1.རྒྱལ་ཁབ་ཀྱི་རྩྭ་ཐང་གི་སྐྱེ་ཁམས་སྲུང་སྐྱོང་ལ་ཁ་གསབ་བྱ་དགའི་རོགས་དངུལ་སྟེར་བའི་ནང་རྐྱེན་འཛུགས་པའི་གཞི་རྩའི་དམིགས་ཡུལ་ཅི་ཡིན།
རྒྱལ་ཁབ་ཀྱི་རྩྭ་ཐང་གི་སྐྱེ་ཁམས་སྲུང་སྐྱོང་ལ་ཁ་གསབ་བྱ་དགའི་རོགས་རུལ་སྟེར་བའི་ནང་རྐྱེན་འཛུགས་པའི་གཞི་རྩའི་དམིགས་ཡུལ་ནི། རྩྭ་ཐང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱེད་པ་དང་ཕྱུགས་ལས་འཕེལ་སྟངས་བསྒྱུར་བ། འབྲོག་པའི་ཡོང་སྒོ་འཕར་བར་སྐུལ་སྤེལ་བྱེད་པ། རྩྭ་ཐང་གི་སྐྱེ་ཁམས་སྲུང་སྐྱོང་དང་ཕྱུགས་ལས་འཕེལ་རྒྱས་འཁོར་རྒྱུག་བཟང་པོར་འཁོར་སྐྱོད་བྱེད་པར་འཇུག་པ་དེ་ཡིན།
2.རྒྱལ་ཁབ་ཀྱི་རྩྭ་ཐང་གི་སྐྱེ་ཁམས་སྲུང་སྐྱོང་ལ་ཁ་གསབ་བྱ་དགའི་རོགས་དངུལ་སྟེར་བའི་ནང་རྐྱེན་འཛུགས་པའི་དོན་སྙིང་གལ་ཆེན་ཅི་ཡིན།
རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ནང་སོག་དང་ཞིན་ཅང་། མཚོ་སྔོན། བོད་ལྗོངས་སོགས་འབྲོག་ཁུལ་ཞིང་ཆེན་དང་རང་སྐྱོང་ལྗོངས་བརྒྱད་དང་ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་པིང་ཐོན་ཡོངས་ལ་རྩྭ་ཐང་གི་སྐྱེ་ཁསམ་སྲུང་སྐྱོང་ལ་ཁ་གསབ་བྱ་དགའི་རོགས་དངུལ་སྟེར་བའི་ནང་རྐྱེན་འཛུགས་རྒྱུ་ཐག་བཅད་པ་ནི། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རང་རྒྱལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཁྱོན་ཡོངས་ལ་གཅིག་གྱུར་འཆར་གཞི་བཀོད་པའི་