གཅིག མཚོ་སྔོན་ཞིང་ཆེན་ཁྲིམས་ལུགས་རོགས་སྐྱོར་ལྟེ་གནས་ཀྱི་བྱ་བའི་འགན་ནུས།
མཚོ་སྔོན་ཞིང་ཆེན་ཁྲིམས་ལུགས་རོགས་སྐྱོར་ལྟེ་གནས་ནི་ཞིང་ཆེན་ཡོངས་ཀྱི་ཁྲིམས་ལུགས་རོགས་སྐྱོར་ལས་དོན་གྱི་དོ་དམ་དང་། ཁྲིམས་ལུགས་རོགས་སྐྱོར་ཞབས་ཞུར་འགན་ནུས་ཡོད་པ་ཞིག་ཡིན་པ་ལས་གཞན། ཁྲིམས་ལུགས་རོགས་སྐྱོར་ལས་དོན་ཐད་ཀྱི་ཁྲིམས་ལུགས་ཁྲིམས་སྲོལ་དང་སྲིད་ཇུས་ལག་བསྟར་བྱེད་པ་འདུས་པའི་ཞིང་ཆེན་ཡོངས་ཀྱི་ཁྲིམས་ལུགས་རོགས་སྐྱོར་བྱ་བའི་འཕེལ་རྒྱས་འཆར་འགོད་དང་། ལོ་རྗེས་མའི་འཆར་གཞི། ཚད་ལྡན་རང་བཞིན་གྱི་ཡིག་ཆ་བཟོ་བ་དང་། ཞིང་ཆེན་ཡོངས་ཀྱི་ཁྲིམས་ལུགས་རོགས་སྐྱོར་ལས་དོན་ལ་དོ་དམ་དང་ཁྲིད་སྟོན། མཐུན་སྦྱོར། ལྟ་སྐུལ་བཅས་བྱེད་པ་དང་། ཁྲིམས་ལུགས་རོགས་སྐྱོར་གྱི་མ་དངུལ་བསྡུ་བ་དང་དོ་དམ། བཀོལ་སྤྱོད་བྱེད་པ། མ་དངུལ་བཀོལ་སྤྱོད་ཀྱི་གནས་ཚུལ་ལ་ལྟ་ཞིབ་དང་སྤྱི་ཚོགས་ཀྱི་ཕན་འབྲས། ཁྲིམས་ལུགས་རོགས་སྐྱོར་ཐད་ཀྱི་ཆེད་ལས་དཔུང་སྡེ་འཛུགས་སྐྲུན་དང་སློབ་གསོ་ཟབ་སྦྱོང་བཅས་འདུས་པའི་ཁྲིམས་ལུགས་རོགས་སྐྱོར་ལས་དོན་དྲིལ་སྒྲོག་གི་འགན་ཁུར་ཡོད་ལ། སྤྱི་བའི་བཅའ་ཁྲིམས་སློབ་གསོ་དང་རྟོག་དཔྱོད་ཞིབ་འཇུག ཕྱི་ཕྱོགས་རྗེས་རེས་སོགས་ཀྱི་བྱ་བ་སྤེལ་བཞིན་ཡོད་ཅིང་། ཁྲིམས་ལུགས་རོགས་སྐྱོ