ཀྲང་ལི།
2017.12.11 ཁུངས། ཀློག་གྲངས། 96

ཀྲང་ལི། མོ། རྒྱ་རིགས། 1969ལོའི་ཟླ10བར་ཧེ་ནན་ཅི་ཡུན་ནས་སྐྱེས། 1982ལོའི་ཟླ1པོར་ཀྲུང་གོ་གུང་ཁྲན་ཏང་ནང་ཞུགས། 1983ལོའི་ཟླ7པར་ལས་ཀར་ཞུགས། མཚོ་སྔོན་བཟོ་ཞིང་སློབ་གླིང་ཞིང་ལས་རིག་པའི་སྡེ་ཁག་གི་ཞིང་ལས་རིག་པའི་ཆེད་ལས་ནས་མཐར་ཕྱིན། སློབ་ཆེན་པ་ཡིན། ད་ཆ་མཚོ་སྔོན་ཞིང་ཆེན་སྲིད་གཞུང་གི་འགོ་གཙོ་གཞོན་པ་དང་།ཏང་ཙུའུ་ཁོངས་མི་ཡིན།

1979ལོའི་ཟླ8པ་ནས་1983ལོའི་ཟླ7པའི་བར་དུ་མཚོ་སྔོན་བཟོ་ཞིང་སློབ་གླིང་ཞིང་ལས་རིག་པའི་སྡེ་ཁག་གི་ཞིང་ལས་ཆེད་ལས་ནས་སློབ་གཉེར་བྱས།

1983ལོའི་ཟླ7པ་ནས་1984ལོའི་ཟླ11པའི་བར་མཚོ་སྔོན་ལུང་མདོ་རྫོང་ངལ་རྩོལ་མི་དོན་ཅུས་ཀྱི་ལས་བྱེད་ཡིན།

1984ལོའི་ཟླ11ནས་1993ལོའི་ཟླ6པའི་བར་གུང་གཞོན་ཚོགས་པའི་མཚོ་སྔོན་ཞིང་ཆེན་ལུང་མདོ་རྫོང་གི་ཏང་ཨུའི་ཧྲུའུ་ཅི་ཡིན།

1993ལོའི་ཟླ6པ་ནས་1995ལོའི་ཟླ6པའི་བར་མཚོ་སྔོན་ལུང་མདོ་རྫོང་ཚན་རྩལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་དང་ཚན་རྩལ་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཉིས་ཀྱི་འགན་གཅིག་ལྕོགས་བཞེས། (1993ལོའི་ཟླ9བ་ནས་1994ལོའི་ཟླ6པའི་བར་ལ་མཚོ་སྔོན་ཞིང་ཆེན་ཏང་གི་སློབ་གྲྭ་ནས་སློབ་གཉེར་བྱས།)

1995ལོའི་ཟླ6པ་ནས་1998ལོའི་ཟླ་4བའི་བར་དུ། མཚོ་སྔོན་ཞིང་ཆེན་ལུང་མདོ་རྫོང་གི་རྫོང་དཔོན་གཞོན་པ་ཡིན།

1998ལོའི་ཟླ4བ་ནས1999ལོའི་ཟླ4བའི་བར་ལ་མཚོ་སྔོན་ཞིང་ཆེན་ལུང་མདོ་རྫོང་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ཡིན། (1996ལོའི་ཟླ8པ་ནས1998ལོའི་ཟླ12བར་ལ་ཀྲུང་དབྱང་ཏང་གི་སློབ་གྲྭའི་སྦྲག་འཁྲིད་སློབ་གླིང་གི་དཔལ་འབྱོར་དོ་དམ་ཆེད་ལས་ཀྱི་དངོས་གཞི་འཛིན་གྲྭ་ནས་སློབ་གཉེར་ལ་གཞོལ)

1999ལོའི་ཟླ4བ་ནས་2000ལོའི་ཟླ6པའི་བར། མཚོ་སྔོན་ཞིང་ཆེན་མཚོ་ཤར་ས་ཨུའི་རྩ་འཛུགས་པུའུ་ཡི་པུའུ་ཀྲང་གཞོན་པའི་འགན་བཞེས།

2000ལོའི་ཟླ6པ་ནས2006ལོའི་ཟླ9བའི་བར་མཚོ་སྔོན་ཞིང་ཆེན་མཚོ་ཤར་ས་ཨུའི་རྩ་འཛུགས་པུའུ་རྒྱུན་ལས་པུའུ་ཀྲང་གཞོན་པའི་འགན་བཞེས། (ཁྲུའུ་རིམ་པ་དང་པོ་ཡིན། 2001ལོའི་ཟླ3པ་ནས2002ལོའི་ཟླ7བའི་བར་མཚོ་སྔོན་ཞིང་ཆེན་ཏང་གི་སློབ་གྲྭའི་གཞོན་དར་འཛིན་གྲྭ་ནས་སློབ་གཉེར་བྱས)

2006ལོའི་ཟླ9བ་ནས་2006ལོའི་ཟླ10བའི་བར་མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ཏང་ཨུའི་རྒྱུན་ཨུ་ཡིན།

2006ལོའི་ཟླ10བ་ནས2008ལོའི་ཟླ5བའི་བར། མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ཏང་ཨུའི་རྒྱུན་ཨུ་དང་རྩ་འཛུགས་པུའུ་ཡི་པུའུ་ཀྲང་ཡིན།

2008ལོའི་ཟླ4བ་ནས2011ལོའི་ཟླ1པོའི་བར་མཚོ་སྔོན་ཞིང་ཆེན་ཏང་ཨུ་རྩ་འཛུགས་པུའུ་ཡི་པུའུ་ཀྲང་གཞོན་པ་ཡིན།

2011ལོའི་ཟླ1པོ་ནས་2018ལོའི་ཟླ1པོའི་བར་མཚོ་སྔོན་ཞིང་ཆེན་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་དང་ཏང་ཙུའུ་ཧྲུའུ་ཅི་ཡིན།

2018ལོའི་ཟླ1ནས་2018ལོའི་ཟླ5བར། མཚོ་སྔོན་ཞིང་ཆེན་སྲིད་གཞུང་གི་འགོ་གཙོ་གཞོན་པ་དང་། ཞིང་ཆེན་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི། ཏང་ཙུའུ་ཁོངས་མི། ཞིང་ཆེན་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི། ཏང་ཙུའུ་ཧྲུའུ་ཅི་བཅས་ཡིན།

2018ལོའི་ཟླ5ནས་མཚོ་སྔོན་ཞིང་ཆེན་སྲིད་གཞུང་གི་འགོ་གཙོའམ་ཧྲན་ཀྲང་གཞོན་པའི་འགན་བཞེས་ཤིང་ཏང་ཙུའུ་ཁོངས་མི་ཡིན།