འགྲུལ་བཞུད་ལམ་སྟོན་ལེ་ཚན་གྱི་གསར་འགོད་པ་མགོ་ལོག་ཏུ་བཅར་འདྲིར་བསྐྱོད་པའི་ཁག་བཅུ་བ་སྟེ། དགའ་བདེ་རྫོང་གོང་མ་སྨད་མ་ཞང་མངགས་གཏོང་ཁང་གིས་ས་གནས་མང་ཚོགས་ལ་འགྲིམ་འགྲུལ་ཁྲིམས་སྲོལ་ཁྱབ་བསྒྲགས་བྱས་པའི་སྐོར།
2020.03.23 ཁུངས། ཀློག་གྲངས། 873

གདན་ཞུའི་སྐུ་མགྲོན། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དགའ་བདེ་རྫོང་གོང་མ་སྨད་མ་ཞང་མངགས་གཏོང་ཁང་གི་མགོ་གཙོ་ཤེས་རབ་འོད་ཟེར་དང་གོང་མ་སྨད་མ་ཞང་རུ་ཁག་གསུམ་པའི་སྡེ་མི་པ་ཡེ་གཉིས་ཡིན།


མདོ་འཛིན་པ་དང་རྩོམ་སྒྲིག་པ། སྟོབས་ལྡན་རྒྱལ།

རྩོམ་སྒྲིག་འགན་ཁུར་བ། བསོད་ནམས་དོན་འགྲུབ།

ལྟ་སྐུལ་བ། ལྷ་བརྟན།

སྤྱིའི་ལྟ་སྐུལ་བ། ཆོས་ཕྱུག་རྒྱལ།

ལེ་ཚན་འདི་མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་བོད་སྐད་རླུང་འཕྲིན་དང་མཚོ་སྔོན་ཞིང་ཆེན་འགྲིམ་འགྲུལ་ཉེན་རྟོག་སྤྱི་ཁྱབ་རུ་ཁག་གཉིས་ཀྱིས་མཉམ་བསྒྲུབས་བྱས་པ་ཡིན།

འབྲེལ་གཏུག་བྱེད་ས། བཀྲ་ཤིས་དོན་འགྲུབ། ཁ་པར་ཨང་གྲངས། 18609789893 སྐད་འཕྲིན། zha253974201

ཟླ་བཟང་སྒྲོལ་མ། ཁ་པར་ཨང་གྲངས། 17730921766   སྐད་འཕྲིན། 309058444

སྟོབས་ལྡན་རྒྱལ། ཁ་པར་ཨང་གྲངས།  15597675771 སྐད་འཕྲིན། 610117993

སྟོབས་ལྡན་བཀྲ་ཤིས། ཁ་པར་ཨང་གྲངས། 17797088309 སྐད་འཕྲིན། 770583228

རྩ་གཉིས་ཨང་བཤེར་འདི་མནན་ནས་མཚོ་སྔོན་བོད་སྐད་རླུང་འཕྲིན་གྱི་སྐད་འཕྲིན་སྤྱི་སྟེགས་ལ་དོ་ཁུར་བྱས་ཆོག


མགོ་ལོག་ཁུལ་སྤྱི་བདེ་ཅུའི་ཡིས་བེད་མེད་འཕྲུལ་སྒུལ་འཁོར་ལོ་གཅིག་སྡུད་བཅོས་སྒྲིག་བྱེད་པའི་ལས་སྤེལ་དང་འབྲེལ་བའི་བརྡ་ཐོ།

བེད་མེད་འཕྲུལ་སྒུལ་འཁོར་ལོ་གཞུང་ལམ་དུ་སྐོར་ནས་བདེ་འཇགས་ལ་གནོད་སྐྱོན་བཟོ་བ་རྩ་བ་ནས་མེད་པར་གཏོང་ཆེད་དང་། གཞུང་ལམ་གྱི་འགྲིམ་འགྲུལ་དོན་རྐྱེན་སྔོན་འགོག་ལག་བསྟར་བྱེད་པའི་ཆེད་དུ། མགོ་ལོག་ཁུལ་སྤྱི་བདེ་ཅུའི་ཡི《ཁུལ་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱིས་བེད་མེད་འཕྲུལ་སྒུལ་འཁོར་ལོ་གཅིག་སྡུད་བཅོས་སྒྲིག་བྱེད་པའི་ཆེད་དོན་བྱ་འགུལ་བྱ་བའི་འཆར་གཞི》དང་། 《འཕྲུལ་སྒུལ་འཁོར་ལོ་བཙན་ཤུགས་ཀྱིས་བེད་མེད་གཏོང་བའི་ཚད་གཞིའི་གཏན་འཁེལ》ལྟར་དུ། ད་ལྟ་ཁུལ་ཡོངས་ཀྱི་ཚད་གཞིར་ལོངས་པའི་བེད་མེད་འཕྲུལ་སྒུལ་འཁོར་ལོ་ལ་གཅིག་སྡུད་བཅོས་སྒྲིག་བྱེད་པའི་འབྲེལ་ཡོད་ལག་བསྟར་བརྡ་ཐོ་གཤམ་གསལ་ལྟར།

གཅིག བེད་མེད་ཀྱི་ཚད་གཞིར་ལོངས་པའི་འཕྲུལ་སྒུལ་འཁོར་ལོ་དང་། འཕྲུལ་སྒུལ་འཁོར་ལོའི་བདག་པོས་བེད་མེད་དུས་ཚོད་ལོང་ཡང་རྩིས་མེད་ཐོ་འགོད་ཀྱི་འགྲོ་ལུགས་མི་སྒྲུབ་པའི་རིགས་ལ། སྤྱི་བདེ་འགྲིམ་འགྲུལ་ལས་ཁུངས་ཀྱིས་ཁྲིམས་ལྟར་སྡུད་ལེན་ནམ་ཡང་ན་བཙན་ཤུགས་ཀྱིས་རྩིས་མེད་གཏོང་བ་དང་། དེ་དང་མཉམ་དུ་རླངས་འཁོར་ཐོ་འགོད་ལག་རྟགས་དང་། ཨང་རྟགས། སྐོར་ཡིག་བཅས་བེད་མེད་དུ་གཏང་རྒྱུ་ཡིན། 

གཉིས། བེད་མེད་ཀྱི་ཚད་གཞིར་ལོངས་པའི་འཕྲུལ་སྒུལ་འཁོར་ལོ་གཞུང་ལམ་དུ་སྐོར་དུས།  སྤྱི་བདེ་འགྲིམ་འགྲུལ་ལས་ཁུངས་ཀྱིས《གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་བཅའ་ཁྲིམས》ཀྱི་དོན་ཚན་ཆིག་བརྒྱའི་གཏན་འཁེལ་ལྟར་དུ་སྡུད་ལེན་བྱས་ནས་བཙན་ཤུགས་ཀྱིས་བེད་མེད་གཏོང་རྒྱུ་དང་། 《འཕྲུལ་སྒུལ་འཁོར་ལོའི་ཐོ་འགོད་གཏན་འཁེལ》གྱི་དོན་ཚན་ཉེར་བདུན་པའམ། དོན་ཚན་སུམ་ཅུ་བའི་གཏན་འཁེལ་ལྟར་དུ་རྩིས་མེད་ཐོ་འགོད་བྱ་རྒྱུ་ཡིན། ཁ་ལོ་བ་ལ《གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་བཅའ་ཁྲིམས》ཀྱི་དོན་ཚན་ཆིག་བརྒྱའི་ཁྲོད་ཀྱི་དོན་ཆུང་གཉིས་པ་ལྟར་དུ། དམངས་སྒོར་སྟོང་གཉིས་ཀྱི་ཆད་དངུལ་དང་། འཕྲུལ་སྒུལ་འཁོར་ལོའི་ལག་རྟགས་རྩིས་མེད་དུ་གཏང་རྒྱུ་ཡིན།

གསུམ།  འཕྲུལ་སྒུལ་འཁོར་ལོ་མེད་བརླག་ཏུ་བཏང་ཚེ། འཕྲུལ་སྒུལ་འཁོར་ལོའི་བདག་པོས་རྩིས་མེད་ཐོ་འགོད་དང་། ཡུལ་ཚོའི་སྲིད་གཞུང་གིས་སྤྲད་པའི་དཔང་ཡིག་བླངས་ནས། སྤྱི་བདེ་འགྲིམ་འགྲུལ་ལས་ཁུངས་ཀྱི་ཞིབ་བཤེར་བརྒྱུད་ལོ་གཉིས་ཚུན་དུ་རླངས་འཁོར་གང་དེར་འགུལ་སྐྱོད་དང་། ཁྲིམས་འགལ། དོན་རྐྱེན་བཅས་ཀྱི་གནས་ཚུལ་ཅི་ཡང་བྱུང་མེད་ཚེ། 《འཕྲུལ་སྒུལ་འཁོར་ལོའི་ཐོ་འགོད་གཏན་འཁེལ》གྱི་དོན་ཚན་ཉེར་བརྒྱད་པའི་གཏན་འཁེལ་ལྟར་རྩིས་མེད་ཐོ་འགོད་ཀྱི་འགྲོ་ལུགས་བསྒྲུབ་ཆོག  རང་འགུལ་སྒོས་འཕྲུལ་སྒུལ་འཁོར་ལོ་གཏོར་ནས་བཙོངས་བ་དག་གིས་ཀྱང་། མེད་བརླག་ཏུ་སོང་བའི་རྣམ་པ་ལྟར་འགྲོ་ལུགས་བསྒྲུབ་དགོས།

བཞི།  གཞན་ནས་གཞན་ལ་བཙོངས་ཀྱང་རྒྱུ་བདག་བརྗེ་བའི་ཐོ་འགོད་འགྲོ་ལུགས་སྒྲུབ་མེད་པའི་བེད་མེད་ཚད་གཞིར་ལོངས་པའི་འཕྲུལ་སྒུལ་འཁོར་ལོ་ནི། ཆེས་མཐའ་མཇུག་གི་ཉོ་བདག་དང་འཕྲུལ་སྒུལ་འཁོར་ལོ་ཐོ་འགོད་བྱེད་པ་པོ་ཐུན་མོང་ནས་རྩིས་མེད་ཐོ་འགོད་བྱས་ཏེ། རླངས་འཁོར་དེ་འཕྲུལ་སྒུལ་འཁོར་ལོ་ཕྱིར་བསྡུ་ཁེ་ལས་ལ་སྤྲད་ནས། 《འཕྲུལ་སྒུལ་འཁོར་ལོའི་ཐོ་འགོད་གཏན་འཁེལ》གྱི་དོན་ཚན་ཉེར་བདུན་པའི་གཏན་འཁེལ་ལྟར་དུ་རྩིས་མེད་ཐོ་འགོད་བྱ་རྒྱུ། རླངས་འཁོར་འཚོལ་ཐབས་མེད་པའི་རིགས་ལ། འཕྲུལ་སྒུལ་འཁོར་ལོའི་བདག་པོ་རང་ནས་རྩིས་མེད་སྙན་ཞུ་འབུལ་རྒྱུ་དང་།  འབྲེལ་ཡོད་ཁྲིམས་ལུགས་འགན་འཁྲིའི་དམ་བཅའི་ཡི་གེ་འབྲི་དགོས་ཤིང་། སྤྱི་བདེ་འགྲིམ་འགྲུལ་ལས་ཁུངས་ཀྱིས་ཞིབ་བཤེར་བྱས་ཏེ་ལོ་གཉིས་ཀྱི་ཚུན་དུ་རླངས་འཁོར་གང་དེར་འགུལ་སྐྱོད་དང་། ཁྲིམས་འགལ། དོན་རྐྱེན་བཅས་ཀྱི་གནས་ཚུལ་ཅི་ཡང་བྱུང་མེད་ཚེ། མེད་བརླག་ཏུ་བཏང་བའི་རྣམ་པ་ལྟར་དུ་རྩིས་མེད་ཐོ་འགོད་ཀྱི་འགྲོ་ལུགས་བསྒྲུབ་ཆོག

ལྔ། རླངས་འཁོར་ལ་ཆག་སྐྱོན་བྱུང་ནས་ཐོ་འགོད་ས་གནས་སུ་སླེབ་ཐབས་མེད་པའི་རླངས་འཁོར་གྱི་རིགས་ནི། འཕྲུལ་སྒུལ་འཁོར་ལོ་བེད་མེད་གཏོང་སའི་སྤྱི་བདེ་འགྲིམ་འགྲུལ་ལས་ཁུངས་ཀྱིས་འཕྲུལ་སྒུལ་འཁོར་ལོའི་བདག་པོར་ཤེས་སུ་བཅུག་ནས་ཉེ་འགྲམ་གྱི་འཕྲུལ་སྒུལ་འཁོར་ལོ་ཕྱིར་བསྡུ་བྱེད་སའི་ཁེ་ལས་སུ་བསྐྱལ་ཏེ་བཅོམ་བཤིག་བྱ་དགོས་ཤིང་། བེད་མེད་གཏོང་སའི་ས་གནས་དང་ཡང་ན་ཐོ་འགོད་ས་གནས་ཀྱི་སྤྱི་བདེ་རླངས་འཁོར་དོ་དམ་ཁང་གིས《འཕྲུལ་སྒུལ་འཁོར་ལོའི་ཐོ་འགོད་གཏན་འཁེལ》གྱི་དོན་ཚན་སུམ་ཅུ་བའི་གཏན་འཁེལ་ལྟར་དུ་བེད་མེད་རྩིས་མེད་ཀྱི་ཐོ་འགོད་འགྲོ་ལུགས་བསྒྲུབ་དགོས། དེའི་ཁྲོད་དུ་འགྲུལ་འཁོར་ཆེ་བ་དང་། ཟོང་འཁོར་ཆེ་བ། དེ་མིན་སྐྱེལ་འདྲེན་རླངས་འཁོར་དང་སློབ་གྲྭའི་རླངས་འཁོར་བཅོམ་བཤིག་བྱ་དགོས་ཚེ། བེད་མེད་གཏོང་སའི་ས་གནས་སྤྱི་བདེ་འགྲིམ་འགྲུལ་སྡེ་ཁག་གི་ལྟ་རྟོག་འོག་ལག་བསྟར་བྱ་དགོས།

དྲུག       བེད་མེད་ཀྱི་ཚད་གཞིར་ལོངས་པའི་འཕྲུལ་སྒུལ་འཁོར་ལོ་ཕྱིར་འཚོང་བྱས་ཚེ། 《གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་བཅའ་ཁྲིམས》ཀྱི་དོན་ཚན་བརྒྱའི་དོན་ཆུང་གསུམ་པའི་གཏན་འཁེལ་ལྟར་དུ། སྤྱི་བདེ་འགྲིམ་འགྲུལ་སྡེ་ཁག་གིས་དེའི་ཁྲིམས་འགལ་གྱི་ཡོང་སྒོ་གཞུང་བཞེས་བྱ་རྒྱུ་མ་ཟད། དངུལ་ཆད་གཅོད་རྒྱུ་དང་། འཕྲུལ་སྒུལ་འཁོར་ལོ་དེ་སྡུད་ལེན་དང་བཙན་ཤུགས་ཀྱིས་བེད་མེད་གཏང་རྒྱུ་ཡིན།

བདུན།  2020ལོའི་ཟླ3པའི་ཚེས31ཉིན་སྔོན་དུ །  འཕྲུལ་སྒུལ་འཁོར་ལོའི་བདག་པོ་སུ་ཞིག་ཡིན་ཡང་། རང་འགུལ་གྱིས་སྙན་ཞུ་ཕུལ་ནས་བེད་མེད་རླངས་འཁོར་གྱི་རྩིས་མེད་འགྲོ་ལུགས་སྒྲུབ་མཁན་ཚང་མར། འཕྲུལ་སྒུལ་འཁོར་ལོ་གང་དེའི་འགྲིམ་འགྲུལ་སྒྲིག་འགལ་ལ་ཆད་དངུལ་མི་ལེན་པ་དང་། སྐར་མ་ཡང་མི་འཐེན།

བརྒྱད།   འཕྲུལ་སྒུལ་འཁོར་ལོ་བེད་མེད་བྱས་ནས་རྩིས་མེད་ཐོ་འགོད་ཀྱི་འགྲོ་ལུགས་བསྒྲུབས་ཟིན་ཚེ། འཕྲུལ་སྒུལ་འཁོར་ལོའི་བདག་པོའི་དེ་སྔའི་འཁོར་རྟགས་ལོ་གཉིས་ལ་སོར་འཇོག་དང་། འཕྲུལ་སྒུལ་འཁོར་ལོའི་བདག་པོས་རླངས་འཁོར་གསར་བ་ཉོས་ནས་ཐོ་འགོད་བྱེད་པའི་སྐབས་སུ་སྔ་མའི་འཁོར་རྟགས་བེད་སྤྱོད་བྱ་ཆོག

དགུ བེད་མེད་འཕྲུལ་སྒུལ་འཁོར་ལོ་གཏུག་བཤེར་བྱས་ན་བྱ་དགའ་ཡོད། མང་ཚོགས་ལ་སྐུལ་སློང་བྱས་ནས་གཏུག་བཤེར་བྱ་དགའ་ལེན་པ་སྟེ། དོགས་ཡོད་བེད་མེད་འཕྲུལ་སྒུལ་འཁོར་ལོར་བརྟག་དཔྱད་ར་འཕྲོད་བྱུང་བའི་ཚད་གཞིར་ལོངས་ན་གཏུག་བཤེར་བྱེད་མཁན་ལ་སྒོར་ཉིས་བརྒྱའི་བྱ་དགའ་དང་། གཏུག་བཤེར་བྱས་ནས་བེད་མེད་འཕྲུལ་སྒུལ་འཁོར་ལོ་ལམ་དུ་སྐོར་བའི་གནས་ཚུལ་བརྟག་དཔྱད་ར་འཕྲོད་བྱུང་ཚེ། གཏུག་བཤེར་བྱེད་མཁན་ལ་སྒོར་ལྔ་བརྒྱའི་བྱ་དགའ་ཡོད།

གཅིག་སྒྲིལ་རྫོང་འགྲིམ་འགྲུལ་བདེ་སྲུང་ཁང་གིས་བསྒྲགས།