ཐེངས་འདིའི་སྐབས1293ལོན་པའི་ལེ་ཚན་འདི་ཚན་པ་གསུམ་དུ་བཀར་ཡོད་ལ། ཚན་པ་དང་པོ་སྣ་ཚོགས་གཏམ་གྱི་འཁོར་ལོའི་ནང་དུ་བོད་ཀྱི་ལོ་རྒྱུས་མི་སྣ་གྲགས་ཅན་སྡེ་སྲིད་སངས་རྒྱས་རྒྱ་མཚོ་ངོ་སྤྲོད་རག་བསྡུས་ཤིག་བྱས་ཡོད་ལ། གཞན་སློབ་གྲོགས་བུད་མེད་རྣམས་ཀྱི་བདེ་སྲུང་ཐད་ནས་ཁ་བརྡ་ཉུང་ཙམ་བྱས་ཡོད། ཚན་པ་གཉིས་པ་བློ་རིག་འགྲན་པའི་སྡིངས་ཀའི་ནང་དུ་ཉན་མཁན་གང་རུང་གི་ཁ་པར་ལེ་ཚན་ཐད་གཏོང་ཁང་ནང་དུ་སྣེ་ལེན་བྱས་ཏེ་དྲི་བར་ལན་ཐོབ་ཚད་ལྟར་དུ་རྟེན་འབྲེལ་གྱི་བྱ་དགའ་ཕུལ་ཡོད་པར་མ་ཟད། ཚན་པ་གསུམ་པ་ངག་འཕྲིན་རྩེད་འཇོའི་ནང་དུ་གླུ་དང་གླུ་དབྱངས་གང་རུང་ཞིག་བཀོད་སྒྲིག་བྱས་ཏེ་ཕན་ཚུན་ལ་འཚམས་འདྲིའི་ལེགས་སྐྱེས་སུ་བསྐུར་ཡོད།
རྩོམ་སྒྲིག་པ་དང་མདོ་འཛིན་པ ། འཆི་མེད་སྒྲོལ་མ།
རྩོམ་སྒྲིག་འགན་ཁུར་བ། དབྱངས་ཅན།
སྤྱི་ཁྱབ་ལྟ་སྐུལ་པ། རྣ་བྷ།
རྒྱ་ཆེའི་ཉན་མཁན་ཚོས་ང་ཚོ་སློབ་རའི་འགྱུར་ཁུགས་ལེ་ཚན་དུ་གསར་འགྱུར་སྐུར་ནQQ 1834307929ནང་དུ་སྐུར་རྒྱུ་དང་རེ་བ་དང་བསམ་འཆར་ཅི་ཡོད་ལེ་ཚན་འདིའི་མཇུག་གི་དཔྱད་གཏམ་སྤེལ་སར་འགོད་པར་དགའ་བསུ་ཞུ།
གཞུང་ལས་ཁང་།