབུམ་རམས་པ་བཅས་སློབ་མཐར་ཕྱིན། བཟོ་རིག་འབུམ་རམས་པ། དགེ་རྒན་ཆེན་མོ་རིམ་པའི་མཐོ་རིམ་བཟོ་སྐྲུན་པ་བཅས་ཡིན།

ད་ལྟ་ཀྲུང་དབྱང་སྐབས་བཅུ་དགུ་བའི་རྗེས་སྣོན་ཨུ་ཡོན་དང་།  མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་། ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་ཧྲུའུ་ཅི་བཅས་ཀྱི་འགན་བཞེས་ཡོད།

སྔ་རྗེས་སུ་འབྲི་ཆུའི་འབབ་རྒྱུད་འཆར་འགོད་གཞུང་ལས་ཁང་དང་འབྲི་ཆུའི་ཆུ་བེད་ཨུ་ཡོན་ལྷན་ཁང་གི་འཆར་འགོད་གླིང་ནས་འགག་རྩའི་ཇུས་འགོད་ཁྲུའུ་ཡི་ཁྲུའུ་ཀྲང་གཞོན་པ། གཞུང་ལས་ཁང་གཉིས་པའི་ཀྲུའུ་རིན་བཅས་ཀྱི་འགན་གཅིག་ལྕོགས་སུ་བཞེས་མྱོང་ལ།

འབྲི་ཆུ་ཆུ་བེད་ཨུ་ཡོན་ལྷན་ཁང་སྤྱི་ཁྱབ་བཟོ་སྐྲུན་པའི་ལག་རོགས་ཀྱི་འགན་བཞེས་མྱོང་།

1998ལོའི་ཟླ7པར། འབྲི་ཆུ་ཆུ་བེད་ཨུ་ཡོན་ལྷན་ཁང་གི་སྤྱི་ཁྱབ་བཟོ་སྐྲུན་པ་གཞོན་པའི་འགན་བཞེས།༼ཅུས་རིམ་པ་གཞོན་པ།༽

2001ལོའི་ཟླ12པར། ལྷོ་ཆུ་བྱང་འདྲེན་འཆར་གཞི་ཇུས་འགོད་དོ་དམ་ཅུའུ་ཡི་སྤྱི་ཁྱབ་བཟོ་སྐྲུན་པའི་འགན་བཞེས།

2002ལོའི་ཟླ4པར། ཆུ་བེད་པུའུ་ཡི་སྤྱི་ཁྱབ་བཟོ་སྐྲུན་པ་གཞོན་པ་དང་ལྷོ་ཆུ་བྱང་འདྲེན་འཆར་གཞི་ཇུས་འགོད་དོ་དམ་ཅུའུ་ཡི་སྤྱི་ཁྱབ་བཟོ་སྐྲུན་པའི་འགན་གཅིག་ལྕོགས་སུ་བཞེས།

2003ལོའི་ཟླ03པར། ཆུ་བེད་པུའུ་སྤྱི་ཁྱབ་བཟོ་སྐྲུན་པའི་འགན་བཞེས།

2009ལོའི་ཟླ1པར། ཆུ་བེད་པུའུ་ཡི་པུའུ་ཀྲང་གཞོན་པ་དང་སྤྱི་ཁྱབ་བཟོ་སྐྲུན་པའི་འགན་བཞེས།

2009ལོའི4པར། ཆུ་བེད་པུའུ་ཡི་པུའུ་ཀྲང་གཞོན་པ་དང་།  རྒྱལ་ཁབ་ཞོད་ཐན་སྔོན་འགོག་སྤྱི་ཁྱབ་བཀོད་འདོམ་པུའུ་ཡི་དྲུང་ཡིག་ཆེན་མོ་དང་གཞུང་ལས་ཁང་གི་ཀྲུའུ་རིན་གྱི་འགན་བཞེས།

2012ལོའི་ཟླ10པར། ཆུ་བེད་པུའུ་ཡི་པུའུ་ཀྲང་གཞོན་པ་དང་། རྒྱལ་ཁབ་ཞོད་ཐན་སྔོན་འགོག་སྤྱི་ཁྱབ་བཀོད་འདོམ་པུའུ་ཡི་དྲུང་ཡིག་ཆེན་མོའི་འགན་བཞེས།

2017ལོའི་ཟླ4པར། མཚོ་སྔོན་ཞིན་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པའི་འགན་བཞེས།

2017ལོ་ཟླ5པར། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭའི་སློབ་གཙོའི་འགན་བཞེས།

2017ལོའི་ཟླ8པར། མཚོ་སྔོན་ཞིན་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་དང་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི། ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭའི་སློབ་གཙོ་བཅས་ཀྱི་འགན་བཞེས།

2018ལོའི་ཟླ8པར། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་དང་། ཞིང་ཆེན་སྲིད་གཞུང་ཏང་ཙུའུ་ཧྲུའུ་ཅི། ཧྲིན་ཀྲང་གཞོན་པ། ཧྲིན་ཀྲང་ཚབ་མབཅས་ཀྱི་འགན་བཞེས།

2018ལོའི་ཟླ9པར། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་དང་། ཧྲིན་ཀྲང་། ཞིང་ཆེན་སྲིད་གཞུང་ཏང་ཙུའུ་ཧྲུའུ་ཅི་བཅས་ཀྱི་འགན་བཞེས།

ཀྲུང་དབྱང་སྐབས་བཅུ་དགུ་བའི་རྗེས་སྣོན་ཨུ་ཡོན་ཡིན།

གསར་འགྱུར་མེ་ལོང་། ༼ ཧྲིལ་བོ ༽ གསར་འགྱུར་མཉམ་སྒྲོག ༼ ཧྲིལ་བོ ༽
ཞོགས་པའི་ཕྱོགས་བསྡུས་གསར་འགྱུར། སྒྲ་ལྡན་རྒྱལ་སྤྱིའི་གསར་འགྱུར། དུས་ཐོག་གསར་འགྱུར།
  • རྔ་བའི་གསར་འགྱུར་དྲ་བ།
  • མཚོ་སྔོན་པོ་དྲ་བ།
  • གུང་ཁྲན་ཏང་གི་གསར་འགྱུར།
  • བོད་ཀྱི་རིག་མཛོད།
  • ཀྲུང་གོའི་བོད་ཀྱི་སློབ་འབྲིང་དྲ་བ།
  • མཚོ་སྔོན་བོད་རིགས་དྲ་བ།
  • མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།
  • ཀྲུང་གོ་བོད་སྐད་རླུང་འཕྲིན།
  • བོད་ལྗོངས་འཕྲིན་དྲ།
  • ཁམས་པའི་བརྙན་འཕྲིན།
  • ནོར་ནོར་བརྙན་འཕྲིན།
  • ཡོངས་འཛིན་འཚོལ་བཤེར།