ལིའུ་ཐའོ། ཕོ། རྒྱ་རིགས། 1966ལོའི་ཟླ10བར་སྐྱེས། ཨན་ཧུའེ་ལིན་ཆུན་མི་ཡིན། 1988ལོའི་ཟླ5ནང་ཀྲུང་གོ་གུང་ཁྲན་ཏང་ལ་ཞུགས། 1986ལོའི་ཟླ7ནང་ལས་ཀར་ཞུགས། ཀྲུང་གོ་མི་དམངས་སློབ་ཆེན་ཞིང་ལས་དཔལ་འབྱོར་སྡེ་ཁག་གི་དངོས་གཞི་ནས་མཐར་ཕྱིན་ཞིང་། དཔལ་འབྱོར་རིག་པའི་དངོས་གཞིའི་ཡོན་གནས་ལྡན། ཁྲང་ཅང་ཚོང་ལས་རིག་པའི་སློབ་གླིང་གི་མཐོ་རིམ་དོ་དམ་པའི་བཟོ་ཚོང་དོ་དམ་གྱི་རབ་འབྱམས་པའི་ཆེད་ལས་ནས་མཐར་ཕྱིན། ལས་ཐོག་ཞིབ་འཇུག་སློབ་མའི་སློབ་རིམ་ལྡན་པ་དང་། མཐོ་རིམ་དོ་དམ་པའི་བཟོ་ཚོང་དོ་དམ་གྱི་རབ་འབྱམས་པའི་ཡོན་གནས་བླངས། ད་ཆ་མཚོ་སྔོན་ཞིང་ཆེན་སྲིད་གཞུང་གི་འགོ་གཙོ་གཞོན་པ་དང་། ཞིང་ཆེན་སྲིད་གཞུང་ཏང་ཙུའུ་ཡི་ཁོངས་མི་ཡིན།
1982.09--1986.07 ལོའི་བར་དུ་ཀྲུང་གོ་མི་དམངས་སློབ་ཆེན་ཞིང་ལས་དཔལ་འབྱོར་སྡེ་ཁག་ནས་སློབ་གཉེར་མཛད་ཅིང་། དཔལ་འབྱོར་དངོས་གཞིའི་ཡོན་གནས་བླངས།
1986.07--1990.04 ལོའི་བར་རྒྱལ་ཁབ་འཆར་འགོད་ཨུ་ལྷན་དཔལ་འབྱོར་ཞིབ་འཇུག་ཁང་ནས་ལས་ཀ་གཉེར་ཞིང་།(བར་སྐབས་དེར1987.08—1988.08ཀྲུང་དབྱང་གི་འཆད་འཁྲིད་ཚོགས་པ་དང་། ཧེ་པའེ་ཐང་ཧྲན་གྱི་ཡན་ལག་ཚོགས་པར་ཞུགས།)
1990.04--1993.03 ལོའི་བར་ལ་རྒྱལ་ཁབ་འཆར་འགོད་ཨུ་ལྷན་ཐད་གཏོགས་ལས་ཁུངས་གུང་གཞོན་ཚོགས་པའི་ཨུ་ལྷན་གྱི་ཧྲུའུ་ཅི་གཞོན་པར་བསྐོས།
1993.03--1995.04 ལོའི་བར་དུ་རྒྱལ་ཁབ་འཆར་འགོད་ཨུ་ལྷན་ཐད་གཏོགས་གུང་གཞོན་ཚོགས་པའི་ཨུ་ལྷན་གྱི་ཧྲུའུ་ཅིར་བསྐོས།(ཁྲུའུ་རིམ་པ་གཞོན་པ)
1995.04--1997.04 ལོའི་བར་དུ་རྒྱལ་ཁབ་འཆར་འགོད་ཨུ་ལྷན་ཐད་གཏོགས་གུང་གཞོན་ཚོགས་པའི་ཨུ་ལྷན་གྱི་ཧྲུའུ་ཅིར་བསྐོས།(ཁྲུའུ་རིམ་པ་དང་པོ)(དེའི་རིང་གི1996.03—1997.02བར་སི་ཁྲོན་ཞིང་ཆེན་ཝན་ཞིན་གྲོང་ཁྱེར་དུ་མངགས་ནས་གྲོང་ཁྱེར་གྱི་འགོ་གཙོ་གཞོན་པའི་འགན་འཁུར།)
1997.04--2003.07 ལོའི་བར་རྒྱལ་ཁབ་འཆར་འགོད་ཨུ་ལྷན་ཐད་གཏོགས་ཏང་ཨུའི་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་གི་འགན་བཞེས།
2003.07--2003.08 ལོའི་བར་དུ་རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ལྷན་ཐད་གཏོགས་ལས་ཁོངས་ཏང་ཨུའི་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་གི་འགན་བཞེས།
2003.08--2004.02 ལོའི་བར་དུ་ཀྲུང་དབྱང་རྒྱལ་ཁབ་ལས་ཁུངས་གུང་གཞོན་ཚོགས་པའི་བཟོ་ཨུའི་ཧྲུའུ་ཅི་གཞོན་པར་བསྐོས།
2004.02--2005.08 ལོའི་བར་ཀྲུང་དབྱང་རྒྱལ་ཁབ་ལས་ཁུངས་གུང་གཞོན་ཚོགས་པའི་བཟོ་ཨུའི་ཧྲུའུ་ཅི་གཞོན་པ་དང་གོ་ཆིང་ཐོན་སྐྱེད་ནུས་ཤུགས་སྐུལ་འདེད་ལྟེ་གནས་ཀྱི་ཀྲུའུ་རེན་གྱི་འགན་ལྕོགས་བཞེས།
2005.08--2006.04 ལོའི་བར་དུ་ཀྲུང་དབྱང་རྒྱལ་ཁབ་ལས་ཁུངས་གུང་གཞོན་ཚོགས་པའི་བཟོ་ཨུའི་ཧྲུའུ་ཅི་གཞོན་པ་དང་། ཀྲུང་དབྱང་རྒྱལ་ཁབ་ལས་ཁུངས་ན་གཞོན་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞིར་བསྐོས་པ་དང་། གོ་ཆིང་ཐོན་སྐྱེད་ནུས་ཤུགས་སྐུལ་འདེད་ལྟེ་གནས་ཀྱི་ཀྲུའུ་རེན་གྱི་འགན་གཅིག་ལྕོགས་སུ་བཞེས།
2006.04--2007.12 ལོའི་བར་དུ་ཀྲུང་དབྱང་རྒྱལ་ཁབ་ལས་ཁུངས་གུང་གཞོན་ཚོགས་པའི་བཟོ་ཨུའི་ཧྲུའུ་ཅི་དང་། ཀྲུང་དབྱང་རྒྱལ་ཁབ་ལས་ཁུངས་ན་གཞོན་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི། གོ་ཆིང་ཐོན་སྐྱེད་ནུས་ཤུགས་སྐུལ་འདེད་ལྟེ་གནས་ཀྱི་ཀྲུའུ་རེན་བཅས་ཀྱི་འགན་ལྕོགས་བཞེས།
2007.12--2009.06 ལོའི་བར་དུ་ཀྲུང་དབྱང་རྒྱལ་ཁབ་ལས་ཁུངས་བཟོ་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི(མང་ཚོགས་ལས་དོན་སྡེ་ཁག)པུའུ་ཀྲང་དང་། ཀྲུང་དབྱང་རྒྱལ་ཁབ་ལས་ཁུངས་བཟོ་ཚོགས་མཉམ་འབྲེལ་ལྷན་ཚོགས་རྒྱུན་ལས་ཀྲུའུ་ཞི་གཞོན་པའི་འགན་བཞེས།
2009.06--2010.08 ལོའི་བར་ཀྲུང་དབྱང་རྒྱལ་ཁབ་ལས་ཁུངས་བཟོ་ཨུའི་དྲིལ་སྒྲོག་པུའུཡི་པུའུ་ཀྲང་ཨང་དང་པོའི་འགན་བཞེས།
2010.08--2011.05 ལོའི་བར་ཀྲུང་དབྱང་རྒྱལ་ཁབ་ལས་ཁུངས་བཟོ་ཨུའི་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་གི་འགན་བཞེས།
2011.05--2016.11 ལོའི་བར་ཀྲུང་དབྱང་རྒྱལ་ཁབ་ལས་ཁུངས་བཟོ་ཨུའི་ཨུ་ཡོན་དང་། དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་གི་འགན་བཞེས།(དེའི་རིང་2012.03—2012.07བར་ལ་ཀྲུང་དབྱང་ཏང་གི་སློབ་གྲྭའི་ལས་བྱེད་གཞོན་དར་ཟབ་སྦྱོང་འཛིན་གྲྭ་དང་པོ་རུ་སློབ་གཉེར་བྱས། )
2016.11--2018.03 ལོའི་བར་ཀྲུང་དབྱང་རྒྱལ་ཁབ་ལས་ཁུངས་བཟོ་ཨུའི་ཨུ་ཡོན་དང་གཞུང་སྒྲུབ་ཁང་གི་ཀྲུའུ་རེན་གྱི་འགན་བཞེས།
2018.03--2018.09 ལོའི་བར་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་བཟོ་ཨུའི་ཨུ་ཡོན་ཡིན།
2018.09--2019.04 ལོའི་བར་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་བཟོ་ཨུའི་ཨུ་ཡོན་དང་གཞུང་སྒྲུབ་ཐིང་གི་ཀྲུའུ་རེན་གྱི་འགན་བཞེས།
2019.04--2019.05 ལོའི་བར་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཧྲན་ཀྲང་གཞོན་པའི་འོས་མི་དང་།ཏང་ཙུའུ་ཁོངས་མི་ཡིན།
2019.05 ནས་ད་བར་དུ་མཚོ་སྔོན་ཞིང་ཆེན་གྱི་འགོ་གཙོ་གཞོན་པ་དང་། ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་ཁོངས་མི་ཡིན།