དེ་རིང་གི་ལེ་ཚན་འདི་ཚན་པ་གཉིས་སུ་བཀར་ཡོད་པ་དང་། ཚན་པ་དང་པོ་སྣ་ཚོགས་གཏམ་གྱི་འཁོར་ལོའི་ཚན་པའི་ནང་དུ་༼སློབ་མའི་སེམས་ཁམས་བདེ་ཐང་ཐད་ལ་བཏོན་པའི་བསམ་ཚུལ་ཐོར་བུ༽ཞེས་པའི་བཅར་འདྲི་ཞིག་བཀོད་སྒྲིག་བྱས་ཡོད། སྐུད་ལམ་གྱི་གདན་ཞུའི་སྐུ་མགྲོན་ནི་ཁྲི་ཀ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭའི་སློབ་གཙོ་གཞོན་པ་རྒན་སྙིང་ལྕགས་རྒྱལ་དང་། མཚོ་སྔོན་དགེ་ཐོན་སློབ་ཆེན་ཁྲིམས་སྲིད་སློབ་གླིང་གི་སྤྱི་ཚོགས་རིག་པའི་ཆེད་ལས་སློབ་གཉེར་བྱེད་ཀྱིན་པའི་སློབ་མ་དཔལ་གྲགས། དེ་མིན་མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་ཞིབ་འཇུག་སློབ་མ་འབྲུག་ཐར་རྒྱལ་བཅས་ཡིན། གཞན་ངག་འཕྲིན་རྩེད་འཇོ་བཅས་བཀོད་སྒྲིག་བྱས་ཡོད།
ཚེ་སྲོག རྙེད་དཀའ་བརྒྱ་ལམ་ཙམ་ནས་ལན་གཅིག་རྙེད་པའི་རིན་བྲལ་གྱི་ནོར་བུ།
མདོ་འཛིན་པ། བཀྲ་ཤིས་རྒྱ་མཚོ།
རྩོམ་སྒྲིག་པ། བཀྲ་ཤིས་རྒྱ